མཁྱེན་བརྩེ་ནོར་བུ་ཡི་གློག་བརྙན་གསར་པ « ཧེ་མ་ཧེ་མ» ཏོ་རོན་ཏོ་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་།

无标题.png                 ཉེ་ཆར། བྱང་ཨ་རིའི་ཁ་ན་ཏ་ནས་བསྡུས་པའི་ཏོ་རོན་ཏོ་གློག་བརྙན་དུས་ཆེན་སྟེང་། འབྲུག་ཡུལ་གྱི་གློག་བརྙན་འཁྲབ་ཁྲིད་པ་མཁྱེན་བརྩེ་ནོར་བུ་ཡི་བརྩམས་ཆོས་གསར་བ«ཧེ་མ་ཧེ་མ»ཞེས་པ་གཟིགས་འབུལ་གནང་བ་དང་། དེ་ནི་གློག་བརྙན་འདི་ག་ཐེངས་དང་པོར་བྱང་ཨ་རི་ནས་གཟིགས་མོ་བའི་སྤྱན་ལམ་དུ་ཕུལ་བ་ཡིན་འདུག 

       ཤེས་གསལ་ལྟར་ན།  མིག་སྔའི་བར་དུ། གློག་བརྙན་གསར་བ་འདི་ཡོ་རོབ་གླིང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གལ་ཆེ་ཤོས་ལོ་ཁཱར་ནོ་གློག་བརྙན་དུས་སྟོན་དང་། མི་འགྱངས་བའི་ཟླ་བཅུ་བའི་ཚེས་དྲུག་ནས་ཚེས་བཅུ་གཉིས་བར་ལྷོ་ཁོ་རི་ཡའི་ཧྥོ་ཧྲན་གྲོང་ཁྱེར་དུ་བསྡུ་འཆར་ཡོད་པའི་ཧྥོ་ཧྲན་གློག་བརྙན་དུས་ཆེན་གཉིས་ཀར་ཚུད་ཡོད་པའི་གནས་ཚུལ་འདུག

44444.png 

        འཁྲབ་ཁྲིད་པ་མཁྱེན་བརྩེ་ནོར་བུ་ལ་མཚོན་ན། གློག་བརྙན་སྒྲིག་བཟོའི་ལས་ལ་ཞུགས་པ་ནི་1993ལོར་དབྱི་ཐ་ལིའི་འཁྲབ་ཁྲིད་པ་གྲགས་ཅན་བེར་ནཱར་དྷོ·བེར་ཏོ་ལུ་ཆི་ཡིས་གློག་བརྙན་གྲགས་ཆེན« སྤྲུལ་སྐུ། » ཞེས་པ་ཕབ་སྐྲུན་བྱས་པའི་གོ་རིམ་ཁྲོད་བློ་འདོན་པའི་འགན་ཁུར་བ་ནས་མགོ་བརྩམས་པ་ཡིན་ལ།  ད་བར་དུ་བརྩམས་ཆོས་ལ« ཕོར་བ།»དང« ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།» « སྐྱབས་འཇུག » «ཧེ་མ་ཧེ་མ»བཅས་གློག་བརྙན་བཞི་ཡོད་འདུག

555555.png

           

         «ཧེ་མ་ཧེ་མ»ཞེས་པའི་གློག་བརྙན་འདིའི་ནང་དོན་གཙོ་བོ་ནི།   གནའ་བོའི་དུས་སུ་འབྲུག་ཡུལ་གྱི་གདོད་མའི་ནགས་ཚལ་ཞིག་གི་ནང་དུ་ལོ་འཁོར་བཅུ་གཉིས་རེའི་ནང་དུ་གསང་བའི་འདུ་ཚོགས་རེ་བསྡུ་བཞིན་ཡོད་དེ།  འདུ་ཚོགས་ལ་ཞུགས་མཁན་དག་གིས་གདོང་འབག་འདྲ་མིན་རེ་གྱོན་ནས་རང་རང་གི་རུས་མིང་དང་ལོ་ཚོད་ལ་སོགས་པའི་གནས་ཚུལ་མཐའ་དག་སྦ་གསང་བྱེད་ལ།  དེའི་ཚེ་ན། ཁོ་ཚོ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་སོགས་གང་གིས་ཀྱང་མི་བཅིངས་པར། ངོ་འབག་གདོང་ལ་གྱོན་ཏེ་མཉམ་གཅིག་ཏུ་ཞབས་བྲོ་དང་ཆོས་ལུགས་ཀྱི་ཆོ་ག་སོགས་སྤེལ་ནས་འཚོ་བ་རོལ་དགོས་ཡོད།  འདི་ལྟ་བུའི་ཁོར་ཡུག་ཁྱད་པར་བའི་འོག་ཏུ། མིའི་ནང་སེམས་ཀྱི་གཏིང་རིམ་ན་བག་ལ་གནས་པའི་མི་གཤིས་ངོ་གཉིས་མའི་རང་བཞིན་ཡང་ངང་གིས་མངོན་ཡོང་བར་བྱེད། གློག་བརྙན་འདིས་བརྗོད་བྱ་གཙོ་བོ་འདིར་དམིགས་ཏེ་མིའི་ནང་སེམས་ཀྱི་རང་བཞིན་ཡེ་ན་གནས་པ་དག་འཚོལ་ཞིབ་བྱས་ཡོད་འདུག  

 

  

དཔྱད་མཆན་ཡོད།