སྐྲ་བཞར་བ Billu

ནང་དོན་མདོར་བསྡུས།

【སྒྲོལ་ཆོས།】

ནང་དོན་མདོར་བསྡུས།

        Billuནི་ཞིང་གྲོང་གི་སྐྲ་བཞར་བ་ཞིག་ཡིན་ལ། ཁོའི་སྐྲ་བཞར་གྱི་ལག་རྩལ་དུས་རབས་ཀྱི་བབ་ལས་རྗེས་སུ་ལུས་པས་ན།   ཚོང་མགྲོན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།

      ཉིན་ཞིག  བརྙན་འཕྲིན་ཕབ་བསྐྲུན་གྱི་རུ་ཁག་ཅིག་སྡེ་བ་དེར་གློག་བརྙན་ཕབ་པར་འོང་ལ། དེའི་གྲས་སུBilluཡི་ཆུང་གྲོགས་ཏེ་སྐབས་དེར་གྲགས་ཆེ་པའི་མི་སྣSahir Khanཡང་འདུག དེ་ནས་བཟུང་། Billuཡི་གནས་སྟངས་ལ་འགྱུར་ལྡོག་བྱུང་ཞིང་། ཚང་མས་ཁོ་ལ་བརྩི་འཇོག་བྱེད་པ་དང་།   མི་སྣ་གྲགས་ཆེན་དེ་དང་འཕྲད་པར་ཡང་ཡང་བསྐུལ། ཡིན་ནའང་། Billuཡིས་བསམ་པར། རང་ཉིད་ནི་མི་ཆུང་དབང་ཆུང་ཡིན་རྐྱེན། Sahir Khanདང་གྲོགས་འདང་འཆང་བའི་ལས་བསྐལ་མེད་པའམ། Sahir Khanཡིས་ཀྱང་ངོ་ཤེས་མིན་སོགས་ཡིད་ལ་མང་པོ་དྲན།  དེའི་གཞུག་ནས།  ཁོསSahir Khanདང་མཇལ་བའི་ཚོད་ལྟ་མང་པོ་བྱེད་མོད་གཅིག་ཀྱང་ལེགས་འགྲུབ་མ་བྱུང་། མཐའ་མར།  ཁོའི་རེ་ཐག་ཆད་དེ་མཇལ་འདོད་ཀྱི་བསམ་པ་བོར།


             མི་སེམས་མིས་མི་ལོན་ཟེར་བ་ནང་བཞིན། མི་གཞན་པས་སྐད་གྲགས་ཅནSahir Khanདེ་དང་ཁོ་གཉིས་བར་གྱི་འབྲེལ་བ་རྗུན་བཟོ་རེད་ཅེས་པའི་འཁྱལ་གཏམ་བསྒྲགས་པ་དང་། ཚང་མས་ཁོ་ལ་མཐོང་ཆུང་དང་གུས་མེད་བྱ་མགོ་བརྩམས། ཐ་ན། བཟའ་མི་ཚོའང་ཁོའི་སྐད་ཆར་དོགས་པ་ལངས་ཏེ། ཁྱིམ་ཚང་དང་བྱིས་པ་ཚོའི་བར་ཐག་ཀྱང་རིང་དུ་བཀྱེད་པས།  ཁོ་ལ་ན་ཟུག་དང་དཀའ་ངལ་མང་པོས་ཕྱོགས་ཕྱོགས་ནས་དེད།   ཡིན་ནའང་།   Sahir KhanཡིསBilluཀྱིས་རང་ལ་ཆུང་དུས་སུ་བདག་སྐྱོང་བྱེད་པ་སོགས་བརྗེད་མེད་པར་མ་ཟད། དུས་གཏན་དུBilluནི་ཁོའི་སེམས་པའི་གནས་ཚང་དྲོན་མོ་ཞིག་དང་བཀུར་འོས་པའི་མི་བུ་དེ་རང་ཡིན། ནམ་ཡང་དྲིན་ལན་འཇལ་ཐུབ་པའི་བསྐལ་བར་སྒུག་ཡོད།  དེའི་ཕྱིར་འགལ་བ་དེ་འདྲའི་འོག་ནས་ཁོང་གཉིས་བར་ལ་མི་སེམས་གཡོ་སྐྱོམ་བགྱི་བའི་གཏམ་རྒྱུད་དག་བྱུང་།


དཔྱད་བརྗོད་ཐུང་ངུ་།


              རྒྱ་གར་གློག་བརྙན་ཕལ་མོ་ཆེ་དང་འདྲ་བར། མི་རིགས་དེའི་གླུ་ངག་དང་བྲོ་གར་ནི་གློག་བརྙན་ཁྲོད་ནས་སྒྱུ་རྩལ་གྱི་དོ་ཤལ་ཆེ་ཤོས་དེ་ཡིན་ལ། གློག་བརྙན་འདིར་ཡང་དེའི་ཁྱད་ཆོས་མངོན་པ་མ་ཟད།  དེ་ལས་ལྷག་པར་འཛམ་གླིང་ན་སྙན་གྲགས་དོད་པའི་འཁྲབ་སྟོན་པ་དང་གླུ་བShahrukh Khanཡི་སྒྱུ་རྩལ་གྱི་གཟི་དཔལ་འོག་ལྷན་རྒྱས་ཀྱི་མིག་གི་དབང་པོ་ཅིག་ཅར་ཏུ་འཕྲོག་ངེས་ལ། གློག་བརྙན་ཁྲོད་ཀྱི་མཚར་སྡུག་གི་ཡུལ་ལྗོངས་ཀྱིས་རང་བྱུང་མ་མ་ཡི་མཛེས་པ་ཕུན་སུམ་ཚོགས་པར་ངོམས་ཡོད།  དེ་མིན། གློག་བརྙན་འདིས་གྲོགས་པོའི་བར་གྱི་བརྩེ་བ་དྭངས་མ་ཞིག་གིས་སྣེ་དྲངས་ཏེ། ང་ཚོ་མི་གཤིས་ཀྱི་ཟབ་ས་ཞིག་ཏུ་འཁྲིད་ཐུབ་ལ།  དྲིན་གཟོ་དང་བྱམས་བརྩེ་ཡི་སློབ་གསོ་མཐུག་པོ་ཞིག་ཀྱང་སྟེར་ངེས།


【རྩོམ་སྒྲིག་པ། བློ་བཟང་རྡོ་རྗེ།】

དཔྱད་མཆན་ཡོད།