སྲིན་འབུ་མེ་ཁྱེར་གྱི་དུར་ས།

ནང་དོན་མདོར་བསྡུས།

   སྲིན་འབུ་མེ་ཁྱེར་གྱི་དུར་ས།》     

                               ——དམག་འཁྲུག་ནི་ཆབ་སྲིད་པའི་རོལ་རྩེད་ཡིན།སྡུག་བསྔལ་དང་རྨས་སྐྱོན་ཕོག་མཁན་ནི་ཏག་ཏག་ཉེས་མེད་ཀྱི་མང་ཚོགས་རེད།

 【སྨོན་འགྲུབ་སྒྲོན་མ། 

 2.jpg


ངོ་སྤྲོད་མདོར་བསྡུས།

སྲིན་འབུ་མེ་ཁྱེར་གྱི་དུར་ས།ཞེས་པའི་གློག་བརྙན་ནི་ཐ་ཁ་ཧ་ཐ་ཡི་ས་ཨོའོ(高畑勲)ལགས་ཀྱིས་འཁྲབ་ཁྲིད་གནང་བའི་ཉི་ཧོང་གི་འགུལ་རིས་གློག་བརྙན་ཞིག་ཡིན།གློག་བརྙན་འདི་རུ་འཛམ་གླིང་དམག་ཆེན་གཉིས་པའི་མཐའ་མཇུག་ལ་ཉི་ཧོང་གི་ཁོའོ་བེ་གྲོང་ཁྱེར(神戸市)དུ་ཨ་མ་མཁའ་རྒོལ་གྱི་རྐྱེན་ངན་པས་བཀྲོངས་པའི་གཅེན་པོ(清太)དང་ལོ་བཞི་ལ་སླེབས་པའི་གཅུང་མོ(节子)གཉིས་ཀ་གཉེན་ཉེའི་གསོ་སྐྱོང་འོག་དང་སྐབས་དེའི་དབང་སྒྱུར་འོག་ནས་མི་ཚོགས་དང་ཡོངས་བྲལ་བྱེད་དེ་རི་ཕུག་ཞིག་ཏུ་ཡིབ་ནས་འཚོ་ཐབས་བྱེད་ཀྱང་མི་རྒན་གྱི་རོགས་སྐྱོར་མ་བྱུང་བའི་སྟབས་རིམ་བཞིན་འཆི་བ་ལམ་ལ་འཕོས་པའི་སྒྲུང་གཏམ་ཞིག་ཡིན།

3.jpg


ནང་དོན་མདོར་བསྡུས།

     མེ་འཁོར་འབབ་ཚིགས་ཀྱི་འགྲམ་དུ་ཕར་འགྲོ་ཚུར་འོང་གི་མི་ཚོགས་དཀྱིལ་ན་གྱོན་ཆས་ཧྲལ་ཧྲུལ་དུ་གྱུར་བའི་ན་གཞོན་ཞིག་དབུགས་ཆད་ལ་ཁད་ཀྱི་འགྱེལ་ནས་བསྡད་ཡོད། ཁོང་གི་ཡུན་ཐུང་བའི་མི་ཚེའིམཐའ་སྣེ་སྟེ་ལོ་བཅུ་བཞིའི་ཕྱོགས་སུ་བསྐྱོད་བཞིན་ཡོད། འདི་ནི་དམག་ཕམ་རྗེས་ཀྱི་ཉི་ཧོང་ཡིན། མཁའ་རྒོལ་འགོ་ཚུགས་རྗེས་སྟབས་མ་ལེགས་པ་ཞིག་ལ་ཨ་མ་འབར་འདེལ་གྱི་འོག་སྐུ་གཤེགས། གློ་བུར་བྱུང་བའི་འགལ་རྐྱེན་མདུན་དུ་གཅེན་པོས་ཨ་མ་གྲོངས་པའི་གནས་ཚུལ་དེ་ལོ་ན་ཆུང་བའི་གཅུང་མོར་སྦས་གསང་མི་བྱེད་དཀའ་མེད་བྱུང་། ཡངས་ཤིང་རྒྱ་ཆེ་བའི་ཐང་སྡེར་གཅེན་པོས་འཛུམ་བག་སྟོན་ནས་ཨ་མ་འཚོལ་བཞིན་པའི་གཅུང་མོ་དང་ལྷན་དུ་རྐྱང་རྡང་རྩེད་བཞིན་པའི་རྒྱབ་གཟུགས་ནི་ནུབ་ཁའི་ཉི་འོད་འོག་ཏུ་དེ་བས་ཀྱང་ཞན་པར་མངོན།སྐབས་དེ་དུས་གཅེན་པོས་རང་ཉིད་ཀྱི་མྱ་ངན་ཡོད་དོ་ཅོག་གསོས་ཏེ་གཅིག་པུར་འཁྲུག་ཟིང་གི་གྱང་རོའི་ཁྲོད་ལུས་པའི་གཅུང་མོར་ལྷིང་འཇགས་ཀྱི་འཚོ་བ་ཞིག་སྤྲོད་རྒྱུའི་སེམས་ཐག་བཅད། འཚོ་གནས་ཀྱི་སླད་དུ་གཅེན་གཅུང་གཉིས་གཉེན་ཉེ་འཚོལ་བར་འགྲོ་རྒྱུ་ལས་གཞན་ཐབས་གང་ཡང་མེད། འོན་ཀྱང་དམག་འཁྲུག་གིས་སྤུན་མཆེད་གྱི་འབྲེལ་བ་ཇེ་རིང་དུ་བཏང་ཞིང་དངོས་ཟོག་མི་འདང་བ་སོགས་ཀྱི་རྐྱེན་གྱིས་མི་རྣམས་ལྷག་པར་དོ་ཁུར་མེད་པ་གྱུར། ཉིན་རེ་བཞིན་མིག་ལོག་ཇེ་མང་དང་བཟའ་ཆས་ཇེ་ཉུང་དུ་སོང་མཐར། གཅེན་པོས་རང་ཉིད་ཀྱི་གཅུང་མོ་འཁྲིད་དེ་འཚོ་བ་གསར་བ་ཞིག་རོལ་བསམ་ནས་གླུ་གཞས་བཏང་ཞིང་ཐོན། བསམ་ཡུལ་ལས་འདས་པ་ཞིག་ལ་དམག་འཁྲུག་གིས་ལྟག་ལོག་རྒྱག་མི་ཐུབ་པ་ཞིང་ཉམ་ཐག་པའི་ལས་དབང་ལས་ཐར་བའི་རེ་བ་མེད། གཅེན་པོས་གཅུང་མོ་བཀྲེས་ལྟོགས་ནས་ཐར་བའི་ཆེད་དུ་མདེལ་གཏོང་གནམ་གྲུས་འབར་མདེལ་འཕེན་བཞིན་པའི་སྐབས་དང་བསྟུན་ནས་སྲོག་ཉེན་ལ་མི་འཛེམ་པར་བཟའ་ཆས་བརྐུ་བར་འགྲོ་བཞིན། མུན་ནག་གིས་བྱུགས་པའི་རི་ཕུག་ནས་སྲིན་འབུ་མེ་ཁྱེར་བཟུང་སྟེ་ཉལ་གུར་ནང་དུ་བླུགས་ཤིང་། གང་སར་འཕུར་ལྡིང་བྱེད་པའི་སྲིན་འབུ་མེ་ཁྱེར་ལས་ཐོན་པའི་འོད་མདངས་རབ་རིབ་ཁྲོད་གཅེན་གཅུང་གཉིས་ཀྱི་ཡ་ང་བའི་རྣམ་པ་མིག་ལམ་དུ་འཆར་འོངས།

4.jpg


དཔྱད་གཏམ།

   གློག་བརྙན་འདི་ནི་དམག་འཁྲུག་གི་གནོད་འཚེ་ཕོག་པའི་དྭ་ཕྲུག་གི་གཏམ་རྒྱུད་ཞིབ་འབྲི་དང་། བཀྲེས་ལྟོགས་ཀྱི་རྣམ་པ་མངོན་སུམ་གསལ་རྗེན་བྱས་ཤིང་མི་ཤ་ཟོས་པའི་དུས་ཟིང་ལ་སུན་འབྱིན་བྱེད་པ་ཞིག་ཡིན། འདི་ནི་དམག་ཕམ་པའི་ཉི་ཧོང་ཁོ་ནར་བྱུང་བ་དཀོན་པའི་འགལ་རྐྱེན་ནམ་བསླབ་གཅུན་ཞིག་ཡིན། གློག་བརྙན་འདི་ནི་"འཆི་"བརྗོད་བྱའི་སྙིངབོ་བྱས་པའི་བརྩམས་ཆོས་ཤིག་ཡིན། འདི་རུ་ཆབ་སྲིད་ཀྱི་ཆོས་འཆད་པ་མིན་པར། ཤི་ཞེས་པའི་གནད་དོན་དེ་ལ་མངོན་ངོས་ནས་གདོང་གཏོད་པའི་ཚོར་སྣང་གསར་བ་ཞིག་སྤྲད་ཡོད།

5.jpg


སྤྱི་ཚོགས་ཀྱི་དཔྱད་བརྗོད།

༡ ཨ་རིའི་དཔྱད་བརྗོད་པ罗杰艾伯特(Roger Ebert)ཡིས་གློག་བརྙན་འདི་ནི་བློ་ཁའི་ཡིད་དབང་འགུག་ནུས་ལྡན་ཞིང་བསམ་ཞིབ་མི་བྱེད་དཀའ་མེད་ཀྱི་ནུས་ལྡན་གློག་བརྙན་ཞིག་རེད་འདུག་ཞེས་གསུང་།

༢ དབྱིན་ཇིའི་འཁྲབ་ཁྲིད་པ特里•吉列姆ཡིTimeoutདྲ་རྒྱའི་ཐོག་སྔོན་ཐོན་འགུལ་རིས་གློག་བརྙན་༥༠ནང་གི་ཨང་གཉིས་པར་གནས།

༣ དབྱིན་ཇིའི་གློག་བརྙན་དུས་དེབ<>ཐོག་སྔོན་ཐོན་གྱི་འགུལ་རིས་གློག་བརྙན་ནང་གི་ཨང་༡༢སླེབས།

༤ དབྱིན་ཇིའི་གློག་བརྙན་དུས་དེབ《Empire》སྔོན་ཐོན་གྱི་སེམས་འགུལ་ཐེབས་ཤོས་ཀྱི་གློག་བརྙན་བཅུའི་ནང་ཨང་དྲུག་པ་བླངས་ཡོད།


                                     

ཞུ་དག་པ།རྟ་མགྲིན་སྐྱབས། རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།


དཔྱད་མཆན་ཡོད།