2017ལོའི་སྒྱུ་རྩལ་གློག་བརྙན་ཡག་ཤོས་དགུ • སྟོད་ཆ།

       བགྲང་བྱ་གཅིག་གི་རྫོགས་ཚིག་བཀོད་ཅིང་།  དཔྱིད་ཀྱི་ལྗང་གཞོན་གསར་དུ་འབུས་བའི་དུས་འདིར། ཚོང་ལས་གློག་བརྙན་ཁ་ཅིག་གིས་མགོ་འཕངས་བསྟད་དེ་ཡོང་འབབ་ངོམ་བཞིན་མཆིས་མོད། སྒེར་ཚུགས་ལམ་ལུགས་ཀྱི་གློག་བརྙན་དང་སྒྱུ་རྩལ་གློག་བརྙན་གྱི་ནང་སེམས་སྒུལ་བའི་ནུས་པ་ནི་ཚོང་ལས་གློག་བརྙན་ལས་ཁྱད་པར་འཕགས། ཐོག་མར་ངེད་དྲ་བས2017ལོར་སྟོན་འཆར་ཡོད་པའི་སྒྱུ་རྩལ་གློག་བརྙན9རྒྱ་ཆེའི་བརྙན་ཞེན་པ་དག་ལ་ངོ་སྤྲོད་བྱ་སྟེ། དེའི་ཁྲོད་ནས་མང་ཆེ་བ་ནི་འཁྲབ་ཁྲིད་པ་གྲགས་ཅན་འགའི་བརྩམས་ཆོས་གསར་བ་ཡིན་ནོ། །

      དང་བོ། འོ་མ་སྐྱེལ་བའི་ལམ་བར། ( 送奶路上млијечномпуту )blob.png      འཁྲབ་ཁྲིད་པ་ཨེ་མེར་ཁུ་སི་ཐུར་ཁཱ་ཡིས(埃米尔•库斯图里卡) ལོ་ངོ་བཅུའི་རིང་ལ་འཁྲབ་ཁྲིད་དང་འཁྲབ་སྟོན་ཅིག་ཅར་མཛད་པའི་བརྩམས་ཆོས«འོ་མ་སྐྱེལ་བའི་ལམ་བར» གྱིས2016ལོར་ཝེ་ཉི་སི་གློག་བརྙན་འགྲེམ་སྟོན་དུ་གསེར་གྱི་སེང་ཕྲུག་རྟགས་མ་འཐོབ་པར་མ་ཟད། གསེར་རྟའི་གློག་བརྙན་བཤམས་སྟོན་དུ་ལྟད་མོ་བའི་སྤྱན་སྔར་བཀྲམས།ཡོ་རོབ་གླིང་ཤར་མའི་ཚབ་མཚོན་དུ་གྱུར་བའི་འཁྲབ་ཁྲིད་པ་འདིས། དམག་འཁྲུག་རྒྱུན་མི་ཆད་པའི་ཡོ་རོབ་གླིང་གི་ས་མཚམས་གཞིར་བྱས་ཏེ། རབ་རྟོག་དང་དངོས་བྲིས་ཟུང་འབྲེལ་གྱི་འབྲི་ཐབས་སྤྱད་དེ་སུན་འབྱིན་གྱི་རོལ་མོ་དཀྲོལ་ཡོད། འདི་ནི་འོ་མ་སྐྱེལ་མཁན་སྐྱེས་པ་ཞིག་གིས་མདེའུ་ཆར་གྱི་ཀློང་ནས་འོ་མ་སྐྱེལ་འདྲེན་དང་གྲོང་གསེབ་ཀྱི་སྲོག་ཆགས་ལ་འཚོ་བ་ཉམས་རོལ་བྱེད་པ། དེ་མིན་འཇིག་རྟེན་ཁྱོན་དུ་འགྲན་ཟླ་བྲལ་བའི་མཛེས་མ་ཞིག་དང་བརྩེ་དུངས་ཀྱི་མེ་ཏོག་འཐོར་བའི་གཏམ་རྒྱུད་བརྗོད་ཅིང་། གཡུལ་འཁྲུག་གི་མེ་ལྕེའི་གསེང་ན་དྲག་ཏུ་མཆོངས་པའི་བརྩེ་དུང་རྣལ་མ་ཞིག་གིས་འཇིག་རྟེན་གྱི་ཆག་འཇིག་ལ་ངོ་རྒོལ་བྱེད་པ་བསྟན་ཡོད།    

     གཉིས་པ། ཕཱ་ཐེར་སོན།(帕特森  Paterson)

blob.png

     «དུས་རབས» དུས་དེབ་དུ2016ལོའི་གློག་བརྙན་ཡག་ཤོས་བཅུ་ཡི་ཁྲོད་ཨང་གཉིས་པ་ཟིན་ཞིང་། ཨ་རིའི་སྒེར་ཚུགས་ལམ་ལུགས་གློག་བརྙན་གྱི་སློབ་དཔོན་ལྗམ་སོན(贾木许)གྱི་སྙན་ངག་གི་གཤིས་དང་ལྡན་པའི་བརྩམས་ཆོས་ཤིག་ཡིན་པར་མ་ཟད། ཡ་ཏང་ཚུས་སིའི(亚当•崔斯)འཁྲབ་རྩལ་གྱི་མཐོ་རླབས་གསར་བ་ཞིག་ཀྱང་ཡིན། རང་ཉིད་ཀྱི་ཆུང་མར་བརྩེ་བ་ཟབ་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཕ་ཐེར་སོན་གྱིས་ཉིན་རེ་བཞིན་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་གྲོང་ཁྱེར་སྣ་ཚོགས་འཕྲེད་ཀྱིས་བཅད་ཡོད། འཚོ་བ་ལ་རེ་ལྟོས་ཀྱིས་ཕྱུག་པའི་ཁོ་ནི་ལས་ཀ་ལ་སུན་སྣང་མེད་པར་མ་ཟད། དེ་ལས་ལྡོག་སྟེ་འཚོ་བའི་ཟ་ཟུར་གྱི་སྤྲོ་སྐྱིད་ལ་རོལ་བ་དང་། མཐོང་ལམ་གྱི་མཛེས་ལྗོངས་དང་མཛེས་སྡུག་གི་བྱ་དངོས་ལས་གསར་རྩོམ་བྱས་ཤིང་ཡིད་སེམས་སྒུལ་བའི་སྙན་ཚིག་རེ་རེ་ཆུང་མ་དང་མཉམ་དུ་རོལ་མྱོང་བྱས་འོངས། དེའང་ཨ་རིའི་ས་ཆ་སོ་སོ་ནས་བྲིས་པའི་མཛེས་སྡུག་གི་བརྩེ་འཕྲིན་རེ་རེ་དང་གཉིས་སུ་མེད།

     གསུམ་པ། རྒྱལ་བོའི་གདམ་ཀ(国王的抉择  KongensNei )

blob.png

     2016ལོའི་ནོར་ཝེལ་གྱི་གློག་བརྙན་རྩེ་གྲས་ཤིག་ཡིན་ཞིང་IMDBནས8.0ཀྱི་སྐར་གྲངས་མཐོན་པོ་བླངས་མྱོང་བར་མ་ཟད། ཨོ་སི་ཁཱའི་ཕྱི་སྐད་གློག་བརྙན་ཕུལ་བྱུང་ཅན་དགུའི་ནང་རོལ་དུ་ཚུད་མྱོང་། འཁྲབ་ཁྲིད་པ་ཨེ་རིས་ཁི་ཕུ(埃里克•普)ཡི་མཛུབ་འཁྲིད་འོག འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ནོར་ཝེལ་གྱི་གཡུལ་སའི་ལོ་རྒྱུས་དངོས་བྲིས་བསྒྱུར་བཟོ་བྱས་པ་ཞིག་ཡིན།  1940ལོར།ནོར་ཝེའི་རྒྱལ་བོ་ཧ་ཁང་གདུང་རབས་བདུན་པ་ལ་འཇར་མན་གྱིས་ཆེས་མཐའ་མཇུག་གི་ཉེན་བརྡ་བཏང་།ཧ་ཁང་གི་རྒྱལ་སྲས་ཨོ་ར་ཧི་ཡིས་དང་ཐོག་དགྲ་དམག་ལ་དམར་འཛིང་བྱ་རྩིས་ཡོད་ཀྱང་། འགྲན་ཟླ་བྲལ་བའི་འཇར་དམག་ཉེ་བར་གཅར་བ་དང་བསྟུན། ཁོང་གིས་ཀྱང་མངའ་འབངས་ཁྲི་མ་འབུམ་གྱི་ཤི་གསོན་ལ་འགན་ཁུར་དགོས་པས། ཆེས་མཇུག་མཐའི་གདམ་ཀ་མཛད་པ་རེད།

     བཞི་བ།རྡོའི་ན་ཟུག(石之痛  Mal de pierre)

blob.png     འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ།འཁྲབ་གཞུང་རྩོམ་མཁན་ཅ་ཞིས་ཁ་ཉི་ཁི(贾西卡•妮可)ནི། སྔོན་ཆད་ཁེ་ས་རྟགས་མ་དང་ཅ་ན་འགྲན་རྩོད་ལ་ཐེངས་མང་འདེམས་ཐོན་བྱུང་མྱོང་ཡོད། ཐེངས་འདིར་གློག་བརྙན་གྱི་རྒྱལ་མོ་མ་ལི་ཨང་ཀེ་ཏི་ཡ(玛丽昂•歌迪亚)དང་ལྷན་དུ«རྡོའི་ན་ཟུག» ཅེས་པའི་བརྩམས་ཆོས་གསར་བ་ཞིག་མཛད་ཡོད། གཏམ་རྒྱུད་འདི་ནི་འདི་དང་མིང་འདྲ་བའི་ཧྥ་རན་སིའི་སྒྲུང་གཏམ་བྲིན་པོ་ཞིག་ལས་བཟོ་བཅོས་བྱས་པ་ཡིན་ཞིང་། མི་གསུམ་བཪ་གྱི་རྙོག་འཛིང་གི་བརྩེ་དུངས་བརྗོད་པ་བརྒྱུད། འཁྲུག་ཆེན་གཉིས་པའི་སྐབས་ཀྱི་བུད་མེད་ཚོས་བརྩེ་དུངས་རང་དབང་ལ་རེ་སྙེག་གི་སེམས་འདུན་མཚོན་པཪ་བྱས་ཡོད། ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་གསེབ་ནས་ཡོང་བའི་གཞོན་ནུ་མ་ཅ་པུ་ལེར་བརྩེ་བ་ཆགས་མྱོང་མེད་པའི་སི་ཕེན་གྱི་ཞིང་བ་ཞིག་ཏུ་གནས་ལ་བརྫངས་རྗེས། གཟེབ་ནང་གི་བྱེའུ་བཞིན་ཪང་དབང་ལ་རེ། ཉིན་ཞིག་ལ་ཁོ་མོས་ཨན་ཏི་རེན་ཟེར་བའི་དམག་མི་རྨས་མ་ཞིག་ངོ་ཤེས་ཤིང་། ཡང་བསྐྱཪ་ཚེ་སྲོག་ལ་བརྩེ་དུང་གི་མེ་ལྕེ་བསྒྲོན་ཏེ། སྤྱི་ཚོགས་ཀྱི་གོམས་སྲོལ་ལ་རྒྱབ་འགལ་བྱས་ནས་ཡུལ་གཞན་དུ་འབྲོ་རྒྱུ་ཐག་གིས་བཅད།འགྱུར་མེད་བརྩེ་བའི་སྟོབས་ཀྱིས་སྲོལ་རྒྱུན་གུས་ལུགས་ཀྱི་འཆིང་རྒྱ་བཀྲོལ་བ་སྟོན་ཡོད།

      ལྔ་བ།ནོར་འཛོལ་བྱུང་བའི་ཉོ་ཚོང་།(走火交易  Free Fire)

blob.png

     པོན་ཝེ་ཐི་རེན་ནི། (本•维特利)དབྱིན་ཇིའི་རྟོགས་འཆཪ་གྱི་གསཪ་གཏོད་ལ་མཁས་པའི་འཁྲབ་ཁྲིད་པ་ཞིག་ཡིན། དེ་སྔོན་གྱི་མཁའ་སྙེག་ཐོག་ཁང་གི་བསྟན་དོན་ནི་མཚན་ཉིད་རིག་པཪ་ཕེ་ཤ་བྱས་པའི་དོན་བརྗོད་ཅིག་ཡིན་ཞིང་། ལྟད་མོ་བ་མང་བོ་ཡི་མི་རང་པར་བཟོས།ཐེངས་འདིའི་ནོར་འཛོལ་བྱུང་བའི་ཉོ་འཚོང་ནི་ཨ་རིའི་ནག་ཚོགས་ཁྲིམས་འགལ་གློག་བརྙན་ཞིག་ཡིན་ཞིང་ནང་དོན་གོ་བདེ། བརྙན་ཡོལ་ངོས་ནས་སྣང་བརྙན་ཡག་པོ་བསྐྲུན་མྱོང་བའི་འཁྲབ་སྟོན་མ་པུ་ལིས་ལེར་སོན་དང་སོམ་ལེ་ལི་གཉིས་གདན་དྲངས་ཡོད་ཅིང་།འཁྲབ་ཁྲིད་པ་ཆེན་པོ་མར་ཏི་སི་ཁི་སེ་སིས་ལྟ་སྐུལ་གྱི་འགན་ཁུར་ཡོད། གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ནི1978ལོའི་པོ་སི་ཏོན་གོ་མཚོན་ཁང་ཞིག་ནས་གསང་རྒྱའི་ཉོ་འཚོང་ཞིག་ལ་ནོར་འཛོལ་བྱུང་སྟེ།བོའུ་སྟོང་ཤོར་བའི་དོན་རྐྱེན་བཟོས་པ་བརྗོད་ཡོད།


(མུ་འགོད།)


དཔྱད་མཆན་ཡོད།