2017ལོའི་སྒྱུ་རྩལ་གློག་བརྙན་ཡག་ཤོས་དགུ • སྨད་ཆ།

དྲུག་པ།གསང་བའི་ལག་བྲིས། (秘密手稿 The Secret Scripture)

blob.png

     འདི་ནི«ངའི་རྐང་བ་གཡོན་པ» དང«ཨ་ཕའི་མཚན་ངོས་ནས» ཞེས་པའི་གློག་བརྙན་གྱིས་གསེར་གྱི་རྟགས་མ་བླངས་མྱོང་བའི་འཁྲབ་ཁྲིད་པ་ལྗོམ་ཤེར་ཏན(吉姆•谢里丹)གྱིས་འདི་དང་མིང་གཅིག་པའི་སྒྲུང་གཏམ་བྲིན་པོ་ཞིག་བཟོ་བཅོས་དང་འཁྲབ་ཁྲིད་གནང་བ་ཞིག་ཡིན། གཏམ་རྒྱུད་འདི་རུ་ལོ་ན་གཞོན་པའི་སྐབས་སུ་གཟུགས་བྱད་མཛེས་ཤིང་བློ་རིག་བཀྲ་བའི་རོ་ཤན་ན་ནར་སོན་རྗེས་ཨེར་ལན་གྱི་གདོན་ནད་སྨན་ཁང་ཞིག་ཏུ་མི་ཚེའི་ཕྱེད་ཀ་སྐྱེལ་བ་དང་། གསར་དུ་སླེབས་པའི་གཙོ་བཅོས་སྨན་པ་ཞིག་གིས་ཁོ་མོས་དངོས་སུ་བྲིས་པའི་དྲན་ཐོ་ཞིག་ལས་ཁོ་མོའི་གཞོན་དུས་ཀྱི་མི་ཚེ་ལ་བཙན་བཀག་ཐེབས་པའི་གསང་བ་གཏོར་རག་བར་དུ། ཁོ་མོ་དང་ཐོག་འདིར་ཡོང་དོན་སུས་ཀྱང་ཤེས་མྱོང་མེད། གཙོ་འཁྲབ་མ་དེ་འཁྲབ་སྟོན་མ་གསུམ་གྱིས་འཁྲབ་ཡོད།

བདུན་པ། ལྗིད་ཤོར་བ། (失重  Song to song)

blob.png

      གསེར་གྱི་ཙོན་ལུན་དང་གསེར་དོམ་རྟགས་མ་ཐོབ་མྱོང་ཞིང«ཚེ་སྲོག་གི་ལྗོན་པའི» འཁྲབ་ཁྲིད་པ་ཐེ་ལོན་མར་ཁི་ཡིས«ལྗིད་ཤོར་བ» ཞེས་པའི་གློག་བརྙན་གསར་བ་ཞིག་བཟོས་ཡོད། སྔོན་དང་འདྲ་བར། འཁྲབ་གཞུང་ཡང་ཁོང་གིས་བྲིས་པ་ཡིན་ཞིང་བརྗོད་དོན་གཏིང་ཟབ་ལ་རྟོགས་དཀའ། དེ་ནི་ཨ་རིའི་ཏེ་ཁི་ས་སི་མངའ་སྡེའི་ཨོ་སི་ཏིན་རོལ་དབྱངས་དུས་ཆེན་དུ། སྔ་ཕྱིར་བྱུང་བའི་མི་གསུམ་བཪ་གྱི་བརྩེ་དུང་བརྗོད་ཡོད་ཅིང་། གཏམ་རྒྱུད་ཧྲིལ་བོ་གཡོ་འཁོར་རོལ་དབྱངས་ཀྱིས་རྒྱུན་ཡོད། ད་དུང་ཕེན་ཁེ་རོལ་དབྱངས་ཀྱི་རྒྱལ་མོར་གྲགས་པའི་ཕེ་ཏི་ཤི་མིས་སི་སོགས་སྐད་གྲགས་འབཪ་བའི་གླུ་བ་གླུ་མ་མང་བོ་འཁྲབ་སྟོན་དུ་ཞུགས་ཡོད་པས། གློག་བརྙན་མ་ཟད་རོལ་དབྱངས་ལ་དང་དོད་ཆེ་བའི་མི་མང་བོའི་ཡིད་དབང་གསོ་བའི་ཡིད་ཆེས་ཡོད།

བརྒྱད་པ།སྤྲོ་སྐྱིད་ཀྱི་མཇུག་འབྲས། (快乐结局  Happy End) 

blob.png

      གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཐེངས་གཉིས་ལ་གསེར་གྱི་ཙོན་ལུའི་གཟེངས་རྟགས་འཐོབ་མྱོང་བའི་ཨོ་སི་ཁྲིའི་གློག་བརྙན་སློབ་དཔོན་མར་ཁི་ཧ་ནེ་ཁི(迈克尔•哈内克)ཡིན། གློག་བརྙན་འདི་ད་དུང་དངོས་སུ་སྟོན་མེད་ཀྱང་། 2016ལོའི་དྲུག་པའི་ཟླ་མཇུག་ལ་ཕབ་བསྐྲུན་བྱས་ཚར་ཡོད། ད་སྔ་དེ་ནི་ཡོ་རོབ་གླིང་གི་ཡུལ་བྱོལ་བའི་ཉམས་ཉེན་རྒྱབ་ལྗོངས་སུ་བྱས་པའི་ཧྥ་རན་སིའི་ཡུལ་བྱོལ་གཞིས་ཀའི་ཁྱིམ་ཚང་ཞིག་གི་གཏམ་རྒྱུད་ཅིག་ཡིན་པ་ཤེས་ཡོད། མི་རྣམས་གྱིས་འདང་ཚོད་བྱས་པ་ལྟར་ན་ཞ་ན་གློག་བརྙན་བཤམས་སྟོན་དུ་དངོས་སུ་སྟོན་རྒྱུ་ཡིན་པ་འདྲ།

དགུ་བ།བསླུ་བྲིད། (牡丹花下  The Beguiled)

blob.png

     «ཐོ་ཁེན་ནས་མགོ་འཁོར་བ» དང«བཙུན་མོ་མེ་རིས» ཀྱི་འཁྲབ་ཁྲིད་པ་སོ་ཧྥེ་ཡ་ཁེ་ཕོ་ར་ཡི་བརྩམས་ཆོས་གསར་ཤོས་བསླུ་བྲིད་ནི། 1971ལོའི་གཞི་རྙིང་བ་ལ་བཟོ་བཅོས་བརྒྱབས་པ་ཞིག་ཡིན། ཨ་རིའི་ནང་འཁྲུག་གི་སྐབས་སུ་བྱང་ཕྱོགས་ཀྱི་དམག་མི་རྨས་མ་ཞིག་ལྷོ་ཕྱོགས་ཀྱི་བུད་མེད་ཞག་འདུག་སློབ་གྲྭ་ཞིག་ཏུ་སྨན་བཅོས་ལ་བསྐྱལ་བ་དང་།དགེ་སློབ་དག་གི་བདག་སྐྱོང་འོག་ནས་རིམ་བཞིན་དྲགས་ཞིང་།བུད་མེད་དགེ་རྒན་ཚོའི་ཡིད་དབང་བཀུག་ཅིང་བརྩེ་དུངས་བྱུང་བ་བརྗོད་ཡོད་དོ། །



དཔྱད་མཆན་ཡོད།