ཏི་ཧེ་ལན་གྱི་བྲོས་བྱོལ།

ནང་དོན་མདོར་བསྡུས།

【རྩོམ་པ་པོ། རྡོ་རྗེ་ཚེ་བརྟན།】

  •         ལོ་རྒྱུས་དོན་དངོས་ཞིག་ལ་རྨང་བྱས་ཏེ།  གཏམ་རྒྱུད|ལོ་རྒྱུས་རིགས་རྣམ་དུ་བྱས་པའི་གློག་བརྙན་ཞིག་སྟེ།  1979ལོའི་ཟླ11པའི་ཚེས་4ཉིན།  སྟག་གཟིག་གམ་ཨི་རན་བཅིངས་འགྲོལ་དམག་གིས་ཨི་རན་གྱི་ཨ་རིའི་གཞུང་ཚབ་ཁང(大使馆)ལ་རྒོལ་རྡུང་བྱས་ནས་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ50ལྷག་བཙན་གྱིས་ཁྲིད།  ཡིན་ཡང་།  དགའ་འོས་པ་ཞིག་ལ་མི་བུ་དྲུག་ལྷག་དབྱི་ལིང་གི་ཁཱ་ན་ཏའི་གཞུང་ཚབ་ཁང་གི་ཨན་བན(大使)Ken Talyorཁྱིམ་དུ་སྦས་སྐུང་ཐུབ་པས།  CIA(གསང་ཉུལ་ལས་ཁུངས)མཐོ་རིམJack O’Donnellཡིས་ཆེད་མཁསTony Medezབཙལ་ནས་ཁོང་ལ་གྲོགས་དན་མཛད་དེ་གཞུང་ཚབ་ལས་བྱེད་དྲུག་པོ་ཕྱིར་ཨ་རིར་ཁྲིད་རྒྱུའི་གྲོས་གཞི་བཏོན།  Tonyཡིས་གློག་བརྙན་ཕབ་བསྐྲུན་ལ་ཁ་གཡར་ནས་མི་དྲུག་པོ་ཕྱིར་ཨ་རིར་ཁྲིད་གྲབས་བྱས། Tonyཡིས་རང་གི་HollyWoodམཛེས་སྤྲས་པ(化妆师)John       Chambersདང་གློག་བརྙན་ཕབ་སྐྲུན་པ(制片人)Lesterགཉིས་ལ་འབྲེལ་གཏུགས་བྱས་པ་བརྒྱུད། འཁྲབ་གཞུང་འབོལ་བོ་ཞིག་ལསའདེམས།  དེ་ནས་ཁོས་ཕབ་བསྐྲུན་མཁན་གྱི་འགན་གཅིག་ལྕོགས་སུ་བཞེས་པ་དང་ཆབས་ཅིག་འཁྲབ་གཞུང་དང་འཁྲབ་ཆས་ཁྱེར་ནས་སྟག་གཟིག་རྒྱལ་ཁབ་ཏུ་ཐོན། དེ་ལས་མི་དྲུག་པོ་འཁྲིད་དེ་ཧ་ཅང་དཀའ་ཁག་ཆེ་བའི་ཏི་ཧེ་ལན་གྱི་བྲོས་བྱོལ་གྱི་སྒོ་མོ་ཕྱེས།

  •         སྐབས85བའི་ཨོ་ཟི་ཁཱའི་གློག་བརྙན་རྩེ་གྲ་དང་།  སྒྲིག་གཅོད་(剪辑)རྩེ་གྲ  འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ་བཅས་ཀྱི་རྟགས་མ་ཐོབ།

  •        སྤྱིར་ན«ཏེ་ཧེ་ལན་གྱི་བྲོས་བྱོལ»ཞེས་པ་འདི་ཕབ་སྐྲུན་གྱི་གོ་སྐབས་ཡག་པོ་ཞིག་ལ་ཁེལ་ཡོད་པ་སྟེ།  ལོ་འདི་གའི་ཆབ་སྲིད་བརྗོད་གཞི་བྱས་པའི་གློག་བརྙན་གྱི་རྔམ་ཁ་འཐུག་པོའི་དུས་ཙ་ན།  «འགད་གཏོར་རུ་ཁག»(拆弹部队)ལྟ་བུའི་གློག་བརྙན་ལ་གཟི་བརྗིད་རྟགས་མ་ཐོབ་པ་ནས་བཟུང་།  འཁྲབ་ཁྲིད་པ་མང་པོ་ཞིག་དང་གཟིགས་མོ་བ་ལྷན་རྒྱས་ཀྱིས་སྔ་ཆ་ཁྲིམས་འགལ་དང་ཨ་རི་གཞུང་པ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་འཁྲབ་ཚིག་རིང་དུ་བོར་ནས་སྤྱི་བྱིངས་ཀྱིས་དགའ་མགུ་བྱེད་བཞིན་པའི་གློག་བརྙན«པིན་ལ་ཏིན་བདས་གསོད»(猎杀本拉登)ལྟ་བུར་སྐོམ་པའི་ཆུ་འདོད་པ་བཞིན་ལྟ་གོན་སྡོད་པས་རེད།

  •        གཞན་དུ་ན།  «ཏི་ཧེ་ལན་གྱི་བྲོས་བྱོལ»བྱ་བ་འདི་ནི་ལོ་རྒྱུས་ཀྱི་གསར་འགྱུར་ཞིག་ལ་བརྟེན་ནས་འགྱུར་མ་བྱས་པ་ཡིན་ལ།  གློག་བརྙན་འདིའི་འཁྲབ་ཁྲིད་པ་ཨ་ཧྥེ་ལེ་ཁུ་ཡིས་གསར་འགྱུར་དེ་ལ་གློག་བརྙན་གྱི་དགོས་ངེས་ཚེ་སྲོག་ཇི་སྙེད་བསྣན་ནས་གཟབ་ནན(严肃)་དང་མྱ་ངན་ཁུར་གྱི་ལྕི་བའི་འཁྲབ་གཞུང་འདི་འདྲ་ཞིག   རང་གི་བླ་ན་མེད་པའི་སྒམ་དཀྱིལ་དཔྱོད་ཤེས་ལས་མཚར་གཏམ་དང་ཟུར་ཟ་ཁུམ་པའི་བརྙན་གྱི་སྟག་ཕྲུག་ཅིག་ཀེར་གྱིས་འགྱིང་ནས་བག་གིས་མཆོངས་སུ་བཅུག 

  •     མགོ་བརྩམས་མ་ཐག་པའི་འཆར་ངོས་ལས། གནའ་དུས་ཀྱི་ཕབ་བསྐྲུན་འཕྲུལ་ཆས་དང་འཕྲུལ་ལེན་ལག་རྩལ་སོགས་དོན་དངོས་ཁོར་རྣམ(场景)མཚོན་ཐུབ་པའི་འདར་ཡོམ་ཅན་གྱི་ལོ་རྒྱུས་ཁུངས་སྐྱེལ་གྱི་འགྲེལ་བཤད་ཐུང་ངུ་ཞིག་གི་འཕྲོར། འོས་མཚམས་ཀྱི་དྲས་སྦྱོར་ལས་འདས་སོང་གི་དོན་རྐྱེན་འདས་ལོག་རྒྱབ་པ་དང་མཚུངས་པའི་རྣམ་པ་བསྟབས་ངེས་ཀྱང་།  ལར་རབ་ཏུ་རློམ་ཆོག་པའི་ཁོར་རྣམ་སོར་ཆུད་བྱས་པ་དང་དོན་རྐྱེན་བསྐྱར་ཟློས་ཀྱི་བར་ན་ཧེ་བག་ཁྲི་ཕྲག་བདའ་བས་ཁོ་བོས་བསམ་པར་མཚམས་འདིར་གཟིགས་དུས་དོན་རྐྱེན་ལ་ཡིད་ཆེས་པ་ལས་ཁོར་རྣམ་ལ་ཡིད་རྟོན་བྱས་ན་ལྷག་པར་སེམས།  ཡང་ཅིག་བཤད་ན།  ལ་ལ་ཞིག་གིས་ཨི་རནབཅིངས་འགྲོལ་དམག་གིས་ཨ་རིའི་གཞུང་ཚབ་ཁང་ལ་རྡུང་རྡེག་བྱས་པ་ནི་ཨ་རིས་ལྐོག་ནས་པ་ལེ་ཝེ(巴列维)ལ་རྒྱབ་སྐྱོར་བྱས་ཏེ་ཨི་རན་དམངས་གཙོའི་སྲིད་ཁྲིམས་ལ་ཐེ་གཏོགས་བྱས་པའི་མི་ཚད་ཨི་རན་གྱི་རྡོ་སྣུམ་དང་དབུས་ཤར་དམག་ཐབས་སྲ་བརྟན་དུ་བྱས་པ་ལྟ་བུར་མཐོང་བར་ཨི་རན་ངོས་ཐད་ནས་བདེན་པར་གྲུབ་རྐྱེན།  དོན་དངོས་དེ་མངོན་ལྐོག་མེད་པར་མཁྱེན་པའི་བློ་མིག་ནི་ཅོལ་ཆུང་ང་ལ་མེད་པས་ཁ་མཚོན་གཅོད་དཀའ་ལ།  ཨ་རི་རང་ངོས་ནས་ཨ་རི་ནི་གློག་བརྙན་འདིའི་ནམ་ནམ་ཞར་ཞར་གྱི་གནོད་ཐེབས་མཁན་དེ་ཡིན་པ་དང་ཆབ་སྲིད་གློག་བརྙན་འདིའི་བརྗོད་འདོད་ཀྱང་དེ་འདྲ་ཡིན་ཤས་ཆེ།   དེ་བས།  གློག་བརྙན་འདིས་ཕྱོགས་གཅིག་ནས་ལོ་རྒྱུས་ལ་རྒྱབ་འགལ་མི་རུང་བ་དང་ནང་སྒོས་སུ་ཕོག་ཐུག་མི་འོས་བའི་སྲིད་གཞུང་ལ་ཁ་ལན་མ་བཏང་བར་བྱས་པར་མ་ཟད་བལྟ་མཁན་མང་པོ་ཞིག་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོང་པར་ཤུགས་དྲག་རྒྱབ་ཡོད།   དེར་མཐུད་ནས། གློག་བརྙན་གྱི་འཕེལ་རིམ་གསར་བ་ཞིག་སྟེ་Hollywoodཡི་འཁྲབ་སྟོན་པ་གྲགས་ཅན་འགའ་ཤས་བརྙན་ཤེལ་བརྒྱུད་ནས་གཟིགས་མོ་བའི་མཐོང་ལམ་དུ་ལྟར་བ་ནི་གློག་བརྙན་ཕབ་བསྐྲུན་ལས་ཁུངས་གི་ངོ་སོ་བསྟོད་པའི་ཁྱད་ཆོས་དང་གཟིགས་མོ་བར་ཧ་ཅང་ལྟ་འདོད་ཀྱི་བསམ་འཁྱེར་ངང་ངམ་ཤུགས་ཀྱིས་བསྐྱེད་ནུས་པའི་ཁྱད་ཆོས་ཡོད།  Tonyཡིས་མཛེས་སྤྲས་པ་དང་འཁྲབ་སྟོན་པ་བསྡུས་ནས་འཁྲབ་གཞུང་འདེམས་པ་དང་གསར་འགྱུར་བརྒྱུད་སྒྲོག་ཚོགས་པའི་ཟུར་ལས་འཆར་གཞིའི་གསང་པའི་རང་བཞིན་དཔག་ཐུབ་མེད་པའི་ལམ་ནས་སྟོན་བཞིན་འདུག་ལ། སྐབས་དེར་ཨ་རིའི་སྲིད་གཞུང་གིས་གལ་ཏེHollywoodཉེར་སྐྱོབ་ལས་གཞི་ལ་ལེགས་འགྲུབ་མ་བྱུང་ན་སྲིད་གཞུང་ལ་ངོ་ཚ་ཐེབས་པར་བསམ། ཏག་ཏགTonyཡིས་སྲིད་གཞུང་གི་བཀའ་རྒྱ་ཡལ་བར་བོར་ནས་དཔའ་བོ་གཅིག་གིས་སྲིད་གཞུང་གི་སོམ་ཉིའི་དྲ་བ་གཅོད་པར་ཡིད་ཆེས་བྱས་པ་ལས་སྲིད་གཞུང་གིས་ཀྱང་ཡང་བསྐྱར་ཆོག་མཆན་མི་འགོད་ཐབས་མེད་བྱུང་།  དེ་ན་འགན་འཛིན་པའི་སྨྲ་བརྗོད་ལས“ཁྱེད་ཀྱི་ཚན་འཕྲུལ(科幻)གློག་བརྙན་ཕབ་ལེན་འཆར་གཞི་སྲིད་གཞུང་ནས་དང་ལེན་བྱས་འོང”ཞེས་པ་འདི་གློག་བརྙན་གྱི་རྐེད་དང་སྦྲེལ་ན་ཇི་འདྲའི་ཟུར་ཟ་ཞིག་རེད་ཨང་།  

  •        མདོར་ན།   གློག་བརྙན་འདིའི་ཆེས་ཁྱད་མཚར་རང་བཞིན་ནི་གཟབ་ནན་མཐོ་ཤོས་ཀྱི་ཆབ་སྲིད་དོན་རྐྱེན་དང་རོལ་རྩེད་མཐོ་ཤོས་ཀྱི་འདྲེས་གྲུབ་དེ་ཅིས་ཀྱང་ཡིན་ངོས་ལ། དེ་ནི་འཁྲབ་ཁྲིད་པ་ཨ་ཧྥེ་ལེ་ཁུས་གློག་བརྙན་འདིའི་མཐོ་རླབས་རིམ་པ་ནས་བསྟན་པའི“ཉེན་ཁ་དང་དཔུང་བ་གཤིབ་ནས་འགྲོ་བ”ལྟ་བུའི་ཁོར་རྣམ་དངHollyWoodའཁྲབ་ཚན་ཁྱད་ཆོས་མངའ་བའི་མགོ་མཇུག་ལས་འདས་སོང་གི་དོན་རྐྱེན་ཞིག་བསམ་བརྗོད་ལས་འདས་པའི་འཕྲུལ་ཐབས་ཀྱིས་སྟོན་ཀྱིན་ཡོད་པ་འདིས་ཀྱང་ངོ་། །

དཔྱད་མཆན་ཡོད།