སྐབས73པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་སེང་གེའི་རྟགས་མ«བྲལ་བའི་བུད་མེད»ལ་ཐོབ

Venezia-73.jpg

   པེ་ཅིན་གྱི་ཆུ་ཚོད་སྤྱི་ཟླ9པའི་ཚེས10ཉིན། ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས73པ་བདེ་བླག་ངང་མཇུས་བསྡུས་ཡོད་པའི་གསར་འགྱུར་འབྱོར། ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ལོ་རེའི་སྤྱི་ཟླ་བརྒྱད་པ་ནས་དགུ་པའི་བར་ཨི་ཐ་ལིའི་ཝེ་ནུ་སི་གླིང་ཕྲན་དུ་སྤེལ་བཞིན་ཡོད་ལ།  དེ་ནི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ལས་ཆེས་སྔ་ཤོས་ཡིན་པས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཀུན་གྱི་ཏོག་ཏུ་འབོད།  གློག་བརྙན་དུས་ཆེན་འདིའི་བྱ་དགའི་རྣམ་གྲངས་ལ་གཏམ་རྒྱུད་གློག་བརྙན་རྩེ་གྲ་དང་དངོས་ཞུས་རྩེ་གྲ།  བརྙན་ཐུང་རྩེ་གྲ།  དབྱི་ཐ་ལིའི་གློག་བརྙན།  རྒྱལ་སྤྱིའི་གློག་བརྙན་རྩེ་གྲ་བཅས་དང་།  ད་དུང་འཁྲབ་ཁྲིད་པ་དང་འཁྲབ་གཞུང་། འཁྲབ་སྟོན་པ། བརྙན་ལེན། རོལ་དབྱངས་བཅས་ལའང་ཕུལ་བྱུང་གི་རྟགས་མ་གནང་སྲོལ་ཡོད།                                                                               

       སྐབས་འདིའི་གློག་བརྙན་དུས་སྟོན་དུ། ཕི་ལི་ཕིན་རྒྱལ་ཁབ་ནས་ཡིན་པའི་འཁྲབ་ཁྲིད་པ་ལཱ་ཝི་དྷ་ཟི(Lav Diaz)ལགས་ཀྱི«བྲལ་བའི་བུད་མེད»ཅེས་པར་གློག་བརྙན་རྩེ་གྲའི་བྱ་དགའ་བསྩལ་ཡོད་ལ། གློག་བརྙན་དེ་ནི་བཙོན་ར་ནས་ཐར་བའི་བུད་མེད་དགེ་རྒན་ཞིག་གི་སྐྱོ་ལ་སྡུག་པའི་མི་ཚེའི་གཏམ་རྒྱུད་རེ་རེ་བརྙན་རིས་སུ་ཕབ་པ་ཞིག་ཡིན་འདུག  འཁྲབ་ཁྲིད་པ་ཐོམ(Tom Ford)ལགས་ཀྱི«མཚན་མོའི་སྲོག་ཆགས»ཞེས་པར་དངུལ་གྱི་སེང་གེའི་རྟགས་མ་ཐོབ་ཡོད་པ་དང་། འཁྲབ་ཁྲིད་པ་ཨ་མཱ་ཏི(Amat Escalante)ལགས་ཀྱི«དམུ་རྒོད་ཀྱི་ཡུལ»ཞེས་པ་དང་ཨན་དྷེ(Andrei Konchalovsky)ལགས་ཀྱི«ཞིང་ཁམས»གཉིས་ཀར་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

     
        «ཕུལ་བྱུང་མངའ་འབངས»ཀྱི་འཁྲབ་སྟོན་པ་ཨོ་ཟི་ཁཱར(Oscar Martínez)ལགས་དང«བརྩེ་བའི་ཡུལ་གྲུའི»འཁྲབ་སྟོན་པ་ཨེམ་མཱ(Emma Ston)ལགས་ལ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་བསྕལ་ཡོད་ལ། དབྱིན་ཇི་ནས་ཡིན་པའི«སྐུ་ལྕམ»ཞེས་པར་ཕུལ་བྱུང་འཁྲབ་གཞུང་གི་མཚན་སྙན་ཐོབ་པ་དང་། ཨ་རིའི་གློག་བརྙན«སྐྱོ་ལ་སྡུག་པའི་བརྩེ་དུངས»ཞེས་པར་དཔྱད་འདེམ་པའི་དམིགས་བསལ་བྱ་དགའ་ཐོབ་ཡོད་འདུག 
 
གཤམ་གསལ་ནི་བྱ་དགའ་ཐོབ་པའི་སྒྱུ་རྩལ་པ་དང་བརྩམས་ཆོས་ཁག་གི་ཐོ་ཡིག་ཞིབ་རྒྱས་ཡིན་སྟེ།
 
གསེར་གྱི་སེང་གེའི་རྟགས་མ། 
Golden Lion for best film
«བྲལ་བའི་བུད་མེད།»
The Woman Who Left (Ang Babaeng Humayo; Philippines) by Lav Diaz
 
དངུལ་གྱི་སེང་གེའི་རྟགས་མ།
Silver Lion – grand jury prize
«མཚན་མོའི་སྲོག་ཆགས།»
Nocturnal Animals (USA) by Tom Ford
 
འཁྲབ་ཁྲིད་པ་རྩེ་གྲ།
Silver Lion award for best director (tie)
«ཞིང་ཁམས།» 
Andrei Konchalovsky, Paradise (CIS)
«དམུ་རྒོད་ཀྱི་ཡུལ།»
Amat Escalante, The Untamed (La Región Salvaje, Mexico-Denmark-France-Germany- Norway-Switzerland)
 
འཁྲབ་སྟོན་པ་རྩེ་གྲ (མོ)
Coppa Volpi for Best Actress
ཨེམ་མཱ Emma Stone,
«བརྩེ་བའི་ཡུལ་གྲུ།» 
 La La Land (USA)
 
འཁྲབ་སྟོན་པ་རྩེ་གྲ (ཕོ)
Coppa Volpi for Best Actor
ཨོ་ཟི་ཁཱར Oscar Martínez, 
«ཕུལ་བྱུང་མངའ་འབངས།»
The Distinguished Citizen (El Ciudadano Ilustre; Argentina-Spain)
 
ཕུལ་བྱུང་འཁྲབ་གཞུང་།
Screenplay 
«སྐུ་ལྕམ།»
Noah Oppenheim, Jackie (UK) 
 
དཔྱད་འདེམ་པའི་བྱ་དགའ།
Special Jury Prize
«སྐྱོ་ལ་སྡུག་པའི་བརྩེ་དུངས།»
Ana Lily Amirpour, The Bad Batch (USA)
 
ཕུལ་བྱུང་གཞོན་སྐྱེས་འཁྲབ་སྟོན་པའི་བྱ་དགའ།
Marcello Mastroianni Award for Best Young Actress
Paula Beer, Frantz (France-Germany)
 
ཝེ་ནཱ་སི་བརྙན་ཕུད་བྱ་དགའ། 
Lion Of The Future ‘Luigi De Laurentiis’ Venice Award for a debut film
The Last Of Us (Akher Wahed Fina; Tunisia-Qatar-U.A.E.-Lebanon) by Ala Eddine Slim
 

དཔྱད་མཆན་ཡོད།