ནུབ་ཁུལ་གྱི་འདས་དོན།

ནང་དོན་མདོར་བསྡུས།

【རྩོམ་པ་པོ། བཀྲ་ཤིས་མཚོ】

      གཏམ་རྒྱུད་འདིར་མི་ཁྱད་མཚར་ཅན་ཞིག་གྲོང་བརྡལ་དུ་ཡོང་ནས། ས་དེ་གའི་ཡུགས་མོ་ཞིག་དང་ལྷན་དུ་ལྕགས་ལམ་སྟེང་གི་རྒྱུ་ཆེན་ཞིག་གི་ས་ཞིང་རྩོད་རྙོག་ཏུ་ཚུད། གློག་བརྙན་འདིའི་ནང་གི་གཙོ་འཁྲབ་པ་རྒྱུན་དུ་དྲང་ཕྱོགས་ཀྱི་མི་སྣ་འཁྲབ་མཁན་ཧེང་ལི་ཧྥང་ཏ་ཡིས་སྐབས་འདིར་སྙིང་རྗེ་མེད་པའི་གཤེད་མ་ཞིག་འཁྲབ་འདུག་པར་མ་ཟད། མགོ་མཇུག་བར་གསུམ་དུ་གདོང་ལ་རྫིག་ཉམས་ཤིག་བསྟན་འདུག་པ་དེས་སྙིང་ལ་འདར་སིག་རྒྱག་ཏུ་འཇུག གློག་བརྙན་ཟློས་གར་འདི་ཨ་རི་ནས་འགྲེམ་སྐབས། ཡུན་ཚད་ཅུང་རིང་བར་འདོད་ནས་ནང་དོན་ཁ་ཤས་བཅད་པས་གཏམ་རྒྱུད་ཀྱི་སྒྲིག་གཞི་སྙོག་ཅིང་མི་གསལ་ལ།  སྐད་ཆ་ལའང་ཞིབ་ཆ་མེད།
 
      ནུབ་ཁུལ་གྱི་འདས་དོན་ཞེས་པའི་གློག་བརྙན་འདི་ནི་རྔམ་བརྗིད་ཆེ་ཞིང་ཡིད་སེམས་འཕྲོག་པས། ཁོར་ཡུག་ཞི་ལྷོད་དུ་གཏང་བའི“ངན་ཞུའི་ཡི་གེ”ཞིག་དང་འདྲ་ལ། གློག་བརྙན་གྱི་ཁྱད་ཆོས་ལ་བལྟས་ན། འདི་ནི་འཁྲབ་ཁྲིད་པ་ལའེ་ཨང་ནེ་ཡིས་ནུབ་ཕྱོགས་གློག་བརྙན་ལ་བཅངས་པའི་ཆེས་མཇུག་མཐའི་བརྩེ་བའི་ཚུལ་གྱིས། ཁོ་རང་ཡིད་དབང་འཕྲོག་པའི་གློག་བརྙན་འདིའི་རིགས་དང་བྲལ་བའི་གསང་བརྡ་གཏོང་བ་དང་མཚུངས། ནུབ་ཁུལ་གྱི་འདས་དོན་ཞེས་པ་འདིས་ཕྱོགས་གཅིག་ནས་གསར་དར་བྱེད་བཞིན་པའི་སྐབས་དེའི་ཨ་རིའི་ནུབ་ཕྱོགས་ཀྱི་ལོ་རྒྱུས་མཚོན་པ་ཡིན་ལ། ཕྱོགས་གཞན་ཞིག་ནས་ནི་འཁྲབ་ཁྲིད་པ་རང་ཉིད་ཀྱི་བསམ་དོན་མཚོན་ལ། “Once upon a time in the west”དེ་ཐད་སྒྱུར་བྱས་ན“སྔ་མོར་ནུབ་ཕྱོགས་ས་གནས་སུ”ཞེས་པ་འདི་ཡིན་ཞིང་། གློག་བརྙན་འདི་ཉིད་མ་གཞི་ལའེ་ཨང་ནེའི་མི་ཚེའི་བྱ་གཞག་གི་ཕྱོགས་བསྡོམས་ཞིག་ཡིན་ལ། ལོ་བཅོ་ལྔའི་རྗེས་སུ་བརྙན་མིང་དང་དམིགས་ཡུལ།  ཁྱད་ཆོས་སོགས་ཧ་ལམ་འདྲ་བའི«ནུབ་ཁུལ་གྱི་འདས་དོན»ཞེས་པ་བརྙན་དུ་ཕབ་པ་ཁོང་གི་སྐུ་ཚེའི་ཆེས་མཇུག་མཐའི་བརྩམས་ཆོས་ཡིན་ལ།  ཚང་མས་རྗེས་སུ་ཡི་རང་བྱེད་སར་གྱུར། 

      «ནུབ་ཁུལ་གྱི་འདས་དོན»ཞེས་པ་འདི་ལ་ནུབ་ཕྱོགས་གློག་བརྙན་གྱི་ཁྱད་ཆོས་དང་རྒྱུ་གཙོ་བོ་སོགས་འཛོམས་ལ། བརྙན་འདིའི་གཏམ་རྒྱུད་མདོར་བསྡུས་ཤིང་ཁ་གསལ་བ། ཀྱག་ཀྱོག་གི་བརྒྱུད་རིམ་དཀོན་པས་བབ་ཆགས་པའི་དོན་བརྗོད་སྒྱུ་རྩལ་གྱི་རྣམ་པ་ཞིག་མངོན་ཐུབ། «ནུབ་ཁུལ་གྱི་འདས་དོན»གྱིས་སྦུ་གུ་འབུད་མཁན་གྱི་མིང་མེད་ལྡོམ་པོ་ཞིག་དང་ཇག་རྐུན་ཞིག གདུག་རྩུབ་ཀྱི་ལྐོག་གཡོ་པ་ཞིག ཁྱིམ་གཞིས་དོར་མཁན་གྱི་བུད་མེད་ཅིག་བཅས་མི་སྣ་གཙོ་བོ་བཞི་ཡི་ལོ་རྒྱུས་དེ་ངོ་མཚར་གཏམ་གྱིས་བཀོད་པར་མ་ཟད།  ཆེད་བྲིས་དང་པར་ཆས་སྤྱོད་པ་ལ་མཁས་པའི་ལའེ་ཨང་ནེ་ཡིས་མི་སྣའི་ཁྱད་ཆོས་རྟོག་བཟོ་བྱས་ཏེ། དུས་ཡུན་ཐུང་ཐུང་ཞིག་གི་བརྙན་ལས་ཕུན་སུམ་ཚོགས་པའི་རྒྱབ་ལྗོངས་ཀྱི་དོན་སྤྱི་མཚོན་ཐུབ་པ་དང་། འདིའང་ཁྱབ་ཆེ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གཅིག་ཏུ་སྦྲེལ་སྟེ། རྒྱུན་དུ་པར་ངོས་སུ་ཐོན་པའི་མེ་མདའ་འཛིན་མཁན་དེའི་རྒྱབ་ཕྱོགས་ནི་བྱེ་རྡུལ་འཐིབས་པའི་བྱེ་ཐང་ཁྲོད་ལྕགས་ལམ་སྐྲུན་པའི་རྣམ་པ་ཞིག་མངོན་པ་ལྟ་བུ།

      ཆུ་ཚོད་གསུམ་གྱི་ཡུན་ཚད་ཡོད་པའི་ནུབ་ཕྱོགས་ཀྱི་བརྙན་རིང་འདི་ལ་ལའེ་ཨང་ནེས་དམིགས་གསལ་གྱི་འགྱུར་ཁུགས་སྙན་མོ་ཞིག་གནང་ཡོད་པ་དེས་ད་ལོར་ཏུའུ་ཆི་ཧྥེང་གིས་པར་བླངས་པའི«PTU»ཞེས་པ་དེ་ཡིད་ལ་དྲན་དུ་བཅུག  དབྱངས་རྟ་དང་ཁོར་ཡུག་བཟོ་སྐྲུན་གྱི་ཐད་ནས་ལོ་འཁོར་སུམ་ཅུའི་སྔོན་གྱི་གློག་བརྙན་རྙིང་བ་འདི་དང་མཐུན་པར་སྣང་། ཡིད་ཕངས་པ་ཞིག་ལ། བརྙན་ཡུན་རིང་དྲགས་པས་དང་ཐོག་ཨ་རི་ནས་འགྲེམ་སྤེལ་བྱེད་སྐབས་ཆ་ཤས་ཙམ་བཅད་ནས་ཆ་ཚང་ཞིག་མ་ཡོང་བར་བརྟེན། བརྒྱུད་རིམ་རབ་རིབ་དང་པ་སེ་འཚོང་ཚད་སོགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། ཡིན་ཡང་ཡོ་རོབ་ནས་ཆ་ཚང་ཞིག་ལེགས་འགྲུབ་ངང་བཏང་རྗེས། ཡོ་རོབ་ཀྱི་འཁྲབ་སྟོན་པ་ཚང་མའི་ཡིད་དབང་འཕྲོག་པ་དང་དབྱི་ཐ་ལིའི་རྣམ་པའི་ནུབ་ཕྱོགས་གློག་བརྙན་ཞེས་པའི་ངོས་ནས་སྒྱུ་རྩལ་གྱི་གྲུབ་འབྲས་ཆེས་ཆེ་བའི་བརྩམས་ཆོས་ཤིག་ཡིན། བརྙན་གྱི་ཐོག་མར་ངོས་རྒྱ་ཆེན་པོའི་སྒོ་ནས་གཙོ་འཁྲབ་ཁ་སྦྲེང་འབུད་མཁན་དེ་མཚམས་སྦྱར་ཡོད་དེ། ལག་ཏུ་མེ་མདའ་ཐོགས་མཁན་གྱི་ཕོ་རྒོད་གསུམ་གྱིས་མིག་ཅེ་རེར་མེ་འཁོར་ཞིག་སླེབས་པར་སྒུག་འདུག་པའི་སྐབས་དེར།  འབུ་སྦྲང་རང་འདུག་མེད་པར་ཡར་འཕུར་མར་འཕུར་བྱེད་པ་དང་། མགོ་ཐོག་ནས་རྙོག་ཆུ་འཛེགས་པ།  མེ་མདའི་གཅུས་སྒྲིམ་སྐམ་པའི་སྒྲས་སེམས་འཚབ་ཅིང་བློ་མི་བདེ་བར་བྱ་ལ། མེ་འཁོར་དལ་དལ་ངང་ཚུར་སླེབས་ནས་ཕར་སོང་སྟེ་ཕོ་རྒོད་གསུམ་གྱིས་དབུགས་རིང་ཞིག་འབྱིན་པའི་སྐབས་དེར། ཁ་སྦྲེང་འབུད་མཁན་གྱི་ན་གཞོན་ཚང་མའི་སྤྱན་ལམ་དུ་ཐོན་པ་ལྟ་བུ་སྟེ། ནུབ་ཁུལ་གྱི་འདས་དོན་ཞེས་པའི་གློག་བརྙན་འདི་ཡོངས་རྫོགས་ཀྱི་བརྗོད་སྟངས་ཧ་ལམ་འདི་ལྟར་ཡིན་ལ། བརྗོད་སྟངས་འདིར་སྐབས་འགར་བྲོ་བ་གཞན་པ་ཞིག་ཀྱང་ལྡན་པ་ཡིན་ནོ། །

དཔྱད་མཆན་ཡོད།