དཔའ་བོའི་ཆོད་སེམས།

ནང་དོན་མདོར་བསྡུས།

      ཝེལ་ལེམ་ཝོ་ལེ་སི(William Wallace)བྱིས་པའི་དུས་སུ། ཁོའི་ཕ་ནི་ཟི་ཀོའོ་ཌྲི་ལོན་གྱི་དཔའ་བོ་ཡིན་ཞིང་དབྱིན་ཇི་དང་དམག་འཐབ་ནང་རྐྱེན་ལམ་དུ་སོང་། ཝོ་ལེ་སི་ཕའི་གྲོགས་པོ་ཞིག་གི་སློབ་སྟོན་འོག་ཟི་ཀོའོ་ཌྲི་ལོན་གྱི་རིག་གནས་དང་གྲི་རྩལ་སྦྱངས། ན་ཚོད་ལོན་པའི་ཝོ་ལོན་སི་རང་ཡུལ་དུ་ཕྱིར་ལོག་སྟེ་ཆུང་འདྲིས་མ་མུ་རོན(Murron)ལ་གཉེན་སྒྲིག་གི་སེམས་འདུན་བསྟན་ཞིང་། རང་ཚུགས་ཟིན་པའི་ཕལ་པའི་མིའི་འཚོ་བ་ཞིག་སྐྱེལ་འདོད་རུང་།  མུ་རོན་ཨིན་ཇིའི་དམག་མིས་བཟུང་སྟེ་བསད་པས། ཝོ་ལེམ་སི་འུ་ཐུག་སྟེ་མི་རྣམས་ཀྱི་དཔའ་བོའི་བུ་རྒྱུད་ཅེས་པའི་འབོད་སྐུལ་འོག་འོས་ལངས་ཀྱི་ལས་ལ་ཞུགས།
     ཟི་ཀོའོ་ཌྲི་ལོན་གྱི་སྐུ་དྲག་རོ་བྷོ་ཐྲིས་ས་བདག་བྱེད་ཆེད། ཁོས་ཨ་ཕའི་ངན་སྐུལ་བཞིན་ཝོ་ལེམ་སི་དང་མཉམ་འབྲེལ་བྱེད་ཁུལ་གྱིས་ཨིན་དམག་ཕམ་ཉེས་སུ་བཏང་།  ཟི་ཀོའོ་ཌྲི་ལོན་གྱི་སྐུ་དྲག་ཚོགས་འདུའི་ཐོག་ཝོ་ལེམ་སི་རྒྱལ་སྲུང་དམག་སྤྱི་ཆེན་པོར་བསྐོ་བཞག་བྱས།  ཡིན་ཡང་ཟི་ཀོའོ་ཌྲི་ལོན་གྱི་སྐུ་དྲག་ཚོས་རང་གི་ཁེ་ཕན་མ་གཏོགས་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཕུགས་འདུན་ལ་སེམས་ཁྲལ་སྤུ་ཙམ་མི་བྱས་པ་ཨིན་ཇིའི་རྒྱལ་པོས་ཤེས་ཏེ།  ཟིང་འཁྲུག་གཏན་འཇགས་ཡོང་ཆེད་རྒྱལ་སྲས་ཀྱི་ལྷ་ལྕམ་ཞི་གྲོས་བྱེད་དུ་བཏང་ཡང་།  ཁོས་ནི་ཝོ་ལེན་སི་བསླུ་བྲིད་བྱེད་རྒྱུ་མ་གཏོགས་མི་སེར་གྱི་རང་དབང་དང་འདྲ་མཉམ་ལ་སྣང་མེད་བཏང་བས་གྲོས་མཐུན་བྱུང་མེད། ཨིན་ཇིའི་རྒྱལ་པོས་ཨེར་ལན་དང་ཧྥ་རན་སེ་གཉིས་དང་མཉམ་འབྲེལ་གྱིས་ཟི་ཀོའོ་ཌྲི་ལོན་གྱི་མཐའ་བསྐོར་ཡང་ཝོ་ལོམ་སིས་དམག་དཔུང་ཁྲིད་དེ་རྙོག་འཛིང་བྱས།  མཐའ་མར་ཁོས་རོ་བྷོ་ཐྲིས་ཨིན་ཇིའི་རྒྱལ་པོ་དང་ལྐོག་འབྲེལ་བྱས་པ་ཤེས་པས་བློ་ཕམ་ཆེན་པོ་སྐྱེས་ནས་ལག་གི་གྲི་ཡང་ས་ཐོག་ཏུ་ལྷུང་།  ཐེངས་དེར་ཡང་ཟི་ཀོའོ་ཌྲི་ལོན་གཡུལ་ལས་རྒྱལ་བས་ཨིན་ཇིའི་རྒྱལ་པོས་སླར་ཡང་ཞི་གྲོས་བསམ་འཆར་བཏོན། ཝོ་ལེམ་སིས་དེ་གཡོ་སྒྱུ་ཞིག་ཡིན་པ་ཤེས་བཞིན་དུ་ཞི་བདེའི་ཆེད་ཁས་བླངས་ཏེ་ཁོ་རང་གཅིག་པུར་སོང་བས། སྔར་ནས་གྲ་སྒྲིག་ཨང་གསར་ཡོད་པའི་རོ་བྷོ་ཐྲི་ཡི་ཕའི་གཡོ་ཐབས་འོག་ཁོ་པ་བཟུང་སྟེ་ཨིན་ཇིའི་རྒྱལ་པོར་རྩིས་སྤྲད། རོ་བྷོ་ཐྲི་ཁོའི་ཕའི་ཇུས་ངན་ལ་ཁོང་ཁྲོའི་མེ་ལྕེ་འབར་ཡང་ཝོ་ལེམ་སི་ལ་བསྒགས་གསོད་ཁྲིམས་ཐག་བཅད་ཚར།
      མི་སེར་ཐམས་ཅད་འདུས་པའི་ཁྲོམ་ཆེན་དུ། ཝོ་ལེ་སི་མནར་གཅོད་ཚད་མེད་མྱངས་ཡང་མགོ་མ་བཏགས་པར་ཁོས་དབུགས་མཐའ་མ་དེ་ཤུགས་ཀྱིས་རྔུབ་རྗེས། རང་དབང་ཞེས་སྐད་གསངས་མཐོན་པོས་འབོད་སྐད་བསྒྲགས།

    གློག་བརྙན་འདིའི་ནང་དུ།  ཝེ་ལེམ་ཝོ་ལེན་སེ་རང་དབང་གི་ཕུགས་འདུན་ཆེད་རང་གི་གཅེས་པའི་ཚེ་སྲོག་ཕུལ་བ་རེད། ཁོའི་རང་དབང་འཚོལ་སྙེག་བྱས་པའི་སེམས་པ་དེ་རྟགས་མཚན་ཞིག་དང་དད་སེམས་ཞིག་ཏུ་འགྱུར་བ་རེད། དེ་བས་རང་དབང་ལ་དུང་ཞེན་ཆེ་བའི་མི་ཚོ་བསྡུ་རུབ་སྣེ་ཁྲིད་བྱ་བའི་སྙིང་སྟོབས་ཞིག་ཏུ་གྱུར་བ་རེད། ཁོས་རང་ཉིད་བློས་གཏོང་བྱ་བས་ད་གཟོད་རང་དབང་ལ་དགའ་བའི་ཟི་ཀོའོ་ཌྲི་ལོན་གྱི་མི་བུ་མང་པོ་ཞིག་གཉིད་ལས་བསད་དེ། གདུག་རྩུབ་སྲིད་དབང་ལ་ངོ་རྒོལ་བྱེད་བའི་དཔུང་དུ་ཞུགས་པ་རེད་ལ། རོ་བྷོ་ཐྲི་ཡང་གཞི་ནས་ངན་རུལ་གྱི་གོ་གནས་དང་མཚན་སྙན་གྲགས་ཀྱི་འདོད་སེམས་ལས་སད་དེ། རང་མོས་ངང་རྒྱུ་ནོར་དང་གོ་གནས་དབང་ཆ་ཡོད་ཚད་བློས་གཏོང་སྟེ། ཁ་ཞེ་གཉིས་མེད་ཀྱིས་རང་དབང་བརྩོན་ལེན་བྱ་བའི་ཟི་ཀོའོ་ཌྲི་ལོན་གྱི་སྣེ་ཁྲིད་གསར་པ་ཞིག་ཆགས་པ་ལས། ཁོའི་ཕ་རྒན་བཞིན་རྒྱུ་དང་དབང་ཆ་ཁོ་ན་ལ་ལྟ་བའི་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པ་ཞིག་བྱས་མེད་དོ།།[བཀྲ་ཕུན།]

དཔྱད་མཆན་ཡོད།