« ཐར་ལོ»ལ་གཏམ་རྒྱུད་གློག་བརྙན་རྩེ་གྲ་ཐོབ།

      W020150806538631293038.jpg    ཚེས་བཅོ་བརྒྱད་ཉིན། ཉིན་བཞིའི་རིང་སྤེལ་བའི་སྐབས་ཐོག་མའི་དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་སྟོན་མེ་ལཱན་ནས་མཇུག་བསྒྲིལ་བ་དང་།     «ཐར་ལོ»ལ་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་གཟེངས་རྟགས་མཐོ་ཤོས་ཏེ་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་བསྩལ་ཡོད་འདུག 

           གློག་བརྙན་འདིས་ཁྱད་དུ་འཕགས་པའི་བརྗོད་གཞི་དང་མཐོང་སྣེ། བྱང་ཆ་ཡོད་པའི་བརྙན་ལེན་ཐབས་བཅས་ལ་བརྟེན་ནས་བོད་ཀྱི་ས་སྒང་        འདིའི་སྟེང་གི་ཚེ་སྲོག་དང་འདོད་ཆགས།  བརྩེ་དུང་བཅས་མངོན་པར་མཚོན་ཡོད་པ་དང་། མིའི་རིགས་རིག་པའི་ལོ་རྒྱུས་སྟེང་གི་ངོ་མཚར་བའི་གཏམ་རྒྱུད་ཅིག མཛེས་པ་འབུར་དུ་ཐོན་པའི་སྒོ་ནས་བསྟན་ཡོད་ཅེས་དཔྱད་འདེམས་པ་ཡོངས་ཀྱིས་གདེང་འཇོག་ཆེན་པོ་གནང་ཡོད་འདུག  

       གཞན་ད་དུང་ཀྲུང་གོའི་གློག་བརྙན«འཁྱགས་རོམ་འོག་གི་བེམ་རོ»ལ་དཔྱད་འདེམས་པའི་དམིགས་བསལ་གཟེངས་རྟགས་ཐོབ་ཡོད་པ་དང་།    «མུན་ནག་གི་ནང་དུ་ཅི་ཞིག་ཡོད་དམ»ཞེས་པར་འཁྲབ་ཁྲིད་པ་རྩེ་གྲ་དང་། « སྐུ་ཞབས་ཧྲིན་ལགས་ཀྱི་དགའ་མ»ལ་འཁྲབ་གཞུང་རྩེ་གྲ། «གནས་      སྤོ»ལ་འཁྲབ་སྟོན་པ་རྩེ་གྲ་མོ། «ཐན་སན་བླ་མ» ལ་འཁྲབ་སྟོན་པ་རྩེ་གྲ་ཕོ།  «ཀྲུང་གོའི་ན་གཞོན་རྐང་གྲུག་རུ་ཁག»ལ་དངོས་ཞུས་གློག་བརྙན་རྩེ་གྲ «ལམ་ཡིག་མཐའ་མ»ལ་ཤར་ཁུལ་གྱི་འཁྲབ་སྟོན་པ་གསར་བའི་གཟེངས་རྟགས་བཅས་བསྩལ་ཡོད་པའི་གསར་འགྱུར་ཐོན་འདུག 
 
 
 

དཔྱད་མཆན་ཡོད།