ཞལ་ཟས་རོ་བརྒྱའི་བྱེད་པོ།

ནང་དོན་མདོར་བསྡུས།

སྒྲོལ་ཆོས།

  •        ཙི་གུ་ཆུང་ཆུང་ལའེ་མིར་སུས་ཀྱང་དོ་ཟླ་མི་ཐུབ་པའི་ལྷན་སྐྱེས་ཀྱི་སྣོམ་ཚོར་ཁྱད་པར་བ་ཞིག་ཡོད་པ་དང་།  གད་སྙིགས་དང་མཉམ་དུ་འཚོ་བ་རོལ་མི་འདོད་པའི་ཁོ་ལ་ཞལ་ཟས་རོ་བརྒྱའི་བྱེད་པོ་ཞིག་ཏུ་འགྱུར་རྒྱུའི་འདུན་པ་ཆེན་པོ་ཡོད།

  •       སྟེས་དབང་གིས་ཁོས་ཀུའུ་སི་ཐི་ཟ་ཁང་གི་སློབ་མ་ལིན་ཁུའེ་ནི་ངོ་ཤེས་པར་གྱུར། རྣམ་རིག་རྡིབ་པའི་སློབ་མ་འདི་ནི་ཆུང་དུས་ནས་བག་ཚ་ཅན་ཞིག་ཡིན་ལ་ཟ་མ་གཡོ་སྦྱོར་གྱི་ཕྱོགས་ལའང་སྐྱེས་ཐོབ་གང་ཡང་མེད་པ་མ་ཟད། ཟ་ཁང་གི་མ་བྱན་དང་མ་མཐུན་པས་དེ་ནས་ཕྱིར་འབུད་བཏང་། མི་གཅིག་དང་ཙི་གུ་གཅིག་གིས་ཁྱད་མཚར་བའི་མནའ་འབྲེལ་བཙུགས་ཏེ།   ལའེ་མིས་རང་གི་ཐུན་མིན་གྱི་སྐྱེས་ཐོབ་སྤྱད་ནས་ལིན་ཁུའེ་ནི་ཡི་བརྟུལ་ཞུགས་བཟུང་།

  •      ལའེ་མིས་རོགས་རམ་ལ་བརྟེན་ནས་ལིན་ཁུའེ་ལིན་གསར་སྐྱེས་ཀྱི“ཞལ་ཟས་རོ་བརྒྱའི་བྱེད་པོ”རུ་གྱུར་ཁར་ལས་རོགས་མཛེས་མ་ཞིག་གི་དུངས་སེམས་ཀྱང་ཐོབ་པ་མ་ཟད། ད་དུང་མ་བྱན་གྱི་ངན་ཇུས་ཀྱང་བརྟོལ་ཏེ་ཀུའུ་སི་ཐི་ཟ་ཁང་གི་ཁྲིམས་མཐུན་རྒྱུད་འཛིན་པར་གྱུར། འོན་ཀྱང་གློ་བུར་བའི་གྲུབ་འབྲས་དེས་ལིན་ཁུའེ་སི་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་རང་ཉིད་ཀྱི་གཞན་དབང་གི་འཚོ་བ་མཇུག་རྫོགས་འདོད་སྐྱེས་ནས་ལའེ་མི་ཇ་ཁང་ནས་ཕུད། 

  •      ཀུའུ་སི་ཐི་ཟ་ཁང་གི་གྲུབ་འབྲས་དེས་འགྲིག་ཆགས་དཀའ་བའི་ཟས་ཞིམ་དཔྱད་བརྗོད་པ་ཁི་ལོང་གིས་དོ་སྣང་བྱུང་སྟེ། ལིན་ཁུའེ་ནིའི་ལག་རྩལ་ཅིག་ཚོར་ཞིང་ཟ་ཁང་ལ་རིམ་པ་བསྐྱར་འཇོག་བྱ་འདོད་བྱུང་། འོན་ཀྱང་ཕམ་ཁ་ཁས་མི་ལེན་པའི་མ་བྱན་དེས་ལིན་ཁུའེ་ནི་ཞག་གཅིག་ལ་སྙན་གྲགས་འབར་བའི་གསང་བ་བཙལ། ལའེ་མི་མེད་པར་ལིན་ཁུའེ་ནི་ཡིས་ཕྱིས་སུ་འབྱུང་བའི་གནས་ཚུལ་དེ་དག་ལ་གདོང་ཇི་ལྟར་གཏོད་དམ།

  •       རྩེད་ཆས་དང་འཕགས་མི། མཚོ་གཏིང་དང་། འགྲན་བྱེད་འཁོར་ལོ་བཅས་ཚར་རྗེས། ཕིག་སརས་སླར་ཡང་ཙི་གུ་ཆུང་ཆུང་ཞིག་གིས་ཞལ་ཟས་དང་ལྷན་དུ་ང་ཚོའི་ལུས་པོ་ཡོངས་ཀྱི་སྤྲོ་བའི་ཁྲག་རྩ་རྒྱས་སུ་བཅུག 

  •       «ཞལ་ཟས་རོ་བརྒྱའི་བྱེད་པོ»ནི༢༠༠༧ལོར་ཕིག་སར་འགུལ་རིས་ཀུང་སིས་བཟོས་ཞིང་རྡི་སི་ནཱིས་བརྙན་འཕྲིན་འགྲེམ་སྤེལ་བྱས་པའི་འགུལ་རིས་གློག་བརྙན་ཞིག་ཡིན། གློག་བརྙན་འདི་པུ་ར་དི•པོ་དིས་འཁྲབ་ཁྲིད་བྱས་ཏེ༢༠༠༥ལོརJan Pinkava ཡི་ཚབ་བྱས་ཏེ་འདིའི་འཁྲབ་ཁྲིད་པར་གྱུར། འདིའི་དབྱིན་ཇིའི་མིངRatatouilleཧྥ་རན་སིའི་ཚོད་མའི་རིགསratatouille(སྔོ་ཚོད་བསྲེས་མ)ལས་བྱུང་། ཕིག་སར་གྱི་སྔར་སྲོལ་དང་བསྟུན་ན་འགུལ་རིས་གློག་བརྙན་རིང་གྲས་ཀྱི་སྔོན་གྱི་སྐར་ཆ་ལྔའི་རིང་ལ་གློག་ཀླད་ཀྱི་འགུལ་རིས་བརྙན་ཐུང་རེ་ཡོད་ལ། ཐེངས་འདིར་བརྙན་ཐུངLifted གློག་བརྙན་འདིའི་སྔོན་དུ་བསྟན་པ་རེད། 

  •       «ཞལ་ཟས་རོ་བརྒྱའི་བྱེད་པོ»ནི་ཕིག་སར་འགུལ་རིས་གློག་བརྙན་བཟོ་སྐྲུན་ཁང་རྡི་སི་ནཱིས་ཉོས་རྗེས་ཐོན་པའི་འགུལ་རིས་གློག་བརྙན་ཐོག་མ་སྟེ། ཕིག་སར་འགུལ་རིས་གློག་བརྙན་བཟོ་སྐྲུན་ཁང་གི་འགུགས་ཤུགས་དྲག་པོར་བརྟེན།  ༢༠༠༧ལོའི་ཟླ༡༠པའི་ཟླ་མཇུག་སླེབས་དུས་ཨ་རི་བྱང་མའི་འཛིན་ཁེ་ཨ་སྒོར་དུང་ཕྱུར་གཉིས་ལས་བརྒལ་ཞིང་འཛམ་གླིང་ཡོངས་ཀྱི་འཛིན་ཁེ་ཨ་སྒོར་དུང་ཕྱུར་ལྔ་ལས་བརྒལ། 

  •        གློག་བརྙན་འདིའི་འགོ་མཇུག་ཡོངས་བློ་བག་ཕེབས་ལ་ཡང་ཤ་དོད་ཅིང་།  དཔའ་མི་ཞུམ་པར་མདུན་དུ་བསྐྱོད་པའི་མི་ཚེའི་ལྟ་བ་ཞིག་བསྟན་ཏེ། ཕིག་སར་གྱི་འབད་བརྩོན་ལས་བྱུང་བའི་བརྩམས་ཆོས་ཉམས་པ་མེད་པ་ཞིག་རེད་འདུག  གློག་བརྙན་འདིའི་མཐའ་རུ་སྔོན་ཟས་ཞིམ་རང་གི་སྲོག་ཏུ་འཛིན་པའི་སྐུ་ཞབས་ཁི་པོས་ཙི་གུར་དྲང་བདེན་གྱི་གདེང་འཇོག་བྱས་པའི་རྐྱེན་གྱིས་ཁོང་གི་ཐོབ་གོ་ས་བཅས་ཤོར་ཏེ། ཕྱིས་སུ་ཟས་ཞིམ་དཔྱད་བརྗོད་པ་བྱེད་མི་ཆོག་པར་གྱུར།  ཁོང་གིས་རྟག་ཏུ་མདོག་ཅུང་ནག་པའི་ཕྱི་གླིང་པའི་གོས་ཤིག་མནབས་ནས་ཚིལ་ལེན་གྱི་གོང་བར་སྐེད་དཀྲིས་ཆུང་ཆུང་ཞིག་དཀྲིས་པ་དང་།  བར་ཁྱམས་ཀྱི་འགྲམ་གཉིས་སུ་ཤེལ་ཡོལ་དམར་པོ་ཤིག་བཤམས། ཁོ་མགྲོན་ཁང་གི་མཐར་བཞུགས་ཏེ་ཡི་གེ་རྒྱབ་ཆས་སུ་ཡི་གེ་རྒྱག་གིན་པའི་རྣམ་འགྱུར་དེ་གནམ་འོག་ཡོངས་ཁོང་གིས་བསྒྱུར་བཀོད་བྱས་པའི་རྣམ་པ་ཞིག་འདུག   ཁོ་གཟུགས་པོ་མཐོ་ཞིང་རང་ཉིད་ཀྱི་མཛུབ་མོ་བརྐྱངས་ནས་མདུན་གྱི་མི་དེར་གཏད་ནས་སྐད་ཆ་བཤད་པར་དགའ།

དཔྱད་མཆན་ཡོད།