2016ལོའི་འོད་ཁམས་ཀྱི་ཚོཊ་མི་གསར་བའི་འདུ་འཛོམས་པེ་ཅིང་དུ་འཚོཊ།

     འདི་གའི་ཕྱི་ཟླ11པའི་ཚེས6ཉིན་ཏེ། རེས་གཟའ་ཉི་མའི་དུས་ཚོད་བཅུ་གཉིས་པར། འོད་ཁམས་དྲ་བའི་ཚོགས་མི་གསར་བའི་འདུ་འཛོམས་ཐེངས་དང་པོ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ནུབ་སྒོའི་ཧོར་ཆེན་ཟ་ཁང་ནས་འཚོགས་ཤིང་། ཐེངས་འདིར་ཚོགས་མི་ཁ་ཤས་ལས་ཚོགས་ལ་བྲེལ་བའི་རྐྱེན་དབང་གིས་ཞུགས་མ་ཐུབ་པ་ཕུད། ཀྲུང་དབྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཕྱི་སྐད་སློབ་ཆེན། ཀྲུང་གོའི་ན་གཞོན་ཆབ་སྲིད་སློབ་གླིང་། དེ་བཞིན་པེ་ཅིང་ཅི་ལིས་སློབ་གླིང་སོགས་ནས་ཐོན་པའི་ཚོགས་མི་གསར་པ་ཉི་ཤུ་ལྷན་གཅིག་ཏུ་འཛོམས།

222.jpg

      ཐེངས་འདིའི་འདུ་འཛོམས་ཀྱི་དམིགས་ཡུལ་ནི། ཚོགས་མི་གསར་བ་ཕན་ཚུན་ངོ་ཤེས་རྒྱུ་དང་། ཚོགས་པའི་ལས་ཀ་བཀོད་སྒྲིག རྒན་པ་རྣམས་ཀྱིས་ལས་ཀའི་ཉམས་མྱོང་ལ་གསལ་ཁ་འབྱེད་པ། དྲ་བའི་གནས་བབ་དང་ཚོགས་མི་དག་གིས་སོ་སོའི་འདོད་ཚུལ་ལྷུག་པོར་གླེང་ནས་ཚོགས་པའི་ལས་ཀ་སྒྲུབ་སྟངས་ལ་གསལ་ཁ་ཕྱེས་ཞིང་སྔར་བས་ལེགས་པའི་སྒོ་ནས་གཟིགས་མཁན་རྣམས་ཀྱི་རེ་འདོད་སྐོང་རྩིས་ཡིན།

QQ图片20161106230326.jpg

     ཐོག་མར་ཚོགས་མི་གསར་བ་དག་གིས་ཕན་ཚུན་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་པ་དང་། དེ་ནས་འོད་ཁམས་དྲ་བའི་ཚོགས་མི་རྒན་པ་ཚེ་བཀྲ་དང་གུ་རུ།  པདྨ་ཚེ་རིང་སོགས་ཀྱིས་ཚོགས་པའི་ལས་ཀ་དང་ཁ་ཕྱོགས།  ཉམས་མྱོང་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས། སྤྱི་ཁྱབ་པ་སྒྲོལ་མ་ཆོས་སྐྱིད་དང་སྤྱི་ཁྱབ་པ་གཞོན་པ་བློ་བཟང་རྒྱ་མཚོ་གཉིས་ཀྱིས་ལས་རིམ་ངོ་སྤྲོད་དང་ལས་ཀ་བཀོད་སྒྲིག་བྱས་པ་དང་། ཕྱིས་ཀྱི་ལས་ཀའི་གོ་རིམ་ཁྲོད་མཉམ་འཇོག་དགོས་སའི་སྐོར་རགས་བསྡུས་རེ་བཤད། དེ་ནས་ཚོགས་མི་སོ་སོས་རང་མོས་ལྟར་རང་རང་གི་འདོད་ཚུལ་བཤད་པ་དང་། མཐར་གུ་རུ་དང་སྒྲོལ་ཆོས་གཉིས་ཀྱིས་ཕྱོགས་བསྡོམས་བྱས་རྗེས་འདུ་འཛོམས་བདེ་ལེགས་ངང་གྲོལ།

QQ图片20161106225400.jpg

     འོད་ཁམས་ཚོགས་པའམ་མ་གཞིའི་བརྙན་ཡིག་ཚོགས་པ་འདི་ནི། 2010ལོར་པེ་ཅིང་ནས་ཚུགས་པ་དང་། 2011ལོར་བོད་བརྙན་དྲ་བ་སྟེ་བོད་ཡིག་གི་གློག་བརྙན་དྲ་བ་ཐོག་མ་ཤར་གཏོང་བྱས་ཤིང་འབྲས་བུའང་རྒྱ་ཆེར་བླངས། ད་ཆར་དྲ་བའི་མིང་དེ་འོད་ཁམས་དྲ་བ་ཞེས་པར་བསྒྱུར་ཡོད་ཅིང་། དེ་སྔའི་ལེ་ཚན་དག་གི་སྟེང་ལ། སྐད་སྒྱུར་ཁང་དང་། TEDགཏམ་བཤད། ལོ་ཙཱ། རྒྱུན་ཤེས། ཁ་འཁྲུག་སོགས་ལེ་ཚན་ཁ་ཤས་གསར་དུ་བསྣན་པར་མ་ཟད། དྲ་བའི་སྤུས་ཀ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་དོ། །

བཀྲ་ཤིས་ཤོག 

དཔྱད་མཆན་ཡོད།