གློག་བརྙན་གྱི་ལོ་རྒྱུས།

       མཐོང་ཐུབ་སྦྲེལ་རྟ(visual medium)ཡི་ལོ་རྒྱུས་འཕེལ་རིམ་ནི། འགུལ་རིས་ནས་སྤྱིན་ཤོག་དང་། དེ་ནས་གློག་བརྙན་ཁང་ངམ་གློག་བརྙན་ཡིན་པར་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད། རྩོམ་ཡིག་འདིས་སྦྲེལ་རྟ་ཡི་ལོ་རྒྱུས་དེ་ལག་རྩལ་དང་། ཚོང་ལས། སྒྱུ་རྩལ་གྱི་གྲུབ་ཆ་ཞིག་དང་དེ་བཞིན་ལྟད་མོ་བ་ཚོར་གློག་བརྙན་ཁང་དང་ཁྱིམ་ཚང་ སོགས་སུ་སྤྲོ་སྐྱིད་དང་ཆ་འཕྲིན་མཁོ་འདོན་བྱེད་ཆས་ཞིག་ལའང་བརྩིས་ཏེ་ངོ་ སྤྲོད་བྱས་ཡོད་དེ།  གཙོ་བོ་སྤྱིན་ཤོག་བཟོ་མཁན་དང་ཁོ་ཚོའི་གློག་བརྙན་སྐོར། སྒྲུང་དང་སྒྲུང་མིན་གྲུབ་མཐའ། ཨ་རི་དང་འཛམ་གླིང་ཁྱོན་ཡོངས་ཀྱི་གློག་བརྙན་ཐོན་ལས་སོགས་ཀྱི་སྐོར་བརྗོད་ཡོད་ལ། ལག་རྩལ་ཐད་ཀྱི་ཤེས་བྱ་མང་པོ་ཞིག་བྱུང་བས་མཐར་སྤྱིན་ཤོག་གསར་གཏོད་བྱས་ཏེ་གློག་བརྙན་བྱུང་། 

       དུས་རབས19པའི་མགོར། ཚན་རིག་པ་ཚོས་མཐོང་འཛིན་སྣང་ཚུལ(visual phenomenon)ལ་དོ་སྣང་བྱུང་སྟེ།  གོ་རིམ་ལྡན་པའི(still pictures)འགུལ་མེད་རི་མོ་འགའ་ཁག་སོ་སོར་བཞག་ཏེ་འགུལ་ཏུ་བཅུག་ན་འགུལ་བསྐྱོད་ཀྱི་འཁྲུལ་སྣང་སྟེར་པ་དང་། མྱོང་ཚོར་དེ་ནི་ཚན་རིག་པ་ཚོས་བཤད་པའི་མིག་ཤེས་རྒྱུན་མཐུད(persistence of vision)ཡིན་པ་སྟེ།  མིག་ཤེས་ཀྱིས་སྐར་ཆ་ཁ་ཤས་རིང་འགུལ་ཟིན་པའི་དངོས་པོ་ཉར་འཛིན་ཐུབ་པ་ལ་ཟེར། མིག་ཤེས་ཀྱིས་མཐོང་ཐུབ་པའི་རི་མོ་ཉར་འཛིན་བྱས་པ་དེ་ད་ལྟ་ཡོངས་སུ་འཕྲོས་ རིས(afterimage)ལ་ངོས་འཛིན་ཞིང་། མ་གཞི་འགུལ་སྐྱོད་ཀྱི་ཤེས་ཚོར་ལ་སྔར་བཞིན་རྒྱུས་མངའ་ཆེན་པོ་མེད་མོད། ཡུན་རིང་ཞིག་ལ་ཚང་མས་དེ་ནི་འགུལ་རིས་གློག་བརྙན་གྱི་རྩ་དོན་དུ་འཛིན། 
      མིག་ཤེས་རྒྱུན་མཐུད་ཅེས་པའི་ཐ་སྙད་ཀྱིས་དུས་རབས19པའི་ནང་འགུལ་རིས་ཡོ་ཆས་ཚོད་ལྟ་བྱེད་པར་སྐུལ་འདེད་ཆེན་པོ་བཏང་པ་རེད། དེ་དག་ཁྲོད་ཀྱི་ཡོ་ཆས་དང་པོ་ནི་ཁུང་བུ་ཡོད་པའི་སྒོར་ལེབ་ཀྱི་མཐའ་འཁོར་དུ་གོ་རིམ་ལྡན་པའི་རི་མོ་བཀོད་ཐོག  མི་ཞིག་གིས་སྒོར་ལེབ་དེ་ཤེལ་སྒོ་ཞིག་གི་མདུན་དུ་བསྐོར་ན།  ཁུང་བུ་ལས་རི་མོ་འགུལ་བའི་སྣང་ཚུལ་མཐོང་ཐུབ། 1830ལོརzoetropeཡིས་ཡོ་ཆས་དེར་ལེགས་བཅོས་བཏང་སྟེ།  ཁོག་སྟོང་དབྱིབས་ཀྱི་རྔ་སྒམ་ཐག་ལེབ་རི་མོ་ནང་ངོས་སུ་བཞག་སྟེ་བསྐོར་ན་གོང་མཚུངས་ཀྱི་སྣང་ཚུལ་འབྱུང་། 1870 ལོར།  ཧྥ་རན་སིའི་གསར་གཏོད་མཁནÉmile Reynaud ཡིས་ལག་རྩལ་མཐོ་རུ་བཏེགས་ཏེ་ཤེལ་སྒོ་སྒམ་དཀྱིལ་དུ་བཞག ལོ་ངོ་འགའི་རྗེས་སུ་ཁོས་ལྡོག་འཕྲོས་རི་མོ་བརྙན་ངོས་སུ་སྟོན་ཐུབ་པའི་སྔོན་དཔག་པར་མ་གསར་སྤེལ་བྱས། 1892 ལོ་ནས་མགོ་བཙུགས་ཏེ་ཁོས་ཕ་རི་སིའིparis (ཧྥ་རན་སིའི་རྒྱལ་ས)ཟློས་གར་ཁང་དུ་འཁོར་ལོའི་ཐོག་པར་རིས་བརྒྱ་ཕྲག་མང་པོ་དཀྲིས་ནས་ཡོ་བྱད་བརྒྱུད་དེ་བསྟུད་མར་སྐར་མ15ཡི་རིང་ལ་འགུལ་ཐུབ་པའི་འགུལ་བརྙན་དེ་གཟིགས་མོར་བཀྲམས།
      1830ལོར་འགུལ་རིས་ཡོ་ཆས་ཐོན་རྗེས། གསར་གཏོད་པ་ཚོས་འགུལ་རིས་ཡོ་ཆས་ཀྱི་རྩ་དོན་དང་དངོས་ཡོད་འགུལ་སྐྱོད་བརྙན་ ལེན་ཕབ་སྐྲུན་ཟུང་འབྲེལ་བྱེད་ཐབས་ཐད་བསམ་བློ་བཏང་ཞིང་། ཚོད་ལྟ་གྲགས་ཆེ་ཤོས་དེ1870 ལོར California ས་རུ་བྱས་ཏེ།  ལྕགས་ལམ་ཁེར་གཉེར་པ Leland Stanford ཡིས་མྱུར་བགྲོད་བྱེད་བཞིན་པའི་རྟའི་སུག་བཞི་ས་ཐོག་ལས་ཁྲེ་ཚེ་བཞི་བཀྱག་མིན་རྒྱན་བཞག་པ་ཐག་ཆོད་ཕྱིར་དབྱིན་ཇིའི་བརྙན་ལེན་པ Eadweard Muybridge གླས་ཏེ་དཔྱད་དུ་བཅུག་པ་དང་། Muybridge ཡིས་པར་ཆས་བཅུ་གཉིས་རྒྱུག་ལམ་གྱི་སྔ་ཕྱིས་སུ་བཞག་ཁར། པར་ཆས་ཚང་མའི་འོད་སྒོ(shutter)ལ་སྐུད་པ་སྦྲེལ་ཏེ་རྒྱུག་ལམ་འཕྲེད་དུ་འཐེན། རྒྱུག་ལམ་དབུས་ནས་རྒྱུག་པའི་སྐབས་སུ་རྟས་སྐུད་པ་འཐེན་པ་དང་པར་ཆས་ཚང་མས་འདྲ་ པར་གོ་རིམ་ལྟར་ལེན་པར་བྱེད།  པར་ལས་མངོན་པ་ལྟར་ན་རྟས་སུག་བཞི་གནམ་ལ་འགྱོགས་པ་དེ་ཡིན་འདུག  དེའི་རྗེས Muybridge ཡིས་པར་དེ་རྣམས་འགུལ་རིས་ཡོ་ཆས་ལས་བསྟན་ཏེ་གང་སར་གཏམ་བཤད་སྤེལ་ཅིང་། ཁོས་དེ་ལzoopraxiscope ཞེས་འབོད། 
      Muybridge ཡི་ལས་ཀ་འདི་ཡིས་ཧྥ་རན་སིའི་ཚན་རིག་པ Étienne-Jules Marey ལ་མི་དང་སྲོག་ཆགས་ཀྱི་ལུས་ཀྱི་འགུལ་སྐྱོད་ལ་དབྱེ་ཞིབ་དང་པར་ལེན་བྱེད་པའི་ཡོ་བྱས་ཇུས་འགོད་བྱ་རྒྱུའི་སྐུལ་མ་ཐེབས་ཏེ།  ཁོས chronophotographic ཞེས་པའི་པར་རིས་མང་པོ་མཉམ་བརྩེགས་ཐུབ་པའི་པར་ཆས་ཞིག་བཟོས་ཤིང་། ཁོའི་ལས་ཀ་འདིས་ཕྱོགས་གཞན་ཞིག་ནས་པར་ལེན་རྒྱུ་ཆའི་འཕེལ་རྒྱས་ལའང་ཕན་ཆེན་པོ་ ཐོགས། 1885 ལོར་ཨ་རིའི་གསར་གཏོད་པGeorge Eastman ཡིས་ཁེར་ལོགས་སུ་ཡོད་པའི་ཤེལ་སྡེར་ནང་གི་འོད་ཚོར་ནུས་པ་སྐྱེན་པའི་སྤྱིན་ཤོག་ཧྲིལ་པོའི་གློག་བརྙན་བཏོན་པ་དང་། 1889 ལོར Eastman ཡིས་སྤྲི་མདོག་ཁུ་བའི་སྤྱིན(gelatin emulsion)གྱིས་བྱུག་པའི་རྒྱུ་ཆ་celluloid ཡིས་དེ་གའི་ཚབ་བྱས་པ་རེད།

དཔྱད་མཆན་ཡོད།