གྲངས་ཉུང་མི་རིཊ་ཀྱི་གློག་བརྙན་དཔྱད་གླེང་ཚོཊ་འདུ་པེ་ཅིང་དུ་བསྡུས།

【 གསར་འགོད་པ། རིན་ཆེན་སྒྲོལ་མ།】 

       2016ལོའི10པའི་ཚེས29ཉིན། ཀྲུང་གོའི་གྲངས་ཉུང་མི་རིགས་གློག་བརྙན་གྱི་མཐོ་རིམ་དཔྱད་གླེང་ཚོགས་འདུ"གོམ་བགྲོད་དང་བསམ་གཞིག"ཅེས་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས་པ་དང་། ཐེངས་འདིའི་ཚོགས་འདུ་ལ། པེ་ཅིན་མི་རིགས་གློག་བརྙན་འགྲེམ་སྟོན་གྱི་ཀྲུའུ་ཞི། ཀྲུང་གོའི་མི་རིགས་གློག་བརྙན་གྱི་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཉིག་སུང(牛颂)དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྕོམ་རིག་དང་གསར་འགྱུར་གླིང་གི་གླིང་གཙོ། ཀྲུང་གོའི་མི་རིགས་གློག་བརྙན་གྱི་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲུང་ཅིན་བུན(钟进文)། ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྩོམ་རིག་དང་གསར་འགྱུར་གླིང་གི་དགེ་རྒན་ཆེན་མོ་ཡུའུ་ཧོང་སོགས་ཀྱི་ཆེད་ལས་མི་སྣ་དང་། ཞིན་ཅིང་དང་ཡུན་ནན་སོགས་ནས་ཐོན་པའི་དགེ་རྒན་དང་ཞིབ་འཇུག་པ་མང་བོ་ཚོགས་འདུར་ཞུགས་ཡོད་ལ། སློབ་མ་ཡང་མང་པོ་སླེབས་འདུག

YW}QJ`RQ(37JIYU5BIYBAWD.jpg

         སྔ་དྲོའི་དུས་ལ། ཚོགས་ཞུགས་མཐོ་རིམ་མི་སྣ་ཡོངས་ནས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་སྐོར་ནས་གཏམ་བཤད་གནངས་པ་དང་། གཏམ་བཤད་པ་རྣམས་ཀྱིས་བོད་དང་། སོག་པོ། ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་སྐོར་དཔྱད་གླེང་བྱས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལ་དོན་དངོས་གཙོ་བོར་འཛིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ནས་མི་རིགས་རང་གི་རིག་གནས་དང་གོམས་སྲོལ་གཙོ་བོར་འཛིན་དགོས་ཚུལ་ཡང་ཡང་གསུངས།   

14BDE9765F0D304C6C8432303B50E849.png

        གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ནི་བརྙན་ཤེལ་གྱི་ལམ་ནས་མི་རིགས་ཀྱི་རིག་གནས་མཚོན་པའི་ཐབས་ལམ་ཡིན་ཞེས་ཀྲུང་གོའི་གློག་བརྙན་ཚགས་པར་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཙའོ་ཧུན(左衡)གྱིས་གྲངས་ཉུང་མི་རིགས་གློག་བརྙན་སྐོར་ལ་དཔྱད་བརྗོད་སྤེལ། 

        ཐེངས་འདིའི་ཚོགས་འདུའི་བགྲོ་གླེང་ལ་ནང་གསེས་ཀྱི་རིགས་གསུམ་ཡོད་པར།  ཁག་གཉིས་པ་སྟེ་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་གྱི་ཤུགས་རྐྱེན་དང་ངོས་ལེན། གྲུབ་ཚུལ་ཞེས་པར་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་རྒན་བཀྲ་བྷ་ལགས་ཀྱིས་མགོ་འཛིན་གནངས་ནས་བགྲོ་གླེང་ཕུན་སུམ་ཚོགས་པོ་བྱས།  

5D1D38124B3BB61CACAF01752731FBE3.png

        མདོར་ན། བགྲོ་གླེང་ཁག་གསུམ་པས་གྲངས་ཉུང་མི་རིགས་གློག་བརྙན་གྱི་འདས་མ་ད་གསུམ་གྱི་བྱུང་བ་དང་། བརྗོད་བྱ་འདེམས་སྟངས་སོགས་ཀྱི་སྐོར་ནས་བགྲོ་གླེང་མང་པོ་བྱས། 

        ཟླ10པའི་ཚེས28དང་29ཉིན། གྲངས་ཉུང་མི་རིགས་དང་འབྲེལ་བའི་དངོས་བྲིས་གློག་བརྙན་རྒྱབ་རི(背山)དང་། ལོ་ཉི་ཤུའི་སྐབས་ཀྱི་དབྱར་ཁ(20岁的夏天)སོགས་གཟིགས་འབུལ་གནངས་པ་དང་།  ཚེས30ཉིན། ཡུམ་ཆེན(额吉)དང་ལུག་ཚེ་ཐར(永生羊)། དཔའ་བོ་ཇིང་གུར(英雄江格尔)སོགས་ཀུན་གྱི་སྤྱན་སྔར་ཕུལ།

 ཞུ་དག་པ། བསམ་འགྲུབ།


དཔྱད་མཆན་ཡོད།