ཐར་ལོ།

ནང་དོན་མདོར་བསྡུས།

         《ཐར་ལོ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ཁ་བྱང་གཅིག་པའི་སྒྲུང་ཐུང་ཞིག་གི་མིང་ཡིན། དེ་ལས་ཕྱུགས་རྫི་ཞིག་གིས་ཐོབ་ཐང་ལག་ཁྱེར་སྟེང་གི་འདྲ་པར་བསྐྱོན་ཆེད། གྲོང་ཁྱེར་དུ་ཕྱིན་ཏེ་མཐར་རང་ཉིད་དང་ཐོབ་ཐང་བོར་སྟོང་ཤོར་བའི་གཏམ་རྒྱུད་གཞིར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན། 《ཐར་ལོ》ལས་བོད་མིའི་འཚོ་བའི་གནས་སྟངས་བརྗོད་ཡོད་ཅིང་། ཚོན་མདོག་དཀར་ནག་ལས་ཐབས་ཆག་གི་འཚོ་བའི་སྣང་བརྙན་འབུར་གཟུགས་སུ་དྲངས་ཏེ་བོད་ལྗོངས་ས་ཆེན་གྱི་སྐྱོ་ལྷང་གི་རྣམ་པ་དང་། བོད་ཀྱི་གཞོན་རབས་གསར་པའི་ནང་སེམས་རབ་རིབ་ཏུ་གྱུར་པ་གང་དེའི་བསྡུས་གཟུགས་སུ་མངོན་ཡོད།

         《ཐར་ལོ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ལྔ་བ་ཡིན་པ་དང་། བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་སྐྱ་མདོག་རང་བཞིན་གྱི་གཏམ་རྒྱུད་གློག་བརྙན་ཞིག་ཀྱང་ཡིན། གློག་བརྙན་འདིས་འཁྲབ་ཁྲིད་པ་བདྨ་ཚེ་བརྟན་གྱི་ནང་སེམས་ཀྱི་འགྱུར་བ་དང་ལུས་ངག་གི་སྤྱོད་ཚུལ་སོགས་མཚོན་ཡོད། གློག་བརྙན་འདིའི་ནང་དུ་ཆེས་སྤྱིར་བཏང་གི་བརྩེ་དུང་གཏམ་རྒྱུད་ཅིག་བརྗོད་ཡོད།

         གློག་བརྙན་འདིའི་མགོ་མཇུག་བར་གསུམ་དང་གློག་བརྙན་འདི་ལས་འཕྲོས་པའི་བརྙན་མིག་རེ་རེ་ལས་ཐར་ལོ་ཞེས་པའི་མི་སྣ་དེའི་ཐོབ་ཐང་ལ་སེམས་ཚེགས་རིགས་ཤིག་བཏུས་ཤིང་། ཐར་ལོ་ནི་ཁེར་རྐྱང་གི་ལུག་རྫི་ཞིག་ཡིན་ལ། ཁོའི་དྲན་པ་ཤིན་ཏུ་གསལ་བས་རྒྱ་སྐད་ཀྱི་ལམ་ནས《མི་དམངས་ལ་ཞབས་འདེགས་ཞུ》ཞེས་པའི་རྩོམ་ཡིག་དེ་བློ་ངོས་ནས་ཆུ་བཞུར་བ་ལྟར་སྐྱོར་ཐུབ་ནའང་། ཐར་ལོ་ཞེས་པའི་རང་མིང་བརྗེད་ངེས་སུ་ཁྱེར་ཡོད་པ་ཞིག་རེད། ཁོ་ལ་ཐོབ་ཐང་ལག་ཁྱེར་མེད་པས། གྲོང་ཁྱེར་དུ་སོང་ནས་ཐོབ་ཐང་ལག་ཁྱེར་བསྒྲུབ་དགོས། ལོ་གང་མང་ལ་ཁེར་རྐྱང་ངང་ཕྱུགས་ཟོག་གི་རྗེས་ནས་དུས་འདའ་བཞིན་པའི་མི་སྣ་ཐར་ལོ་རྫོང་མཁར་དུ་ཐེངས་དང་པོར་ཐོབ་ཐང་ལག་འཁྱེར་ཞིག་བཟོ་རུ་ཕྱིན་པ་དང་། ཁོས་རང་ཉིད་མི་བཟང་པོ་ཞིག་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ། མི་བཟང་དང་མི་ངན་གྱི་དབྱེ་བའང་གསལ་ཁ་དོད་པོ་ཞིག་འབྱེད་ཤེས་ཀྱི་མེད། སྐྲ་བཞར་ཁང་ཞིག་ནས་སྙིང་སྟོབས་ཆེ་བའི་བོད་རིགས་བུ་མོ་གཡང་འཚོ་ཟེར་བ་ཞིག་ལ་འཕྲད་པའི་བརྩེ་དུང་གི་བརྒྱུད་རིམ་གླེང་ཞིང་། བརྩེ་དུང་ལ་ནོར་འཁྲུལ་བྱུང་བའི་ཐར་ལོས་རང་གི་རྒྱུ་ནོར་ཡོད་ཚད་བུ་མོ་དེ་ལ་སྤྲད་དེ་ལྷ་ས་ནས་འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་ལ་རེ་སྨོན་བརྒྱབ་པ་དང་བུ་མོ་དེས་བསླུ་བྲིད་དང་ཚུལ་འཆོས་ཤིག་གིས་ཐར་ལོའི་མི་ཚེ་འདིའི་འཚོ་བའི་གདམ་ཀར་གོད་ཆག་ཆེན་པོ་ཐེབས་པའི་གཏམ་རྒྱུད་བརྗོད་ཡོད།

        《ཐར་ལོ》ཞེས་པའི་འཁྲབ་གཞུང་འདི་ནི་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིག་བསྒྱུར་བཅོས་བྱས་པ་ཡིན་ལ། བརྙན་ཕབ་པ་ནི་ཨུ་རུ་སུར་སློབ་གཉེར་དུ་ཕྱིན་ཏེ་ཕྱིར་ལོག་པའི་གཞོན་སྐྱེས་བརྙན་ལེན་པ་ལོའུ་སུང་ཡའེ་ཡིན། དེ་མིན་བོད་ཁུལ་ན་མིང་དུ་གྲགས་པའི་སྤྲོ་གར་འཁྲབ་སྟོན་པ་ཞི་བདེ་ཉི་མས་ཐར་ལོ་སྤྲས་ཡོད་ལ། བོད་ནང་གི་ལོ་རབས་དགུ་བཅུ་པའི་རྗེས་ཀྱི་གློག་བརྙན་འཕྲིན་གྱི་སྤྱན་སྦིར་གཡང་ཕྱུག་མཚོ་ཡིས་གློག་བརྙན་ཁྲོད་ཀྱི་སྐྲ་བཞར་བུ་མོ་སྤྲས་ཡོད།

དཔྱད་མཆན་ཡོད།