《ཐར་ལོ》ལ་བོད་མདོ་སྨད་དུ་དགའ་བསུ་ཆེན་པོ་ཐོབ།

剧照.jpg 

འཕྲིན་གསར   སྤྱི་ཟླ11པའི་ཚེས18ཉིན་ནི། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན<<ཐར་ལོ>>བོད་ཡུལ་དུ་གཟིགས་འབུལ་བྱས་པའི་ཉིན་དང་པོ་ཡིན་ལ། ཉིན་དང་པོ་ནས་བཟུང་། ཕྱི་ཡུལ་དུ་འགྲིམས་འགྲིམས་ཏེ་བྱ་དགའ་རུམ་གང་ཁྱེར་ནས་རང་ཡུལ་དུ་ལོག་པའི་རྒྱལ་ཁམས་པ<<ཐར་ལོ>>ལགས་ལ་བོད་མདོ་སྨད་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག་གོ།

             བོད་ཁམས་སུ་གཟིགས་འབུལ་བྱས་པའི་གློག་བརྙན་ཐོག་མ་ཡིན་པའི་ཆ་ནས།  བོད་ཀྱི་གཞས་པ་གཞས་མ་དང་གློག་བརྙན་སྒྱུ་རྩལ་པ།  དེ་བཞིན་དྲ་གྲོགས་ཁྲི་སྟོང་མང་པོས་ཤིས་ཚིག་དང་རྟེན་འབྲེལ་ཞུས། ད་རེས་གློག་བརྙན་ཁྱབ་སྒྲོག་གི་ཐད་ནས་ཀྱང་སྔར་མེད་པའི་གསར་གཏོད་མང་པོ་བྱེད་ཀྱིན་འདུག་ཏེ།  འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་ཐེངས་དང་པོར་གཞས་ཚིག་བྲིས་ཤིང་།  གླུ་བ་བདེ་སྐྱིད་ཚེ་རིང་གིས་བླངས་པའི<<ཐར་ལོ>>ཟེར་བའིMVདང་།  དེ་སྔ་མའོ་ཀྲུའུ་ཞི་ཡང་འཁྲབ་མྱོང་བའི་བོད་ཀྱི་འཁྲབ་སྟོན་པ་མཱའོ་བཀྲ་ཤིས་ཀྱིས་ཡུལ་སྐད་སྣ་མང་གིས་གློག་བརྙན་ཁང་དུ<<ཐར་ལོ>>ལ་ལྟ་བར་མི་མང་གདན་དྲངས་པ་སོགས་ལྟད་མོ་ཅན་གྱི་བརྙན་མང་པོ་ཡང་དྲ་ལམ་ཀུན་དུ་ཁྱབ་འདུག 

2.jpg

            <<ཐར་ལོ>>ཟི་ལིང་ནས་ཐེངས་དང་པོར་གཟིགས་འབུལ་གནང་བའི་ཉིན་ནས་བཟུང་།  ལྟ་མཁན་ཤིན་ཏུ་མང་པོ་བྱུང་སྟེ།  སྤ་སེ་ལག་ཏུ་མི་འོངས་པའི་གནས་ཚུལ་བྱུང་འདུག་ལ། རྫོང་དང་ཁུལ་སོགས་ནས་ཆེད་དུ་གློག་བརྙན་ལ་བལྟ་མཁན་ཡང་མི་མང་པོ་ཡོད་འདུག

 གོ་ཐོས་ལྟར་ན་ཚེས་19ཉིན་ཟི་ལིང་གི་གློག་བརྙན་ཁང་བཞི་ནས<<ཐར་ལོ>>ཐེངས་བཅུ་གཉིས་ལ་བཀོད་སྒྲིག་བྱས་ཡོད་པ་དང་། ཉིན་གུང་གི་སྐབས་སུ་སྤ་སེ་མང་ཆེ་ཤོས་ཉོས་ཚར་འདུག

དེ་རིང་སྟེ། ཚེས20ཉིན། གློག་བརྙན་ཁང་བཞི་ནས<<ཐར་ལོ>>ཐེངས་བཅུ་བདུན་ལ་སྟོན་འཆར་བྱས་ཡོད་པ་དང་།  ཟི་ལིང་ཕུད་མཚོ་སྔོན་ཆབ་ཆ་ནས་ཀྱང་སྟོན་རྒྱུ་ཡིན་འདུག་ལ།  མི་རིང་བར་ལན་ཀྲུའུ་དང་ ལྷ་ས་སོགས་སུའང་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད།

塔洛.jpg

   ཀློག་མཁན་དག་གིས<<ཐར་ལོ>>དང་འབྲེལ་བའི་གནས་ཚུལ་དང་།  ཡང་ན<<ཐར་ལོ>>ལྟ་བུའི་རྒྱལ་སྤྱི་རིམ་པའི་གློག་བརྙན་ཡག་ཤོས་དག་གི་སྐོར་ཤེས་འདོད་ན་འོད་ཁམས་དྲ་བར་གཟིགས་རོགས་ཞུ།

  【རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།


དཔྱད་མཆན་ཡོད།