སྐར་མ་གསུམ་དང་ཕྱེད་ཀར་མདེའུ་བཅུ།

ནང་དོན་མདོར་བསྡུས།

HB2.jpg

 

2012ལོའི་ཟླ11པའི་ཚེས23ཉིན། ལོ་ན17ཡིན་པའི་མི་ནག་ལྗོར་ལྡན་རུའུ་སོ་ཏ་ཝེ་སིJordan Russell Davis ཨ་རིའི་གྲོང་ཁྱེར་ཇེ་ཁེ་ཤུན་ཝེ(Jackson Weil Neཡི་སྣུམ་སྣོན་ས་ཚིགས་ཤིག་དུ་མེ་འདའ་ཕོག་ནས་འདས་གྲོངས་དུ་གྱུར།  དངོས་བཤུས་གློག་བརྙན<<སྐར་མ་གསུམ་དང་ཕྱེད་ཀར་མདེའུ་གསུམ།>>ཞེས་པར་ཡིད་སྐྱོ་བའི་དོན་རྐྱེན་འདིའི་ལྷག་ལུས་ཀྱི་ཤུགས་རྐྱེན་དང་།  སྤྱི་ཚོགས་ཁྲོད་ཀྱི་མཐོང་མི་ཐུབ་པའི་རིག་རྒྱུད་ལྟ་བ།  ད་དུང་ཨ་རིའི་ཉེས་དོན་དོན་གཅོད་ཁྲིམས་ལུགས་སོགས་ལ་ཐེར་འདོན་བྱས་ཡོད་ཅིང་།  2015ལོའི་སྐབས89བའི་དངོས་བཤུས་གློག་བརྙན་གྱི་ཨོ་སི་ཁ་རྟགས་མ་ཐོབ།

དངོས་བཤུས་གློག་བརྙན་འདི་ནི2015ལོར་མ་ཁོ་སོ་ཝེར(Marc Silver)ལགས་ཀྱིས་སྒྲིག་སྦྱོར་དང་འཁྲབ་ཁྲིད་བྱས་པ་ཡིན་ལ།  འདིར་དོན་རྐྱེན་བྱུང་བའི་སྐབས་ཀྱི་གནས་ཚུལ་དང་དོན་རྐྱེན་ལ་རྟོགས་ཞིབ་བྱས་པའི་བརྒྱུད་རིམ།  དོན་རྐྱེན་དང་འབྲེལ་བའི་ངོ་རྒོལ་བྱ་འགུལ་སོགས་ཆ་ཚང་བ་ཞིག་བརྙན་དུ་ཕབ་ཡོད།  དངོས་བཤུས་གློག་བརྙན་འདིའི་ཆེས་ཐོག་མར་སྤེལ་བའི་མིང་ལ<<སྐར་མ་གསུམ་དང་ཕྱེད་ཀ>>ཟེར་ལ།  གཟིགས་འབུལ་བྱས་རྗེས་སྤྱི་ཚོགས་སྟེང་དུ་དོ་སྣང་ཆེས་ཆེར་བྱུང་བ་དང་།  རྗེས་སུHBOཡིས་དངོས་བཤུས་གློག་བརྙན་གྱི་པར་དབང་ཉོས་ཅིང2015ལོའི་ཟླ11པའི་ཚེས23ལ་སྤེལ། 2015ལོརAAFCAརྟགས་མ་དང་།  RiverRunརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཟིགས་མོ་བའི་རྟགས་མ་སོགས་མཚན་སྙན་མང་པོ་ཐོབ།

ཞུ་དག་པ།བསམ་འགྲུབ། རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ


དཔྱད་མཆན་ཡོད།