རྨོ་ཅི་ཁྲིན།

ནང་དོན་མདོར་བསྡུས།

བུ་མོ་བདེ་སྐྱིད།

«རྨོ་བོ་ཅི་ཁྲིན»ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཆེན་པོ་དབྱིན་ཧུང་ཁྲེང(尹鸿承)གིས་འཁྲབ་ཁྲིད་བྱས་ཤིང་། དབྱི་རུའུ་ཀྲེན(尹汝贞)དང་ཅིན་ཀའོ་དབྱི(金高银)གཉིས་འཁྲབ་མཁན་གཙོ་བོ་ཡིན་ལ། ༢༠༡༦ལོའི་ཟླ༥ཚེས༡༩ཉིན་འཁྲབ་སྟོན་བྱས་ཤིང་། དུས་ཡུན་སྐར་མ༡༦༦ཡོད་པའི་ཁོ་རེ་ཡའི(Korea)གློག་བརྙན་གྲགས་ཆེན་ཞིག་ཡིན། དེའི་སྐོར་ཞིབ་ཙམ་སྤྲོས་ན་གཤམ་ལྟར།

ཁོ་རེ་ཡའི་ཅི་ཀྲོའུ་ཏའོ་གླིང་ཕྲན་གྱི་མཛེས་ལྗོངས་འོག་ཏུ།    རྨོ་བོ་ཅི་ཁྲིན་གྱི་ཚ་མོ་ཧུའེ་ཀྲི(慧智)བར་ཆད་ཀྱིས་གར་སོང་ཆ་མེད་སོང་བ་དང་། ལོ་བཅུ་གཉིས་ཀྱི་རྗེས་སུ་ཚ་མོ་ཕྱིར་ལོག་ཅིང་རྨོ་བོ་དང་འཚོ་བ་མཉམ་རོལ་བྱས་པའི་དོན་ཡིན།

20160303092534337029.jpg

ཐུན་མིན་གྱི་ཁྱད་ཆོས།

གཅིག འཁྲབ་མཁན་ཐད་ནས། དབྱི་རུའུ་ཀྲེན།(尹汝贞)དང་ཅིན་ཀའོ་དབྱིན།(金高银)  ཅིན་ཞི་ཡོན།(金熙元)  ཧྲེན་དབྱིན་ཀྲེན།(申银贞)  ཕུའུ་རྨིན་ཀྲི།(朴敏智)  ཚུའེ་རྨིན་ཧའོ།(崔珉豪)བཅས་དྲུག་པོ་ནི་འཁྲབ་མཁན་གཙོ་བོ་ཡིན་ལ། ཅིན་ཀའོ་དབྱིན།(金高银) དང་ཚུའེ་རྨིན་ཧའོ།(崔珉豪)གཉིས་ནི་ན་མཉམ་ལ་ལོ་གྲངས་གོ་གཅིག་ཡིན། ཁོང་གཉིས་གློག་བརྙན་འཁྲབ་དུས་གྲོགས་བཟང་བོར་གྱུར།

གཉིས།  ཡུལ་ལྗོངས་ནི་ཁོ་རེ་ཡའི་ཅི་ཀྲོའུ་ཏའོ་གླིང་ཕྲན་གྱི་མཛེས་ལྗོངས་འབའ་ཞིག་ཡིན་ལ། ལྷ་ཡུལ་གྱི་བཀོད་པ་མི་ཡུལ་དུ་འཕོས་པ་ནང་བཞིན་ལྟ་བས་ཆོག་མི་ཤེས།

གསུམ། མཚན་སྙན་གྲགས་ཐད། ཏའོ་པན་གློག་བརྙན་དྲ་བའི་ཐོག་ཏུ་མི་གྲངས་ཁྲི་གཅིག་སྟོང་དྲུག་ལྷག་གིས་དཔྱད་བརྗོད་སྤེལ་ཞིང་དགའ་ཞེན་གྱི་ཚད་སྐར་གྲངས8.3ལ་སླེབས་ཡོད།

ཞུ་དག བློ་བཟང་ཀུན་མཁྱེན། རྩོམ་སྒྲིག་པ། ཀརྨ་རྣམ་རྒྱལ།

དཔྱད་མཆན་ཡོད།