སྦྱིན་པ་ལགས་གསེར་གྱི་རྟ་མཆོག་ལ་ཞོན་ཐུབ་བམ?

aaaa.jpg

        སྤྱི་ཟླ10པའི་ཚེས1ཉིན། སྐབས53པའི་གསེར་གྱི་རྟ་མཆོག་རྟགས་མའི་འོས་མིང་ཐོ་ཡིག་བསྒྲགས་ཤིང་།  འཁྲབ་སྟོན་པ་གསར་བ་རྩེ་གྲའི་འོས་མིང་དུ་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་སྦྱིན་པ་ལགས་ཚུད་འདུག   སྦྱིན་པ་ལགས་ནི།  བོད་མདོ་སྨད་ཀྱི་མི་ཡིན་ལ།   ཁོང་ལ་འཁྲབ་སྟོན་པའི་ཕན་ཆད་ནས་སྙན་ངག་པའི་ཆོ་ལོའང་ཡོད་དེ།  ཁོང་གིས་གེའུ་ཞེས་པའི་སྨྱུག་མིང་སྤྱད་ནས་སྙན་ངག་གི་བརྩམས་ཆོས་མང་པོ་རྩོམ་རིག་དུས་དེབ་དང་དྲ་ཐོག་ཏུ་སྤེལ་ཡོད་ཅིང་། ཀློག་མཁན་དག་དགའ་ཤོས་བྱེད་པའི་སྙན་ངག་པ་ཞིག་ཡིན།

       ད་རེབ་ཁོང་གིས་རྒྱ་མི་ཀྲང་དབྱང་གི་བོད་འབྲེལ་གློག་བརྙན《རྒྱུད་སྐུད་སྟེང་གི་རྣམ་ཤེས》ཞེས་པའི་ནང་དུ་མི་སྣ་གཙོ་བོ་འཁྲབ་ཡོད་འདུག

       གསེར་གྱི་རྟ་མཆོག་རྟགས་མ་ནི། 1962ལོར་དབུ་ཚུགས་ཤིང་། ཐེ་ཝན་ས་ཁུལ་དུ་གཙོ་སྐྱོང་བྱེད་ཀྱིན་ཡོད་ལ།  ཨེ་ཤེ་ཡ་གླིང་གི་གློག་བརྙན་དུས་ཆེན་ཆེ་གྲས་སུ་གཏོགས་སོ། །     

444.jpg

                                                                                 འགྲེམ་པར། 

555.jpg

                                                                             བརྙན་པར་དང་པོ། 

222.jpg

                                                                               བརྙན་པར་གཉིས་པ།

 རྫོགས་སོ། །

དཔྱད་མཆན་ཡོད།