Wilaya

ནང་དོན་མདོར་བསྡུས།

 ཕྱག་རྡོར་འཚོ།

          གློག་བརྙན་འདིའི་ནང་དུ་ས་ལ་ཝེ་ཨ་རབ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ(撒拉威阿拉伯民主共和国)ཏུ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།རྒྱལ་ཁབ་དེ་ནི་ས་ཧཱ་ལཱ་ནུབ་མ(西撒哈拉)རུ་གནས་ཡོད་ལ།འཛམ་གླིང་སྟེང་གི་རྒྱལ་ཁབ་ལྔ་བཅུ་ཙམ་གྱིས་མ་གཏོགས་རྒྱབ་ཁབ་དེའི་བདག་དབང་ལ་ཁས་ལེན་བྱེད་ཀྱིན་མེད།སྔོན་ཆད་དེ་ནི་སི་ཕེན་གྱི་མི་སེར་སྤེལ་ཡུལ་དུ་གྱུར་མྱོངས་པ་དང་སྡོད་དམངས་ཁྲི་བཅོ་ལྔ་ལྷག་ཙམ་གནས་དེ་རུ་འཚོ་སྡོད་བྱས་ཡོད། གཏམ་རྒྱུད་འདིའི་མི་སྣ་གཙོ་བོ་ནི་ལོ་ན་ཉེར་དྲུག་ཅན་གྱི་གཞོན་ནུ་མ་ཧྥ་ཏི་མེ་ཐུའུ(法蒂梅图)ཞེས་པ་དེ་ཡིན་ལ། ཁོ་མོ་ལོ་བཅུར་བུད་པ་ནས་བཟུང་མོའི་ཨ་མ་དང་མཉམ་དུ་སི་ཕེན་དུ་འཚོ་གནས་བྱས་པ་དང་ནུབ་ཕྱོགས་ཀྱི་སློབ་གསོ་མྱངས་ནས་ནར་སོན།ཨ་མ་ཚེ་ལས་འདས་རྗེས་ཁོ་མོ་རང་ཉིད་སྐྱེས་གནས་སུ་ཕྱིར་ལོག  ཁོ་མོའི་ཨ་ཅེ་ཧ་ཡ་ཐེ(哈雅特)ནི་དབང་བོ་སྐྱོན་ཅན་ཞིག་ཡིན་ལ། དབང་ཤེས་སྐྱོན་ཅན་གྱི་བྱིས་པ་དག་ལ་སློབ་ཁྲིད་བྱེད་ཀྱིན་པའི་དགེ་རྒན་ཞིག་ཀྱང་ཡིན། གཞན་ད་དུང་ཧྥ་ཏི་མེ་ཐུའུ(法蒂梅图)ལ་ཅ་ཐེ་ལེ(贾特里)རུ་འབོད་པའི་ཕུ་བོ་ཞིག་དང་དུས་དེར་མངལ་སྦྲུམ་ཡོད་པའི་སྲུ་མོ་ཨ་ཆེ་ཐུའུ(阿切图)རུ་་འབོད་པ་གཉིས་ཡོད། ས་གནས་དེ་གའི་ཁ་ཆེའི་སྲོལ་རྒྱུན་གྱི་“hijab”གྱོན་ཆས་གྱོན་ཡོད་པའི་བུད་མེད་རྣམས་ཀྱི་མིག་ལམ་དུ་འཇིབ་འཁོར་བསྐོར་ཏེ་ལས་ཀ་བྱེད་བཞིན་པའི་ཧྥ་ཏི་མེ་ཐུའུ(法蒂梅图)ནི་གཞན་དང་མི་མཚུངས་པ་ཞིག་ཡིན་པ་སྨོས་མ་དགོས་སོ།། བྱེ་ཐང་དུ་འཚོ་སྡོད་བྱས་རྗེས།ཧྥ་ཏི་མེ་ཐུའུ(法蒂梅图)དང་མོའི་དགའ་རོགས་གཉིས་ཀྱི་བར་ལ་འབྲེལ་ཐག་ཆད་སོང་།སྐབས་དེར།ས་གནས་དེ་གའི་ས་དབྱི་ཏ(萨义德)ཟེར་བའི་ཕོ་གསར་ཞིག་མོ་ལ་བརྩེ་དུངས་ཆགས་པ་རེད།འདི་ལྟར་ཧྥ་ཏི་མེ་ཐུའུ(法蒂梅图)འགལ་འདུ་ཆེ་བའི་གདམ་ཀ་ལ་འཕྲད་བྱུང་།

和.jpg 

གློག་བརྙན་འདི་ལས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་བཅུ་བའི་སྐབས་སུ། དམག་འཁྲུག་གི་ཁྲོད་ནས་ཡོད་ཚད་ཀྱིས་སྣང་མེད་དུ་བསྐྱུར་བའམ་ཤེས་རྟོགས་བྱུང་མེད་པའི་ཡུལ་གྱར་བའི་འདུས་སྡོད་ཁུལ་ཅིག་གི་མི་རྣམས་ཀྱི་འཚོ་བའི་གནས་སྟངས་བསྟན་ཡོད་ལ་མི་སྣ་གཙོ་བོ་ཧྥ་ཏི་མེ་ཐུའུ(法蒂梅图)གཙོ་བྱས་པའི་ཁོ་མོའི་མཐའ་འཁོར་གྱི་མི་དག་གིས་ས་གནས་དེ་གའི་ཐོབ་ཐང་མི་འདྲ་བའི་མི་རྣམས་ཀྱི་གནས་སྟངས་མཚོན་ཡོད། དེ་ལས་ཆུང་དུས་ནས་བཟུང་ནུབ་ཕྱོགས་ཀྱི་སློབ་གསོ་མྱངས་ནས་ནར་སོན་པའི་ཁོ་མོ་ཕྱིར་ཕ་ཡུལ་དུ་ལོག་སྐབས་ཕ་ཡུལ་གྱི་འཚོ་བ་ནི་ཧ་ཅང་དཀའ་ངལ་ལྡན་པར་སྣང་ལ།ཕ་ཡུལ་གྱི་མི་དག་གི་བསམ་བློ་དང་གོམས་སྲོལ་ནི་ནུབ་ཕྱོགས་དང་བར་ཁྱད་ཆེན་པོ་ཡོད་པ་ཚོར།སྐབས་དེར་མོ་རང་ཕྱིར་སི་ཕེན་དུ་ལོག་འདོད་ཀྱང་དེ་གའི་གཉེན་མི་རྣམས་དང་མོའི་དགའ་རོགས་ལ་འབྲེལ་བ་བྱེད་ཐབས་མ་བྱུང་བས་ཐབས་ཟད་པར་གྱུར། དེ་བས་ཁོ་མོ་རང་གི་ཨ་ཅེ་ཧ་ཡ་ཐེ(哈雅特)དང་མཉམ་དུ་བྱེ་ཐང་དེ་རུ་འཚོ་གནས་བྱས།དཀའ་ངལ་ཆེ་བའི་འཚོ་བ་དང་རིག་གནས་གྱི་འགལ་འདུའི་ཁྲོད་དུ། ཁོ་མོས་རང་ཉིད་གི་འཚོ་རྟེན་བཙལ། ཁོ་མོས་རང་གི་ཕུ་བོའི་འཁྱག་སྒམ་ཉོ་བྱེད་ཀྱི་སྒོར་མོ་ཡིས་འཇིབ་འཁོར་ཞིག་ཉོས་ཏེ་ཟོང་རྫས་དབོར་སྐྱེལ་གྱི་ལས་ཀ་གཉེར། མ་གཞི་ནས་ས་གནས་དེ་གའི་སྐྱེས་མའི་ནང་དུ་རླངས་འཁོར་བསྐོར་མཁན་མེད། ཁོ་མོའི་ཨ་ཅེ་ནི་དབང་བོ་སྐྱོན་ཅན་གྱི་མི་ཞིག་ཡིན་མོད། འཚོ་བ་ལ་ཡིད་མ་ཆད་པར་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པ་མ་ཟད། ད་དུང་ཧྥ་ཏི་མེ་ཐུའུ(法蒂梅图)དང་མཉམ་དུ་རླངས་འཁོར་བསྐོར་ཚུལ་སྦྱངས། དེ་འདྲའི་འཚོ་གནས་ཀྱི་སྙིང་སྟོབས་ནི་སྐྱེས་མ་ཞིག་ལ་མཚོན་ན་ང་ཚོས་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་རེད། དེ་ལས་གཞན་ལོ་ན་གཞོན་གཞོན་གྱི་མི་སྣ་ས་དབྱི་ཏེ(萨义德)ཡིས་མི་མང་ཚོགས་སར་གཞན་གྱི་བརྩེ་དུང་མེད་པའི་གཉེན་འབྲེལ་དེ་དམར་རྗེན་དུ་བཏང་ནས་ངོ་རྒོལ་བྱོས་ཡོད་པ་དང་། ཧྥ་ཏི་མེ་ཐུའུ(法蒂梅图)ལ་བཅངས་བའི་བརྩེ་དུང་ཕྱི་རུ་མངོན་ཕོད་པ་ལས་མི་རབས་གསར་བ་ཞིག་གི་སྙིང་སྟོབས་མཚོན་ཡོད། མདོར་ན་གློག་བརྙན་འདི་ལས་དམག་འཁྲུག་ཁྲོད་ཀྱི་ཡུལ་གྱར་བ་དག་གི་ཉམས་ཐག་པའི་ལས་དབང་དང་དཀའ་ངལ་ཁྱད་དུ་བསད་དེ་འཚོ་བར་དགའ་ཞེན་བྱེད་པའི་བསམ་བློའི་སྙིང་སྟོབས་ཞིག་མཚོན་ཡོད་ལ།  ཁོ་ཚོས་དེ་འདྲའི་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་འཚོ་བ་ལ་དགའ་ཞེན་བྱེད་ཐུབ་ན། ང་ཚོའི་ད་ལྟའི་གནས་བབས་འདི་འདྲ་བ་ལ་ཅིའི་ཕྱིར་འཚོ་བར་འཁང་ར་བྱེད་དགོས་སམ། 

   ཞུ་དག་པ། གནམ་རྒྱལ་རྒྱལ།  རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ】 


དཔྱད་མཆན་ཡོད།