གློག་བརྙན་གྱི་རྣམ་གྲངས་དང་རིམ་པ་དབྱེ་ཕྱོགས།

དང་པོ། གློག་བརྙན་རྣམ་གྲངས་དབྱེ་སྟངས།
       དེ་ཡང་སྤྱིར་གློག་བརྙན་ནི་མིའི་རིགས་འཚོ་བའི་ཁྲོད་ཀྱི་དོན་དངོས་དང་ལྐོག་གྱུར་ཅི་རུང་མཚོན་པའི་རིག་ཚན་ཞིག་ཏུ་གྱུར་ཡོད་པས། དེའི་ནང་དོན་ནི་ཧ་ཅང་རྒྱ་ཆེ་བ་ཞིག་རེད། འོན་ཏེ་གློག་བརྙན་ལ་ཡང་རང་གི་བརྒྱུད་སྤྲོད་ལག་རྩལ་ལ་བསྟུན་པའི་ཁྱད་ཆོས་ཤིག་ཡོད་ཅིང་། གློག་བརྙན་གྱི་ནང་དོན་དང་ལག་རྩལ་སོགས་ལ་གཞིགས་པའི་རྣམ་གྲངས་དབྱེ་སྟངས་དེ་ཆེས་གཅིག་གྱུར་ལྡན་པར་གྱུར་ཟིན། གཤམ་འོག་ལ་ངས་གྲགས་པ་ཆེ་བའི་གློག་བརྙན་དྲྭ་བ་ཁག་གི་དབྱེ་སྟངས་ལ་གཞིགས་ནས་གསལ་བཤད་ཞིག་ཞུ་གི་ཡིན།

གཤམ་གྱི་པར་རིས་དེ་ནི་IMDBདྲ་བའི་ནང་གི་གློག་བརྙན་རྣམ་གྲངས་དབྱེ་སྟངས་ཁག་ཡིན།(དོན་དངོས་ཐོག་འདི་ལ་བརྙན་འཕྲིན་ཡང་ཚུད་ཡོད།)
20111172319113189.jpg
 

གཤམ་ནི་རྒྱ་ཡིག་དྲྭ་ཚིགས་豆瓣ནང་གི་གློག་བརྙན་རྣམ་གྲངས་དབྱེ་སྟངས་རེད།


20111172319113189.jpg
 

གཤམ་ནི་རྒྱ་ཡིག་དྲྭ་ཚིགས་时光网ཞེས་པའི་གློག་བརྙན་རྣམ་གྲངས་དབྱེ་སྟངས་སོ། །
2011117232012894.jpg
གོང་གི་རིགས་དབྱེ་སྟངས་གསུམ་ནི་དྲྭ་ཚིགས་སོ་སོའི་དགོས་མཁོ་ལྟར་དབྱེ་བ་ཞིག་རེད། གཤམ་འོག་ནི་Filmsiteཞེས་པའི་དྲྭ་བ་དེས་བསྟན་པའི་ཞིབ་ཚགས་པའི་དབྱེ་སྟངས་རེད།
20111172320245223.jpg


གོང་གི་Filmsiteཞེས་པའི་དྲྭ་ཚིགས་ཀྱི་ངོ་སྤྲོད་ནི་ཤེས་བྱའི་རང་བཞིན་ཡིན་པས། ང་ཚོས་འདི་གཙོ་བོར་བཟུང་ཐོག་དྲྭ་ཚིགས་གཞན་པ་དག་ལ་ཡང་དཔྱད་གཞིར་བཟུང་ནས། ང་ཚོ་རང་ཉིད་ཀྱི་རྣམ་གྲངས་དབྱེ་སྟངས་ཤིག་གསར་བཟོ་བྱེད་དགོས། དེ་ལས་གཙོ་ཆེ་ཤོས་ནི་རྣམ་གྲངས་ཁག་གི་བོད་མིང་རྣམས་གཏན་འཁེལ་བྱེད་རྒྱུ་དེ་ཡིན། གཤམ་དུ་ངས་གོང་གི་རྣམ་གྲངས་ཁག་བོད་ཡིག་ལ་བསྒྱུར་ཐབས་བྱེད་ཀྱི་ཡིན། འོན་ཏེ་དེའི་ཐད་ང་ཚོས་གཅིག་གྱུར་བྱ་དགོས། (གཤམ་འོག་རྣམ་གྲངས་ཁག་ལས། དམར་པོ་རྣམས་ནི་དབྱེ་ཐབས་གཙོ་བོ་དང་། ལྗང་པོ་ནི་ཞོར་གྱི་དབྱེ་ཐབས། སྔོན་པོ་ནི་གཞན་པའི་དབྱེ་སྟངས་བཅས་ཡིན་པ་གོང་གི་རེའུ་མིག་བཞིན་དུ་བསྒྲིགས་ཡོད།)

Action 动作དྲག་རྩེད། པེར་ན་007གློག་བརྙན་ཁག

Adventure 冒险ཉེན་མཆོངས། དཔེར་ན་Raider of the Lost Ark, Star Wars, Apollo13, Gladiator, Brave Heart

Comedy 喜剧 སྤྲོ་གར་རམ་དགོད་བྲོའི་གློག་བརྙན། དཔེར་ན་Charles Chaplinགྱི་གློག་བརྙན་ཁག

Crime犯罪-黑帮 ཁྲིམས་འགལ་དང་ནག་ཚོགས།The Godfather, Raging Bull, The Shawshank Redemption

Drama 剧情 གཏམ་རྒྱུད། དཔེར་ན། The Reader, Titanic, Life is Beautiful, American Beauty

History & Epics 历史-史诗ལོ་རྒྱུས་དང་སྒྲུང་རབས། The Lord of the Rings, Troy, Kundun, Schindler’s List

Horror恐怖 འཇིགས་རུང་། Saw, Van Helsing, Sleepy Hollow, Se7en, The Wolf Man

Musical音乐剧གླུ་གར། The Wizard of Oz, High School Musical, Beauty and the Beast, Dancer in the Dark

Sci-Fi 科幻ཚན་འཕྲུལ། Men in Black, Star Wars, The Matrix, X-men, Independence Day

War 战争དམག་འཁྲུག Lawrence of Arabia, Pearl Harbor, Brave Heart, The Hurt Locker

Westerns西部 ནུབ་ཁུལ། Once Upon a Time in the West, No Country for Old Men,

Biography 传记རྣམ་ཐར།

Mystery & Detective 悬疑-侦探ཡ་མཚར་དང་མྱུལ་ཞིབ།

Fantasy 魔幻རྫུ་འཕྲུལ།

Melodrams, Women’s of “Weeper” 感人?སེམས་འགུལ་་་་

Supernatural Films 超自然 ལྐོག་གྱུར་་་

Film-Noir黑色电影 གློག་བརྙན་ནག་པོ།

Disaster Films 灾难གོད་ཆག་གློག་བརྙན།

Road Films 公路གཞུང་ལམ་གློག་བརྙན།

Romance 爱情བརྩེ་དུང་།

Sports运动ལུས་རྩལ།

Animation 动画འགུལ་རིས།

Documentary 纪录片དངོས་ཞུས་གློག་བརྙན།

Family-Children家庭-孩子ཁྱིམ་ཚང་།

Thriller-Suspense惊悚 སྐྱི་བུང་། སྤུ་ཟིང་།

Classic Films 经典གྲགས་ཅན་གློག་བརྙན་་་

Cult Films

励志 ཡར་སྐུལ།

Serial Films 系列片མུ་འབྲེལ་གློག་བརྙན།

Sexual-Erotic情色 ཆགས་སྲེད།

Silent无声 སྐད་མེད་གློག་བརྙན།

(གོང་གི་རྣམ་གྲངས་དག་གི་མིང་བསྒྱུར་སྟངས་ཐད་ལ་བསྒྱུར་བཅོས་སོགས་བྱེད་རྒྱུ་ཡོད་ན་དམིགས་བསལ་གྱི་རྟགས་དང་གསལ་བཤད་བྱེད་རོགས།)

གོང་སྨོས་ཀྱི་རིགས་དབྱེ་སྟངས་དེ་ནི་དཔེ་མཚོན་ཙམ་ཡིན། ཞིབ་ཚགས་པར་དབྱེ་ན་དེ་ལས་མང་བ་ཡོད། ང་ཚོས་གོང་གི་རིགས་དབྱེ་སྟངས་ལས་ཁག་ཅིག་བདམས་ན་འགྲིག གཞན་ཡང་། དོན་དངོས་ཐོག་གོང་གི་རིགས་དབྱེ་སྟངས་ཁག་ནི་ཕན་ཚུན་འདྲེས་ནས་ཐོན་སྲིད་པ་སྟེ། གློག་བརྙན་མང་ཆེ་བ་ནི་གོང་སྨོས་ལས་རྣམ་གྲངས་གཅིག་ལས་མང་བར་ཁྱབ་ཡོད། དེར་བརྟེན་དབྱེ་བ་གསལ་པོ་ནི་ཕྱེ་ཁག་པོ་ཞིག་རེད།

ཞོར་གཏོགས་གློག་བརྙན་བསྒྱུར་བྱ་བདམས་པའི་ཐད་ཀྱི་བསམ་འཆར།

ངས་འདིར་གློག་བརྙན་རིགས་དབྱེ་སྟངས་ལ་བསམ་གཞིགས་བྱེད་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། ང་ཚོས་བསྒྱུར་བྱ་བདམས་པའི་ཐབས་ལམ་ཞིག་འཚོལ་བའི་ཆེད་དུ་ཡིན། དེར་བརྟེན་གཤམ་ལ་མུ་མཐུད་དེའི་ཐད་འགྲེལ་བཤད་ཞུ་རྒྱུ་ཡིན།

ང་ཚོས་བོད་ཡིག་བརྙན་ཡིག་ཐད་ཀྱི་ལས་ཀ་གསར་པ་ཞིག་མགོ་འཛུགས་ཀྱི་ཡོད་པས། སྔོན་མ་མི་ཚོས་གང་བྱས་ལ་དཔེ་ལྟ་བའི་ཆ་རྐྱེན་མེད། དེར་བརྟེན་ཡང་སྙིང་གློག་བརྙན་གང་འདྲ་བསྒྱུར་ན་འཚམ་པའི་སྐོར་ལ་ང་ཚོ་སོ་སོས་ལམ་ཞིག་འཚོལ་དགོས། འདས་པའི་ལོ་གཅིག་ལྷག་རིང་ང་ཚོས་གློག་བརྙན་བདུན་བརྒྱད་ཅིག་བསྒྱུར་ཡོད་པ་དག་ནི་མ་གཞི་སྐད་གྲགས་ཆེ་བ་ཤ་སྟག་ཡིན་ཀྱང་། གཅིག་ནས་ང་ཚོའི་ལོ་ཙཱ་བ་ཉུང་བ་དང་། གཉིས་ནས་ང་ཚོར་གློག་བརྙན་བསྒྱུར་བྱ་བདམས་པའི་འགྲོ་ལུགས་གཅིག་གྱུར་ཞིག་མེད་པས། མཐར་རང་གི་འདོད་པ་བཞིན་བདམས་ནས་བསྒྱུར་བ་རེད།

ངའི་བསམ་པར་ཕྱིན་ཆད་ང་ཚོས་གློག་བརྙན་བསྒྱུར་དུས་ཀྱང་སྔོན་མ་བཞིན་རང་གི་དགའ་ཁ་འཁྱེར་སོ་དང་བསྟུན་ནས་བདམས་རྒྱུ་རེད། འོན་ཏེ་ང་ཚོ་ནི་ཚོགས་པ་ཞིག་ཡིན་པ་དང་། ང་ཚོའི་ལས་ཀ་འདིར་གྲུབ་འབྲས་གང་མང་དང་གང་ལེགས་ཐོན་པ་དགོས་པས། ངེས་པར་དུ་ལོ་ཙཱ་སོ་སོའི་དགའ་སྣང་གི་རྨང་གཞིའི་ཐོག་དེ་དང་རིགས་འདྲ་བའི་གློག་བརྙན་གང་མང་བསྒྱུར་ཐུབ་པའི་བརྩོན་ལེན་བྱེད་དགོས།

དེ་ཡང་གློག་བརྙན་གྲངས་ལས་འདས་པ་བསྒྱུར་རྒྱུ་ཡོད། འོན་ཏེ་གློག་བརྙན་དེ་རྣམས་ཀྱི་ནང་དོན་ཐད་ལ་ཡང་ཁྱད་པར་སྣ་ཚོགས་ཡོད་པས། ལོ་ཙཱ་བ་སུ་ཞིག་གིས་ཀྱང་རྣམ་གྲངས་ཡོད་ཚད་བསྒྱུར་མི་ཐུབ། དེར་བརྟེན་ངའི་བསམ་པར་སྔོན་ལ་གློག་བརྙན་གྱི་རིགས་དབྱེ་བ་དང་། དེ་རྗེས་ལོ་ཙཱ་བ་ཚོས་རང་གིས་བློ་ལ་འགྲོ་ཞིང་བསྒྱུར་ན་ལས་སླ་བའི་རིགས་ཤིག་བདམས་རྗེས། ང་ཚོས་གཅིག་བསྒྱུར་གྱིས་རིགས་སོ་སོའི་ནང་བསྒྱུར་འོས་པའི་གློག་བརྙན་མི་ཉུང་ཞིག་བསྡུ་རུབ་བྱས་ཏེ། ཕྱིས་སུ་རིགས་གཅིག་པའི་གློག་བརྙན་རྣམས། དེར་དགའ་བའི་ལོ་ཙཱ་བ་སོ་སོས་རང་མོས་བཞིན་བསྒྱུར་ན་འགྲིག

དེ་འདྲ་བྱས་ན། ལོ་ཙཱ་བ་རྣམས་ཆེད་མངག་གློག་བརྙན་རིགས་ཤིག་བསྒྱུར་མཁན་ལ་འགྱུར་བས། ཆེད་ལས་རང་བཞིན་ལྡན་པ་དང་། རང་གི་ལས་ཀ་དམིགས་བསལ་ཡིན་པས་དེའི་ཐོག་འབད་བརྩོན་བྱེད་པའི་དགའ་སྣང་ཞིག་སྐྱེས་སྲིད་ལ། དེ་བས་ལོ་ཙཱ་བ་ཕན་ཚུན་དབར་ལ་ཡང་འགྲན་རྩོད་ཞིག་ཀྱང་ཡོང་སྲིད། མདོར་ན་ཐབས་ཤེས་དེའི་ཐོག་ནས་ང་ཚོའི་ལས་ཀའི་ལས་ཆོད་མཐོར་འདེགས་གཏོང་ཐུབ་པའི་རེ་བ་ཡོད་སྙམ།

གོང་དུ་ངས་རྣམ་གྲངས་ཁ་ཤས་ཀྱི་མཐར་རྟགས་སེར་པོ་བརྒྱབ་ཡོད། དེ་རྣམས་ནི་ང་རང་གི་བསམ་པར་གནས་སྐབས་ང་ཚོར་མཁོ་བའི་རྣམ་གྲངས་ཁག་ཡིན་ཞིང་། ལོ་ཙཱ་སོ་སོས་གོང་གི་རྣམ་གྲངས་དག་ལས་རིགས་ཤིག་བདམས་ཏེ། ཕྱིན་ཆད་དེའི་ཁོངས་སུ་ཚུད་པའི་གློག་བརྙན་རྣམས་གཙོ་བོར་བྱས་ཏེ་བསྒྱུར་ན་ལེགས། མ་གཞི་ངས་རྣམ་གྲངས་དབྱེ་སྟངས་གསུམ་པོ་མཉམ་དུ་རྟགས་བརྒྱབ་ཡོད་ཀྱང་། གཙོ་བོ་ཁག་དང་པོ་ནས་བདམས་རྒྱུ་རེད། རྒྱུ་མཚན་ནི་ཁག་གཉིས་པ་དེ་ཁག་དང་པོའི་ནང་ཚུད་སྲིད་པ་དང་། ཁག་གསུམ་པ་དེ་ཁྱབ་ཁོངས་ཆེ་དྲགས་ཡོད།

 

གཉིས་པ། གློག་བརྙན་གྱི་རིམ་པ་དབྱེ་སྟངས་སྐོར།

ང་ཚོས་ཤེས་གསལ་ལ་ཨ་རི་སོགས་པའི་རྒྱལ་ཁབ་མང་པོ་ཞིག་ལ་གློག་བརྙན་རིམ་པ་དབྱེ་བའི་ལམ་ལུགས་ཤིག་ཡོད། དེ་ནི་སྲིད་གཞུང་ངམ་སྤྱི་ཚོགས་ཚོགས་པ་གང་རུང་གིས་མི་ཚོའི་བསམ་སྤྱོད་ལ་ཕན་པའི་ཆེད་དུ་བཟོས་པ་ཞིག་རེད།

དེ་ཡང་གོང་སྨོས་བཞིན། གློག་བརྙན་གྱི་ནང་དོན་ནི་ཧ་ཅང་རྒྱ་ཆེ་བ་དང་། ཕྱོགས་ཡོངས་ནས་བལྟས་ན། གློག་བརྙན་ནི་དེབ་དང་བསྡུར་ན། ཀུན་སྤྱོད་ལས་འགལ་བའི་ནང་དོན་ཐོན་མང་བ་དང་། གློག་བརྙན་ཁག་ཅིག་ནི་མིའི་རིགས་ཀྱི་རྩ་བའི་ཀུན་སྤྱོད་ལས་ཀྱང་འགལ་ཡོད། དེར་བརྟེན་བསམ་གཞིགས་ཐུབ་པའི་མི་རྒན་ཚོ་ལ་སྐྱོན་མེད་སྲིད་ཀྱང་། ལོ་ཆུང་གི་བྱིས་པ་རྣམས་ལ་སྐྱོན་ཆེན་པོ་ཕོག་ངེས། གཤམ་འོག་གི་པར་རིས་དེ་ནས་ཀྱང་གསལ་བཤད་ཐུབ་སྟེ།

20111172322449823.jpg

གློག་བརྙན་རིམ་པ་དབྱེ་བའི་ཚད་གཞི་གཙོ་བོ་ནི་ལོ་གྲངས་ཡིན། ང་ཚོས་ཀྱང་དེ་དང་འདྲ་བའི་རིམ་པ་དབྱེ་སྟངས་ཤིག་བཟོས་ན་འགྲིག འོན་ཏེ་ང་ཚོས་དམིགས་བསལ་བསམ་གཞིགས་བྱེད་དགོས་པ་ཞིག་ནི། ང་ཚོ་བོད་མི་རིགས་ནི་རང་གི་སྲོལ་རྒྱུན་ལེགས་པོ་དང་ལྡན་པ་ཞིག་ཡིན་པས། ཕ་མ་སྤུན་མཆེད་དབར་དང་ཆོས་དང་དགོན་སྡེ་སོགས་པའི་ཐད་ལ་དམིགས་བསལ་གྱི་ཀུན་སྤྱོད་སྲུང་བརྩི་ཞུ་དགོས། དེར་བརྟེན་གཤམ་འོག་ཏུ་ངས་གོང་གི་གནད་དོན་དག་ལ་བསམ་གཞིགས་བྱས་པའི་རྨང་གཞིའི་ཐོག ང་ཚོ་རང་གི་གློག་བརྙན་རིམ་པ་དབྱེ་སྟངས་ཤིག་ཚོད་བཟོ་བྱེད་ཀྱི་ཡིན།

 ༡ཚང་མར་འཚམ་པ། ཚད་གཞི་ནི་གློག་བརྙན་དེའི་ནང་དོན་ནི་མི་ཆོས་དང་མཐུན་ལ། བྱིས་པར་མི་འཚམ་པའི་པར་རིས་དང་གཏམ་སྤྱོད་སོགས་མེད་པ། ལུས་སེམས་ཐང་པོ་མེད་པའི་མི་ལ་གནོད་མི་སྲིད་པ། དེ་བཞིན་དགེ་འདུན་གྱི་ཚུལ་ཁྲིམས་ལ་མི་གནོད་པ་སོགས་ཡིན་དགོས། འདི་ནི་ཚད་གཞི་མཐོན་པོ་ཞིག་རེད། འོན་ཏེ་ང་ཚོས་གཙོ་བོ་གློག་བརྙན་དེའི་རིགས་གང་མང་བསྒྱུར་དགོས། བྱིས་པའི་གློག་བརྙན་དག་ཀྱང་འདིའི་ཁོངས་སུ་གཏོགས།

༢བྱིས་པར་མི་འཚམ་པ། ཚད་གཞི་ནི་གློག་བརྙན་དེའི་ནང་ཁྲག་དང་རྨ་ཁ་ཐོན་པའི་པར་རིས་དང་། ལུས་གཅེར་བུར་ཐོན་པའི་པར་རིས། དེ་བཞིན་སྐད་ཆ་བཙོག་པ་མང་བ་དང་། བསམ་བློ་ངན་པོ་དང་མ་རབས་གཏམ་སྤྱོད་མང་བ་སོགས་ཡོད་ཚེ། ང་ཚོས་ཚོར་སྣང་ལ་གཞིགས་ཏེ་གཏན་འཁེལ་བྱེད་དགོས།

༣མི་རྒན་ཁོ་ནར་འཚམ་པ། འདི་ནི་བྱིས་པར་མི་འཚམ་པ་དང་། དགོན་པར་མི་འཚམ་པ་སོགས་པ་དེ་ཚོ་ཡིན། འོན་ཏེ་གནས་སྐབས་དེའི་རིགས་མ་བསྒྱུར་བའམ་ཉུང་ཙམ་བསྒྱུར་ན་དགའ་སྙམ།

༤གྲྭ་པར་མི་འཚམ་པ།
གཙོ་བོ་གྲྭ་པའི་ཚུལ་ཁྲིམས་དང་མི་མཐུན་པའི་ནང་དོན་ཡོད་པའི་གློག་བརྙན་དེ་ཚོ་ཡིན། ངའི་བསམ་པར་ཕོ་མོའི་འབྲེལ་བ་སོགས་པའི་འཇིག་རྟེན་པའི་དོན་ཁག་ཅིག་ནི་ཐ་ན་པར་རིས་ལ་བལྟས་ན་ཡང་དགེ་ཚུལ་ལ་གནོད་སྲིད་པས། ང་ཚོས་དེང་སྐབས་ཀྱི་བསམ་བློ་མ་ཁྱེར་བར། ང་ཚོའི་ཆོས་ཁྲིམས་སྲུང་བའི་དམིགས་ཡུལ་བཟུང་ནས། དེའི་ཐད་དོ་སྣང་ལེགས་པོ་བྱེད་དགོས།

༥སེམས་ཁམས་མི་བདེ་བར་མི་འཚམ།
འདི་ནི་ཤིན་ཏུ་འཇིགས་སྣང་ཆེ་བའི་པར་རིས་དང་། སྙིང་གི་ན་ཚ་ཡོད་པའི་མི་སོགས་ལ་ཉེན་ཁ་ཆེ་བའི་ནང་དོན་ཡོད་པའི་གློག་བརྙན་དག་ལ་གོ་དགོས། འོན་ཏེ་ངས་བལྟས་ན་གནས་སྐབས་ང་ཚོས་གློག་བརྙན་དེ་རིགས་བསྒྱུར་མི་སྲིད།

གནས་སྐབས་དེ་ཙམ་ཡིན་ཏེ། དེ་ལས་བརྒལ་བའི་གློག་བརྙན་ང་ཚོས་བསྒྱུར་ན་ཡང་འགྲིག་གི་མེད། གོང་གི་རིགས་དབྱེ་སྟངས་ཁག་ཞིབ་ཏུ་གཏན་འཁེལ་བྱེད་སྐབས། ཨ་རི་སོགས་པའི་ད་ཡོད་ཀྱི་རིམ་པ་དབྱེ་ཚུལ་ལ་དཔྱད་གཞི་བྱས་ན་འགྲིག་སྟེ། གོང་གི་པར་རིས་ནང་བསྟན་པ་བཞིན། རྒྱལ་ཁབ་དེ་དག་གིས་འཚར་ལོངས་བྱེད་བཞིན་པའི་ན་ཆུང་ཚོར་བསམ་གཞིགས་མང་པོ་བྱེད་ཀྱི་འདུག མ་གཞི་དོན་དངོས་ཐོག་དེས་ནུས་པ་ཐོན་མིན་བཤད་ཁག་ཀྱང་། ང་ཚོའི་ལས་ཀར་གཞི་རྩའི་བསམ་གཞིགས་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ངས་བལྟས་ན་ལས་ཀ་དེ་རིགས་ལ་སྣང་ཆུང་གཏན་ནས་བྱེད་མི་ཉན།

    མདོར་ན་གོང་གི་ནང་དོན་དག་ནི་ང་རང་གིས་བསམ་བློ་ཞིབ་ཕྲ་བཏང་རྗེས་བྲིས་པ་ཞིག་ཡིན། འོན་ཏེ་ཕྱོགས་གང་སྤྱིའི་ཐད་མི་འདང་བ་མང་པོ་ཡོད་སྲིད་པ་གཏན་འཁེལ་བས། དྲྭ་འབུ་ལྷན་རྒྱས་དང་ལོ་ཙཱ་བ་རྣམས་ཀྱིས་སོ་སོའི་བསམ་ཚུལ་བརྗོད་རོགས།
 

དཔྱད་མཆན་ཡོད།