ཁྱུང་རི་རྟཊ་མའི་འོས་མིང་དུ་ཚུད་པའི་འཁྲབ་གཞུང་རྩེ་གྲ་དགུ།

       2017ལོའི་ཟླ4པའི་ཚེས24ཉིན། ཁྱུང་ཆེན་བརྙན་གླིང་ནས་སྤེལ་བའི་གསར་འགྱུར་ལྟར་ན། ཁྱུང་ཆེན་བརྙན་གླིང་གིས་གཙོ་སྒྲུབ་བྱས་པའི་ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་གྱི་ཐོག་མའི་དཔྱད་འདེམས་ཡོངས་སུ་མཇུལ་བསྒྲིལ་ཏེ། འོས་མིང་དུ་ཚུད་པའི་འཁྲབ་གཞུང་རྩེ་གྲ་དགུའི་མིང་ཐོ་ཀུན་ལ་གསལ་བསྒྲགས་བྱས་འདུག

       ཐེངས་འདིར་འགྲན་ཞུགས་འཁྲབ་གཞུང་སུམ་བཅུ་སོ་དྲུག་ཡོད་པ་དང་། ཐོག་མའི་དཔྱད་འདེམས་པ་བཅུ་ཡིས་འཁྲབ་གཞུང་དེ་དག་གི་བརྗོད་གཞི་དང་གཏམ་རྒྱུད། རྩོམ་ལུས་སོགས་ཕྱོགས་ཅི་ཐད་ལ་དཔྱད་བསྡུར་ནན་ཞིབ་ཀྱིས་འཁྲབ་གཞུང་རྩེ་གྲ་དགུ་བདམས་ཐོན་བྱུང་འདུག་སྟེ། སྤྱི་ཟླ་ལྔ་བའི་ཟླ་དཀྱིལ་དུ། གཏང་རག་གཟིགས་འབུལ་གྱི་མཛད་སྒོ་བསྡུས་ཏེ། དཔྱད་འདེམས་ཚོགས་ཆེན་གྱི་བདམས་ཐོན་མིང་བྱང་ལྟར། ཐེངས་འདིའི་འཁྲབ་གཞུང་རྩེ་གྲ་རྣམས་ལ་རིམ་པར་གཟིའི་ཁྱུང་རུ་རྟགས་མ་དང་གཡུའི་ཁྱུང་རུ་རྟགས་མ། བཻཌཱུརྱའི་ཁྱུང་རུ་རྟགས་མ་བཅས་ཀྱི་བྱ་དགའ་གནང་འཆར་འདུག 


ཁྱུང་རི་རྟགས་མའི་འོས་མིང་དུ་ཚུད་པའི་འཁྲབ་གཞུང་རྩེ་གྲ་དགུ། 

IMG_1309.JPG

འོས་མིང་དུ་ཚུད་པའི་འཁྲབ་གཞུང་རྩོམ་པ་པོ་རྣམས་ལ་རྟེན་འབྲེལ་ཞུ་ཞུ། 

IMG_1310.JPG



དཔྱད་མཆན་ཡོད།