ཕུན་ཚོགས་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཁང་།

      མཚོ་སྔོན་ཕུན་ཚོགས་རིག་གནས་ཁྱབ་སྤེལ་ཚན་ཡོད་འགན་ལེན་སྤྱི་གཉེར་ཁང་ནི2009ལོར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཆོག་མཆན་ཐོབ་ནས་མཚོ་སྔོན་ཟི་ལིང་དུ་དངོས་སུ་ཚུགས་ཤིང་།   ལས་ཁུངས་འདི་ནི་གློག་བརྙན་འཕྲིན་དང་།    སྒྱུ་རྩལ་རིག་གནས་ཁྱབ་སྤེལ།     སྒྱུ་རྩལ་རིག་གནས་ཕྱི་ཕྱོགས་བརྗེ་རེས།    གླུ་གར་སྟེགས་བུའི་བྱ་འགུལ།    བརྡ་ཁྱབ་གསར་བཟོ།    ཁེ་ལས་འཕེལ་འགྱུར་དཔེ་སྟོན།    ཚོང་ལས་ཕྱིར་འཚོང་བདག་གཉེར།  ཚོང་ལས་བརྡ་གསར་དཔེ་སྟོན།   དཔེ་དེབ་དཔར་སྐྲུན་དང་དཔེ་རྟགས་གནང་འགོད།    པར་རིས་སྒྲིག་བཟོ་བཅས་བྱེད་པའི་ཞིང་ལས་རིམ་པའི་ཆེད་ལས་ཚད་ལྡན་གྱི་རིག་གནས་སྨྱན་བྱེད་ལས་ཁུངས་ཤིག་ཡིན།    ལོ་འདི་འགའི་རིང་ལ།     རྒྱལ་ཡོངས་རིག་གནས་ཆ་འཕྲིན་ལས་གཞི་དང་།   མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལམ་སོགས་བརྒྱུད་དེ།     ལས་ཁུངས་འདི་ཡིས་རང་གི་རྨད་བྱུང་གྲུབ་འབྲས་རེ་རེ།    ལོ་ཟླའི་རྒྱུན་དང་འགྲོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་སྔར་ཕུལ་བ་རེད།   2014ལོར་ལས་ཁུངས་འདིའི་ཁྲིམས་ཚབ་མི་སྣ་ཚུལ་ཁྲིམས་ནམ་མཁའ་འཇིགས་མེད་དང་སྤྱི་གཉེར་དར་རྒྱས་གཉིས་ཀྱིས་མ་དངུལ་བཏང་སྟེ་རྒྱལ་ཁབ་རིམ་པའི་འཆར་འགོད་ལྟར་དམངས་སྒོར་ས་ཡ་བདུན་གྱི་རྐང་ཚད་ལྡན་གྱི་དཔང་ཡིག་ཐོབ་ནས་རྒྱ་བསྐྱེད་པ་རེད།

དཔྱད་མཆན་ཡོད།