ཨ་མའི་བུ་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས།

amiwu2.JPG

  མཚོ་སྔོན་ཨ་མའི་བུ་རིག་གནས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི ༢༠༡༠ ལོའི་ཟླ ༥ པར་གསར་དུ་བཙུགས་པ་ཡིན་ལ་ཁོངས་གཏོགས་སུ་ཨ་མའི་བུ་གློག་བརྙན་འཕྲིན་སྒྱུར་སྐྲུན་སྟེ་གནས་དང་། ཨ་མའི་བུ་སྒྲ་བརྙན་སྒྲིག་སྦྱོར་ལྟེ་གནས། ཨ་མའི་བུ་རིག་རྩལ་འཁྲབ་སྟོན་ལྟེ་གནས།  ཨ་མའི་བུ་བཟོ་བཀོད་འཛུགས་སྐྲུན་ལྟེ་གནས་བཅས་སྡེ་ཁག་བཞི་ཡོད།

amiwu1.JPG

  ཨ་མའི་བུ་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་གློག་བརྙན་དང་བརྙན་འཕྲིན་ཟློས་གར།  འགུལ་རིས་བརྙན་འཕྲིན།  དངོས་ཕབ་གློག་བརྙན།  བརྡ་ཁྱབ་བརྙན་རིས་སོགས་ཀྱི་གཟུགས་རིས་དང་མཇུག་མཐའི་སྒྲ་གཟུགས་སྒྲིག་སྦྱོར། ཡིག་སྒྱུར་དང་སྐད་སྦྱོར་སོགས་གློག་བརྙན་འཕྲིན་གྱི་ལས་རིགས་ཆ་ཚང་གཉེར་བཞིན་ཡོད།  སྡེ་ཁག་འདིའི་ལས་བྱེད་མི་སྣ་དག་ལོ་ངོ་དུ་མར་པེ་ཅིང་ནས་གློག་བརྙན་འཕྲིན་གྱི་ལས་རིགས་ལ་ཞུགས་མྱོང་ཞིང་ད་བར་དུ་བརྙན་འཕྲིན་ལ《ང་ཚོའི་རུ་དཔུང་ཉི་མའི་ཕྱོགས་སུ་སྐྱོད》(ལེའུ30)《ཀྲུང་གོའི་ཕུ་ནུ་བརྒྱད་དཔུང》(ལེའུ30)《དར་མའི་འཚོ་བ》(ལེའུ30)《དྲོད་འཇམ་གྱི་སྟོན་ཁ》(ལེའུ30)《གོང་མ་ཁང་ཞིས་དམངས་ཁྲོད་དུ་མྱུལ་བ》(ལེའུ120)《འཆར་གཞི་ཟུར་གསུམ་མ》(ལེའུ30)《འཆི་ཕོད་རུ་ཁག》(ལེའུ32)《གཞས་མ་ཞིག་གི་གཏམ་རྒྱུད》(ལེའུ34)《བུ་གཉོར་ཨ་མ》(ལེའུ26)སོགས་དང་།  གློག་བརྙན་ལ《སྡིག་རཱའི་རྒྱལ་པོ》《བཞོན་མ》《དམར་འཛིང་མཁན》《དཔའ་རྟུལ》《ཡེ་བུན》《དཔའ་བོའི་ཆོད་སེམས》《ཧ་ཁྱི》སོགས་བསྡོམས་པའི་ལེའུ་སུམ་སྟོང་ལྷག་སྒྱུར་བསྐྲུན་བྱས་མྱོང་ལ།   ཞིང་ཆེན་རིམ་པའི་བརྙན་འཕྲིན་ཁང་དང་འབྲེལ་ཡོད་ཆེད་ལས་མི་སྣ་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད།

amiwu1.JPG

  ཨ་མའི་བུ་སྒྲ་བརྙན་སྒྲིག་སྦྱོར་ལྟེ་གནས་ཀྱིས་མི་རིགས་ཀྱི་རོལ་མོ་དང་དབྱངས་རྟ་འཚོལ་བསྡུ་དར་སྤེལ།  རྡུང་ལེན་དང་དམངས་གླུ  རྩེད་རིགས་དང་དེང་རབས་གླུ་གཞས་སོགས་ཀྱི་ཆེད་བསྒྲིགས་བརྙན་འཁོར་སྒྲ་ཕབ་དང་བརྙན་རིས་སྒྲིག་སྦྱོར་གཙོ་བྱས་ནས་པར་བསྐྲུན་འགྲེམ་སྤེལ་དང་།  གར་སྟེགས་ཇུས་འགོད།  ཕྱི་ཤོག་དང་ཁྱབ་བསྒྲགས་བཟོ་བཀོད།  གླུ་ཚིག་དང་དབྱངས་གསར་རྩོམ།   རོལ་མོ་སྒྲིག་བཟོ།  མཚམས་སྦྱོར་འགྲེལ་བཤད་སོགས་སྒྱུ་རྩལ་ལས་རིགས་འདི་ལ་འབད་བརྩོན་བྱེད་ཀྱིན་ཡོད།

  ཨ་མའི་བུ་རིག་རྩལ་འཁྲབ་སྟོན་ལྟེ་གནས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་དང་གྲོང་ཁྱེར་སོགས་ཀྱི་གཉེན་སྟོན་འགོ་འཛིན་བྱེད་པ།  རིག་རྩལ་སྤྲོ་ཚོགས་འཚོགས་པ།   དམངས་གླུ་དང་ཞབས་བྲོ།  དེང་རབས་གླུ་གཞས།  རྡུང་ལེན་སོགས་རྩེད་མོའི་རྣམ་གྲངས་མང་པོ་ཞིག་འཁྲབ་སྟོན་བྱེད་བཞིན་ཡོད།  ལོ་གསུམ་རིང་ཇོ་མོ་གླང་མ་མའི་ལས་ཁུངས་དང་མཉམ་འབྲེལ་གྱིས་བོད་ཁམས་ཡུལ་གྱི་རིག་རྩལ་སྤྲོ་ཚོགས་ཆེན་ཇོ་མོ་གླང་མའི་གཟི་འོད་སྐབས་གསུམ་བསྡུས་བར་རྒྱལ་ཁབ་ཕྱི་ནང་གི་བལྟ་མཁན་ཁྲི་སྟོང་མང་པོའི་འདོད་པའི་ཡིད་ཀྱི་ཟས་སུ་སྨིན་ཡོད། 

  ཨ་མའི་བུ་བཟོ་བཀོད་འཛུགས་སྐྲུན་ལྟེ་གནས་ཀྱིས་མི་རིགས་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ནང་གསེས་གཙགས་དྲུབས་དང་གོས་དྲུབས།  ཚོན་ཐང་སོགས་ཐང་ཀ་འབྲི་བཞེངས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་སྣ་ཚོགས་འབྲི་བ།  ཤིང་རིས་གཏོང་བ་སོགས་ལྷ་རིས་སྒྱུ་རྩལ་གྱི་ལས་རིགས་དང་། གཞན་ལྷ་ཁང་དང་འདུ་ཁང་།  གཞིས་ཁྱིམ་སོགས་ཀྱི་མཁར་རྨང་གདིང་བ་དང་མཁར་གྱང་བརྩིག་པ།   ཤིང་ཐིག་འདེབས་པ་དང་ཤིང་རིས་བརྐོ་བ།   ཅ་ལག་སྣོད་ཆས་བཟོ་བསྐྲུན་བྱེད་པ་སོགས་ཤིང་རྡོ་ཚོན་གསུམ་གྱི་བོད་ལུགས་བཟོ་བཀོད་འཛུགས་སྐྲུན་ལས་རིགས་འཐུས་ཚང་ཤིག་གཉེར་བཞིན་ཡོད།   འཕེལ་རྒྱས་ཀྱི་གོམ་ཁ་མྱུར་ཅིང་གསར་བྱུང་གི་ཐོན་རྫས་མོད་པའི་དུས་རབས་འདིར་ངེད་ལས་ཁུངས་ཀྱིས་རང་ནུས་ཅི་ཡོད་ཀྱིས་ན་ཟུག་གི་འཕག་འཚག་བྱེད་ཀྱིན་མཐུན་སྒྲིལ་གྱི་འབོད་སྐུལ་སྒྲོག་བཞིན་མཐོ་སྒང་གི་མི་རིགས་འདི་དང་མི་རིགས་འདིའི་རིག་གནས་མ་ལག་དང་བཅས་གསོན་ཉམས་ལྡན་པར་འབད་པ་བྱེད་ཀྱིན་ཡོད།

དཔྱད་མཆན་ཡོད།