ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ། Leonardo DiCaprio

  • སྐྱེས་སྐར། སྤྱི་ལོ1974ཟླ་བ11ཚེས་11
  • སྐྱེ་ཡུལ། ཨ་མི་རི་ཁ་གླིང་གི་ཁ་ལི་ཧྥོ་ནི་ཡ་ལོ་སེ་ལན་ཅི་ལ་སི།
  • ལས་རིགས། འཁྲབ་སྟོན་པ། གློག་བརྙན་སྒྲིག་བཟོ་བ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

【མཚམས་གཅོད་དབང་མོ།】

      ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ་ནི་གྲགས་ཅན་གློག་བརྙན་ཐེའི་ཐན་ནི་ཁྰ་གྲུ་གཟེངས་(Titanic)ཞེས་པའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོ་ཡིན། ཁོང་ཆུང་བྱིས་པའི་དུས་ནས་གློག་བརྙན་དང་བརྙན་འཕྲིན་གྱི་འཁྲབ་སྟོན་ནང་དུ་ཞུགས། ཁོང་གི་ཕ་ལགས་ནི་དབྱི་ཏ་ལི་མི་ཡི་ཡིན་ཞིང་།ཨ་མ་ནི་འཇར་མན་གྱི་མི་ཡིན། འཇིག་བརྟེན་འདིར་བྱོན་ནས་ཉིན་ཤས་ཙམ་ལས་མ་ཕྱིན་པར་ཁོང་གི་ཕ་མ་གཉིས་བཟའ་ཐོར་བྱས་རྗེས་ཁོ་རང་དང་ཨ་མ་མཉམ་དུ་འཚོ་བར་རོལ། 

    ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ་ལོ་ལྔ་ལ་སོན་སྐབས་བརྙན་འཕྲིན་རྩེད་མོ་ཡི་ཁང་པ་(Romper Room) ཞེས་པའི་ནང་དུ་འཁྲབ་སྟོན་བྱས་དགུང་ལོ་བཅུ་ལ་སོན་དུས་འཁྲབ་སྟོན་པ་བྱེད་བའི་ཕུགས་བསམ་ལ་བར་ཆད་བྱུང་།  གློག་བརྙན་ངོ་ཚབ་ལས་དོན་ཁང་ཞིག་གིས་ཁོང་གི་འཁྲབ་སྟོན་ནུས་པ་ལ་མཐོང་ཆུང་བྱས་སྟེ་ཁ་ཡ་མ་བྱས། ཡིན་ནའང་ཁོང་གི་འཁྲབ་སྟོན་གྱི་ཕུགས་བསམ་དེ་སྔར་བཞིན་མ་ཉམས་པར་དགུང་ལོ་བཅུ་གཉིས་ལ་སོན་དུས་ངོ་རྒྱུགས་ཐེངས་ལྔ་བཅུ་ཙམ་བཏང། དཀའ་བ་ཅན་ལ་འགྲུབ་འབྲས་ཐོབ་ཅེས་པ་ལྟར་ཁོང་ལ་གཞི་ནས་རླངས་འཁོར་གྱི་མཚམས་སྦྱོར་བརྡ་ཁྱབ་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་ཤིག་བྱུང།   དགུང་ལོ་༡༤ལོན་སྐབས་གློག་བརྙན་ངོ་ཚབ་ལས་དོན་ཁང་ཞིག་གིས་ཁོང་ཀུང་སིའི་ནང་དུ་བཅུག་པ་མ་ཟད་བརྙན་འཕྲིནStanta Barbara དང་ཚད་ཐུབ་གསར་པ་(The New Classic) ཞེས་པ་གཉིས་ཀྱི་འཁྲབ་གཞུང་དུ་འཁྲབ་སྟོན་བྱས། དེ་ནས་ཟུངས་སྟེ་ཁོང་གི་འཁྲབ་སྟོན་ལམ་སྒོ་ཕྱེས།

      སྤྱི་ལོ་༡༩༩༠་ལོར། ལོ་༡༦ལ་སོན་པའི་ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ་གྲགས་ཅན་བརྙན་འཕྲིན་ཚར་ལོངས་ཀྱི་སུན་སྣང་ཞེས་པའི་ནང་འཁྲབ་སྟོན་བྱས།  ཁོང་གི་འཁྲབ་སྟོན་བྱས་པའི་མི་སྣ་ནི་ཁྱིམ་མེད་ལུང་མེད་ཀྱི་གཞོན་ནུ་ལུ་ཁེ་ཞེས་པ་ཞིག་ཡིན།  འཁྲབ་གཞུང་དེའི་ནང་ཁོང་གི་སྐྱོན་འདོགས་སྤུ་ཙམ་མེད་པའི་འཁྲབ་རྩལ་ནི་མི་སྣ་གཙོ་བོའི་སྙན་གྲགས་ལས་ཀྱང་འཇིགས།

     སྤྱི་ལོ་༡༩༩༣ལོར། ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ<<གསར་ནས་མགོ་རྩོམ>>ཞེས་པའི་འཁྲབ་གཞུང་ནང་དུ་ཞུགས། ཁོང་གི་འཁྲབ་པའི་མི་སྣ་ནི་ཕ་ཚབ་ཀྱིས་སྡུག་མནར་གཅོད་བཏང་བའི་གཞོན་ནུ་སྡུག་བསྔལ་ཅན་ཞིག་ཡིན། ཁོང་གི་འཁྲབ་རྩལ་སྤྱི་དམངས་དང་སྨྱན་སྦྱོར་གྱིས་ཁས་ལེན་དང་བསྔགས་བརྗོད་བྱས།

     སྤྱི་ལོ་༡༩༩༦ལོར་དེང་རབས་ངར་སེམས་ཅན་གྱི་མཚོན་རྟགས་ཡོད་པའི་ལོའོ་མི་ཨོའོ་དང་ཀྲུའུ་ལི་ཡེ་ (Romeo and Juliet) ནང་ཁོང་གིས་སྤྱི་དམངས་ཀྱི་སྤྱན་ལམ་དུ་ལོའོ་མི་ཨོའོ་གསར་པ་ཞིན་མངོན།

     སྤྱི་ལོ་༡༩༩༦ལོར་ཁོང་གིས་ཐེའི་ཐནཐན་ནི་ཁྰ་གྲུ་གཟེངས་ནང་གི་མི་སྣ་གཙོ་བོ་ཅི་ཁྰ་(Jack) རྒྱུད་ནས་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།

     སྤྱི་ལོ་༢༠༠༠ལོར་རྒྱ་མཚོ་ཡི་གྲམ་ཁ་ཞེས་པའི་ནང་དྲ་རྒྱའི་གླིང་ལ་གཡེངས་ཞིང་སེམས་བསྲེག་པའི་བྱ་བར་དགའ་བའི་ཨ་རིའི་གཞོན་ནུ་ཞིག་འཁྲབ་སྟོན་བྱས་ཀྱང་གློག་བརྙན་དེར་སྟོན་པའི་རྗེས་འགྲུབ་འབྲས་ལེགས་པོ་མ་ཐོབ།

     སྤྱི་ལོ་༢༠༡༠ལོར་གློག་བརྙན<<རྨི་ལམ་སྐུ་པའི་བར་གསེང་>>(Inception)ནང་ཁོང་གི་བྱང་ཆུབ་དང་ཕུལ་བྱུང་གི་ཁྲབ་རྩལ་ལོ་༡༠ཡི་གོང་ལྟར་སླར་ཡང་མི་རྣམས་ཀྱི་བསྔགས་བརྗོད་ཐོབ།

     སྤྱི་ལོ་༢༠༡༣ལོར་ལེའོ་ནར་ཌོ-ཌི་ཁཱ་ཕི་རིའོ་དཔེ་ཟླ་མེད་པའི་ཀས་ཚེ་བི་ཞེས་པའི་གློག་བརྙན་ནང་གི་གཙོ་འཁྲབ་བྱས་སྟེ་ཁོང་སླར་ཡང་སྤྱི་དམངས་ཀྱི་གཅེས་པའི་ཉི་འོད་ཕོ་གཞོན་དུ་བསྒྱུར།


 གྲུབ་འབྲས་གཙོ་བོ།

༢༠༠༦ལོར་གློག་བརྙན་འཕུར་སྐྱོད་བ་ The Aviator བརྒྱུད་ནས་གསེར་གྱི་སྤོ་ལོ་  ཡི་གློག་བརྙན་རྒྱལ་པོའི་(movie king)བྱ་དགའ་ཐོབ། 

༢༠༡༦ལོར་དཔེ་ཟླ་མེད་པའི་ཀས་ཚེ་བི་(The Great Gatsby)བརྒྱུད་ནས་ཐེངས་༧༣གྱི་གསེར་གྱི་སྤོ་ལོ་(the Golden Ball Award)ཡི་ཕུལ་བྱུང་གི་གཙོ་འཁྲབ་པའི་བྱ་དགའ་ཐོབ།

༢༠༡༦ལོར་<<འབྲོག་སྟོང་རྔར་པ>>(The Revenant) བརྒྱུད་ནས་ཐེངས་༨༨ཡི་ཨོ་སི་ཁའི་གསེར་སྐུ་ཡི་ཕུལ་བྱུང་གཙོ་འཁྲབ་པའི་བྱ་དགའ་ཐོབ།                

                                                                                      【 ཞུ་དག་པ། བློ་བཟང་ཀུན་མཁྱེན།】【རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།】 


དཔྱད་མཆན་ཡོད།