ལྗེམ་ཟི•ཁཱ་མེ་རོན། James Francis Cameron

  • སྐྱེས་སྐར། 1954ལོའི་ཟླ8པའི་ཚེས16ཉིན།
  • སྐྱེ་ཡུལ། ཁཱ་ན་ཌའི་ཨོ་ཋ་རང་། (Canada Ontario)
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་སྟོན་པ། འཁྲབ་གཞུང་མཁན།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

|  ལྗེམ་ཟི•ཁཱ་མེ་རོན། (James Francis Cameron) ནི་ཁ་ན་ཊའི་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། དྲག་རྩལ་དང་སྒྱུ་འཕྲུལ་གློག་བརྙན་ཕབ་སྐྲུན་བྱེད་པ་ལ་ཤིན་ཏུ་མཁས། ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ནི་ལོ་རེའི་འཆར་གཞི་དང་འཆར་དངུལ་བརྒལ་མོད། སྤྱི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པས་ལྟ་མཁན་ཡང་ཤིན་ཏུ་མང་། གློག་བརྙན་འཛིན་ཁེའི(Box office)ལོ་རྒྱུས་ཁྲོད་འཛིན་ཁེ་མཐོ་ཤོས་ཀྱི་གློག་བརྙན་གཉིས་ཏེ«ཐེ་ཐན་ནི་ཁི»(1997)དང«ཨ་ཝ་ཏཱར»(2009)རྣམས་ནི་ཁོང་གིས་འཁྲབ་ཁྲིད་གནང་བ་ཡིན། ཁོའི་གློག་བརྙན་གྱི་བརྗོད་གཞི་མང་ཤོས་ནི་མི་དང་ཚན་རྩལ་བར་གྱི་འབྲེལ་བར་བགྲོ་གླེང་བྱེད་པ་ཡིན། ཁོང་གི་བརྩམས་ཆོས«ཨ་ཝ་ཏཱར»ནི་འཛམ་གླིང་གི་ཡང་རྩེར་གྲགས་ཤིང་། རྒྱལ་སྤྱིའི་འཛིན་ཁེ་ཨ་སྒོར་དུང་ཕྱུར26བརྒལ་བ་ཡིན། མིག་སྔར་ཁྲོམ་རའི་ཁྲོད་ཉོ་མཁན་ཆེས་མང་དང་། ལོ་རྒྱུས་སུ་གྲུབ་འབྲས་ཆེས་ཆེ་བའི་གློག་བརྙན་གྱི་གྲས་སུ་ཚུད་ཡོད།

    ལྗེམ་ཟི•ཁཱ་མེ་རོན་ནི་ཁཱ་ན་ཌའི་ཨོ་ཋ་རང་གིKapuskasing ཟེར་བའི་གྲོང་ཚོ་ཞིག་ཏུ་སྐྱེས། ཁོང་གི་ཨ་ཕ་ཧྥེ་ལི་ཕུའུ•ཁཱན་མི་རུན(Phillip Cameron)ནི་གློག་རྡུལ་བཟོ་སྐྲུན་པ་དང་། ཨ་མ་ཤཱིར་ལེ• ཁཱན་མི་རུན(Shirley Cameron)ནི་སྒྱུ་རྩལ་པ་ཞིག་ཡིན།

    1971ལོར་ཁོང་གི་ཁྱིམ་མི་ཚང་མ་ཨ་མེ་རི་ཁའི་ཁཱ་ལི་ཧྥོ་ནི་ཡ་ཡི་ལྷོ་ཁུལ་གྱི་གྲོང་རྡལ་ཞིག་ཏུ་སྤོས། དེ་ནས་ཁཱ་ལི་ཧྥོ་ནི་ཡའི་ལོ་གཉིས་ཅན་གྱི་སྤྱི་ཚོགས་སློབ་གླིང་དུ་དངོས་རྫས་རིག་པ་སྦྱངས་མོད། ཡུན་རིང་མ་འགོར་བར་དབྱིན་ཇི་སྦྱངས་རྩིས་བྱས། ཡིན་ཡང་སློབ་འགོ་མ་ཚུགས་གོང་དུ་སློབ་གྲྭ་ནས་ཕྱིར་ཐོན། ཕྱིས་སུ་ལྷོ་ཁཱ་ནི་ལི་ཧྥོ་ནི་ཡའི་སློབ་ཆེན་གྱི་དཔེ་མཛོད་ཁང་ནས་དཔེ་ཆ་གཡར་ནས་གློག་བརྙན་གྱི་ཁྱད་ནུས་ལག་རྩལ་སྐོར་རང་སྦྱོང་བྱས། ཞོར་དུ་ལྗིད་ཐེག་རླངས་འཁོར་གཏོང་ནས་གླ་བརྒྱབ། ཁོམ་པ་ཡོད་དུས་འཁྲབ་གཞུང་འབྲི་འགོ་ཚུགས།   

    ཁོང་ནི་ཐོག་མར་འཁྲབ་གཞུང་འབྲི་བ་དང་། རྗེས་སུ་གློག་བརྙན་གྱི་སྒྱུ་རྩལ་འཁྲབ་ཁྲིད་དང་ཁྱད་ནུས་བཀོད་སྒྲིག་གི་ལས་རིགས་སུ་ཞུགས། 1981ལོར་ཁོང་གིས་འཁྲབ་ཁྲིད་ཀྱི་ལས་འགོ་མ་ཚུགས་གོང་། ཁོང་གིས་རོ་ལྗིར•ཁོར་མོན་གྱི་གློག་བརྙན་ལ་བརྙན་སྐྲུན་བྱས་མྱོང་ཡོད།   

    ཁཱ་མེ་རོན་གྱི་གློག་བརྙན་དེའི་གཞན་དང་མ་འདྲ་བའི་ཐུན་མིན་གྱི་ཡོན་ཏན་ནི་ཁོང་གི་ཁྱད་ནུས་ཚོ་ཆུང་ཡིན་ཏེ། ཁྱད་ནུས་ཚོ་ཆུང་འདིའི་ལས་འགན་ནི་ཁོང་གི་གློག་བརྙན«མཇུག་སྒྲིལ་མཁན»ནས་མགོ་བརྩམས་པ་ཡིན། (གློག་བརྙན་འདིའི་ཁྱད་ནུས་དེ་ཅུང་ཟད་རྗེས་ལུས་ཡིན་ཡང་། དུས་སྐབས་དེར་མཚོན་ན་སྔོན་ཐོན་ཅན་ཞིག་ཡིན།) ཕྱིས་སུ་ཁོང་གིས་འཁྲབ་ཁྲིད་བྱས་པའི«མཇུག་སྒྲིལ་མཁན2-འདྲི་གཅོད་ཉིན་མོ»ལ་གློག་ཀླད་ཀྱི་ལག་རྩལ་གང་མང་བེད་སྤྱད་ཡོད་ལ། གློག་བརྙན་འདིར་ཨོ་ཟི་ཁཱའི་རྩེ་གྲའི་མིག་ཤེས་ཀྱི་བྱེད་ནུས་དང་། རོལ་དབྱངས་བསྲེས་མ་རྩེ་གྲ། མཛེས་བཟོ་རྩེ་གྲ། རོལ་དབྱངས་དྲས་སྒྲིག་རྩེ་གྲ་བཅས་པའི་བྱ་དགའ་ཆེན་པོ་བཞི་བླངས།

    1997ལོར་འཁྲབ་ཁྲིད་བྱས་པའི«ཐེ་ཐན་ནི་ཁི»རུ་ཡང་གློག་ཀླད་ཀྱི་བྱེད་ནུས་མང་པོ་བཀོལ་ཡོད་ལ། ཨོ་ཟི་ཁཱའི་རྩེ་གྲའི་མིག་ཤེས་བྱེད་ནུས་ཀྱི་དགའ་རྟགས་ཐོབ་ཡོད།

    ཁོང་གིས་ཆང་ས་ཐེངས་ལྔ་བརྒྱབ་མྱོང་། ཁོང་གི་ཆུང་མ་སྔ་མའི་ནང་གཅིག་ནི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ་གྲགས་ཅན་ཁཱན་ཟི་རེན•སྦི་གི་ལོའོ(kathryn Bigelow)དང་། འཁྲབ་སྟོན་པ་ལིན་དྷ•ཧཱན་མི་ཐོན(Linda Hamilton)ཡིན། ད་ལྟའི་ཆུང་མ་ནི་སུའུ་ཛིན•ཨན་མི་སི(Suzy Amis)ཡིན། ཁོ་གཉིས་ནི2000ལོའི་ཟླ་6པར་གཉེན་བསྒྲིགས་པ་ཡིན།   

    ཁོང་ནི་མཚོ་ཟབ་མོའི་ནང་འཛུལ་བར་དགའ་ཞིང་། ཐེངས72ཙམ་ལ་འཛུལ་མྱོང་ཡོད་ལ། དེའི་ནང་གི་ཐེངས33འཛུལ་པ་ནི་ཐེ་ཐན་ནི་ཁི་གྲུ་གཟིངས་དེ་རྡེབ་ཆག་བྱུང་སར་རེད། «ཐེ་ཐན་ནི་ཁི»པར་ལེན་བྱེད་དུས་ཁོ་རང་ཆུ་ནང་ཐེངས་12འཛུལ་ནས་གྲུའི་པར་བླངས་པ་རེད། 2012ལོའི་ཟླ3པའི་ཚེས25ཉིན། ཁོང་ཉིད་གཅིག་པུ་རྒྱ་མཚོ་ཆེན་མོའི་འགྲན་སློང་མཁན་རྟགས་ཅན་གྱི་ཆུར་འཛུལ་དམག་གྲུར་བསྡད་ནས་གཏིང་སྤྱི་ལེ11ཙམ་ཡོད་པའི་ནུབ་ཞི་བདེ་རྒྱ་མཚོའི་མཱ་རེའུ་ཡ་ནའི་མཚོ་ཤུར་དུ་བསླེབས། དེ་ནས་ཆུ་ཚོད་གསུམ་ཙམ་ལ་འཆམ་འཆམ་བྱས་ཤིང་། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་གལ་ཆེའི་ཟིན་ཐོ་གསར་པ་ཞིག་ཏུ་ཆགས།

 
 གྲུབ་འབྲས་གཙོ་བོ།                                                           
ཨོ་ཟི་ཁཱ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«ཉ་པི་རིན2-སྐྱེ་འཕེལ།»(Piranha II: The Spawning)1981ལོར།
• «མཇུག་སྒྲིལ་མཁན།» (The Terminator)1984ལོར།
• «ཐུན་མིན་ཅན2»(Aliens)1986ལོར།
• «གཡང་ས»(The Abyss)1989ལོར།
• «མཇུག་སྒྲིལ་མཁན2-འདྲི་གཅོད་ཉིན་མོ»(Terminator 2: Judgment Day)1991ལོར།
• «བདེན་རྫུན་གྱི་དབར་ན» (True Lies)1994ལོར།
• «ཐེ་ཐན་ནི་ཁི» (Titanic)1997ལོར།
• «མུན་ནག་གི་སྲུང་མ»(Dark Angel)2000ལོར།
• «ཨ་ཝ་ཏཱར»(Avatar)2009ལོར།
• «ཨ་ཝ་ཏཱར-3D»(Avatar-3D)2010ལོར།

>| 关键字替换   | 远程保存图片(| | 加水印)   | | 远程保存FLASH(地址前缀: | | )
图片链接转为下一页   自动分页| ,每 | | 个字节为一页   取第 | | 张上传图为标题图片( | | 缩略图: 宽 | | *高| | )

|

དཔྱད་མཆན་ཡོད།