ཏོ་རོན་ཏོ་གློག་བརྙན་དུས་སྟོན་གྱི་དཔྱད་འབྲས།

     qqqq.pngཉེ་ཆར། 2016ལོའི་སྐབས41པའི་ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བདེ་བླག་ངང་མཇུག་བསྒྲིལ་བ་དང་། གཟེངས་རྟགས་ཐོབ་མཁན་སོ་སོའི་མིང་ཐོ་ཡང་ཕྱི་བསྒྲགས་བྱས་འདུག  གླུ་གར་གློག་བརྙན« རོལ་དབྱངས་ཀྱི་གྲོང་།»ཞེས་པར་གཟེངས་རྟགས་མཐོ་ཤོས་ཏེ་ལྟད་མོ་བའི་གདམ་གསེས་གཟེངས་རྟགས་བསྩལ་ཡོད་པ་དང་།   ཀྲུང་གོའི་གློག་བརྙན« ང་རང་ཕཱན་ཅིན་ལེན་མིན།»ཞེས་པར་རྒྱལ་སྤྱིའི་བརྙན་དཔྱད་པའི་ཧྥེ་པི་ཞི་གཟེངས་རྟགས་ཐོབ་པ་དང་། མཁྱེན་བརྩེ་ནོར་བུའི་གློག་བརྙན« ཧེ་མ་ཧེ་མ། » ཞེས་པར་དམིགས་བསལ་གཟེངས་རྟགས་ཐོབ་ཡོད་འདུག
 
གཤམ་གསལ་ནི་སྤྱི་ལོ་2016ལོའི་སྐབས41པའི་ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་གཙོ་བོ་ཁག་ཐོབ་ཡོད་པའི་མིང་ཐོ་ཞིབ་རྒྱས་ཡིན།
 
        ལྟད་མོ་བའི་གདམ་གསེས་གཟེངས་རྟགས།
        ཨང་དང་པོ:« རོལ་དབྱངས་ཀྱི་གྲོང་། »  (La La Land)
  ཨང་གཉིས་པ: « སེང་གེ » (Lion)
         ཨང་གསུམ་པ:« རྒྱལ་མོ་ཁཱ་ཀྲེ » (The Queen of Katwe)
 
        ལྟད་མོ་བའི་གདམ་གསེས་གཟེངས་རྟགས། (ནམ་གུང་གི་སྨྱོན་རྟགས་ཚན་པ།)
  ཨང་དང་པོ:« རང་དབང་གི་མེ་ལྕེ། » (Free Fire)
  ཨང་གཉིས་པ:«ཇེམ་ཀྲོ་ཡི་བེམ་རོ་ལ་བརྟག་དཔྱད་བྱས་པ།» (The Autopsy of Jane Doe)
   
        ལྟད་མོ་བའི་གདམ་གསེས་གཟེངས་རྟགས། (དངོས་བཤུས་གློག་བརྙན།)
  ཨང་དང་པོ:« ང་རང་མི་ནག་མིན། » (I Am Not Your Negro)
  ཨང་གཉིས་པ:« བཙོན་ཁང་ཆུང་ཆུང་ཞིག་དང་འདྲ། » (ABACUS: Small Enough to Jail)
  ཨང་གསུམ་པ:« ཆུ་ལོག་མ་ཡོང་སྔོན་དུ།» (Before the Flood)
 
        སྒུག་སྟེགས་ཚན་པའི་གློག་བརྙན་རྩེ་གྲ:« ལྕམ་མོ།» (Jackie)
  སྒུག་སྟེགས་ཚན་པའི་ཁྱད་པར་གཟེངས་རྟགས:«ཧེ་མ་ཧེ་མ།» (Hema Hema: Sing Me a Song While I Wait)
        རྒྱལ་སྤྱི་བརྙན་དཔྱད་པའི་ཧྥེ་པི་ཞི་གཟེངས་རྟགས།(གསར་རྙེད་ཚན་པ།):«ཁཱ་ཀྲེ་ཁཱ་ཁྲེ།» (KATI KATI)
        རྒྱལ་སྤྱི་བརྙན་དཔྱད་པའི་ཧྥེ་པི་ཞི་གཟེངས་རྟགས།(ཁྱད་པར་གཟིགས་འབུལ་ཚན་པ།):« ང་རང་ཕེན་ཅིན་ལེན་མིན།» (我不是潘金莲)
  ཁཱ་ན་ཏའི་གློག་བརྙན་རྩེ་གྲ:« གསར་བརྗེ་རྒྱུན་འཁྱོངས་མི་བྱེད་པ་ནི་རང་ཉིད་འཆི་ལམ་དུ་འདེད་པའོ།» (Those Who Make Revolution Halfway Only Dig Their Own Graves)
  ཁཱ་ན་ཏའི་ཐོག་མའི་བརྩམས་ཆོས་རྩེ་གྲ:« རྡོ་རྙིང་།» (Old Stone)
 
 
 

དཔྱད་མཆན་ཡོད།