ཁྱུང་ཆེན་བརྙན་གླིང་གི་སྒོ་འབྱེད་མཛད་སྒོ་འབའ་ཡུལ་ནས་བསྡུས།

640.jpg

       དེ་རིང་སྟེ།  སྤྱི་ཟླ9པའི་ཚེས23ཉིན།  བོད་ཀྱི་གློག་བརྙན་འཕྲིན་སྒྱུ་རྩལ་ཕབ་ལེན་ལྟེ་གནས་ཐོག་མ"ཁྱུང་ཆེན་བརྙན་གླིང"གི་རྨང་གཞིའི་འཛུགས་སྐྲུན་ལེགས་པར་འགྲུབ་པའི་མཛད་སྒོ་མདོ་སྨད་འབའ་ཡུལ་ནས་བསྡུས།  

aaaa.jpg

      ཁྱུང་ཆེན་བརྙན་གླིང་ནི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་དང་བསོད་ནམས་རིན་ཆེན་རྒྱལ་སོགས་མིག་རྒྱང་རིང་བའི་གཞོན་སྐྱེས་འགས་ཆེད་ལས་ཀྱི་ལམ་ནས་གློག་བརྙན་འཕྲིན་ཕབ་སྐྲུན་དང་།  སྒྲིག་སྦྱོར་དང་། དེ་བཞིན་བརྙན་ལས་མི་སྣ་སྐྱེད་སྲིང་བྱེད་པར་དམིགས་ནས་འཛུགས་སྐྲུན་བྱས་པ་ཞིག་སྟེ།  ལོ་ངོ་གཅིག་ལྷག་གི་འབད་འབུངས་བརྒྱུད།  ད་ལྟ་བརྙན་གླིང་གི་ཕྱི་ནང་གི་ཇུས་འགོད་ཕྲ་རགས་ཡོད་དོ་ཅོག་དང་སྒྲིག་ཆས་མཐའ་དག་ཚགས་སུ་ཆུད་པར་བྱས་ཏེ།  རྨང་གཞིའི་འཛུགས་སྐྲུན་གྱི་ལས་རིམ་དང་པོ་ཡོངས་སུ་མཇུག་གྲིལ་འདུག་ལ།  ཕྱིས་ཀྱི་འཛུགས་སྐྲུན་ལས་འཆར་གཞན་དག་ནི་སྤྱི་ལོ2020བར་ཏུ་རིམ་གྱིས་འཐུས་ཚང་དུ་གཏོང་རྩིས་ཡོད་འདུག  
qqqq.jpg
 
      དེ་ཡང་འབྲེལ་ཡོད་ལས་མིས་ངེད་དྲ་བར་གསུངས་དོན།  ཁྱུང་ཆེན་བརྙན་གླིང་ནས་གློག་བརྙན་འཕྲིན་གྱི་ལས་རིགས་དར་སྤེལ་དང་སྐུལ་འདེད་ལ་ནུས་པ་རྩལ་དུ་སྤྲུགས་ཏེ། བོད་ཀྱི་བརྙན་ལས་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱས་ནས་གློག་བརྙན་ལ་བློ་ཁ་ཕྱོགས་པའི་མི་རྣམས་ལ་ཕུགས་བསམ་མངོན་འགྱུར་ཡོང་བའི་ཞིང་ས་གཤིན་པོ་ཞིག་བསྐྲུན་པར་འབད་པ་བྱེད་ངེས་ཡིན་ཟེར།
vvvv.jpg                                                                                                                                                                                                                                                                                                                                                                                                                                                                                                     

དཔྱད་མཆན་ཡོད།