པད་མ་ཚེ་བརྟན།

  • སྐྱེས་སྐར། 2015-08-26
  • སྐྱེ་ཡུལ། མཚོ་སྔོན་ཁྲི་ཀ
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། སྒྲུང་གཏམ་མཁན། ལོ་ཙཱ་བ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

   ནར་སོན་གྱི་ལོ་ཟླ།

   ཁོང་ནི་སྤྱི་ལོ1969ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་།  རྩོམ་རིག་རབ་འབྱམས་པའིབསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན།  སྤྱི་ལོ1991ལོ་ནས1995ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་།  སྤྱི་ལོ1995ལོ་ནས2000ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་།  སྤྱི་ལོ2000ལོ་ནས2002ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་ཉན་ཐོས་ཀྱི་ཐད་དུ་འབད།  སྤྱི་ལོ2002ལོ་ནས2004ལོའི་བར་དུ་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་བ་དང་།  སྤྱི་ལོ2004ལོའི་ལོ་མཇུག་ཏུ་པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་བཙུགས་པ་དང་།  རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་།  ཀྲུང་གོའི་གློག་བརྙན་མཁན་མཐུན་ཚོགས་ཀྱི་ཁོངས་མི།  ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར་པ་རེད།  སྤྱི་ལོ1991ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་།  སྔ་གཞུག་ཏུ་བོད་ཡིག་དང་།  རྒྱ་ཡིག་བཅས་ཀྱི་ལམ་ནས་བརྩམས་པའི་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད་ཅིང་།  ལོ་ཙྭའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད།  དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་ཇིའི་སྐད་དང་།  ཧྥ་རན་སིའི་སྐད།  འཇར་མན་སྐད་སོགས་སུ་བསྒྱུར་ཡོད་པར་མ་ཟད།   བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་།  མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ།  ཀྲུང་གོའི་དེང་རབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་པ་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བྱ་དགའ་མི་དམན་པ་གང་མང་བླངས་མྱོང་།

     ད་ལྟའི་བར་དུ་པར་དུ་བསྐྲུན་པའི་སྒྲུང་གཏམ་རིང་གྲས«རྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས»〔མཉམ་རྩོམ〕དང་།  བོད་ཡིག་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེབ«བསླུ་བྲིད»དང་།  ལོ་ཙྭ་བྱས་པའི་བརྩམས་ཆོས་རིང་གྲས«བཤད་ནས་ཚར་རྒྱུ་མེད་པའི་གཏམ་རྒྱུད»སོགས་ཡོད། 

    

     འཁྲབ་འཁྲིད་པའི་ལམ་བུ།     

     སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་གཉེར་ཞིང་།  ཁོང་གི་གློག་བརྙན་ཐོག་མ་སྟེ་གློག་བརྙན་ཐུང་ངུ«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཞེས་པར་སྤྱི་ལོ2003ལོར་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་བཞི་བའི་གློག་བརྙན་ཐུང་ངུའི་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་འཁྲབ་པའི་གློག་བརྙན་གྱི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད།  པེ་ཅིང་གློག་བརྙན་སློབ་གླིང་གི་མཆོད་རྟེན་དབྱིབས་ཀྱི་བྱ་དགའ་ཞེས་པའི་སྐབས་དང་པོའི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་དང་།  པེ་ཅིང་གི་རྒྱལ་སྤྱིའི་DVགླེང་སྟེགས་སྐབས་དང་པོའི་བྱུང་རིམ་གློག་བརྙན་གྱི་བྱ་དགའ།   (ཁོ་རེ་ཡའི་རྒྱལ་ས་ཧན་གྲོང་དུ)ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་སྐབས་གཉིས་པའི་དཔྱད་འདེམས་ཚོགས་པའི་བྱ་དགའ་བཅས་ཀྱང་ཐོབ་མྱོང་བ་རེད།  35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ«རྩྭ་ཐང་»ཞེས་པར(2004ལོར)རྒྱལ་སྤྱིའི་སློབ་གྲྭ་བའི་གློག་བརྙན་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པའི་ནང་ཀྲུང་གོའི་སློབ་མའི་ཆེས་མཆོག་ཏུ་གྱུར་པའི་གློག་བརྙན་ཐུང་ངུའི་བྱ་དགའ་ཐོབ་པར་མ་ཟད།  ཧྥ་རན་སི་དང་།  ལྗར་པན།  ཨུ་རུ་སི།  ཁོ་རེ་ཡ།  ཧོ་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་དུ་ཞུགས་པ་རེད། 

     གྲུབ་འབྲས་གཙོ་བོ། 

        དངོས་ཞུས་གློག་བརྙན་«ཆེས་མཐའ་མཇུག་གི་སེར་སྲུང་པ།»ཞེས་པ་2004ལོརDISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་དང་།  35mmབྱུང་རིམ་གློག་བརྙན་རིང་གྲས«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཞེས་པར2005ལོར་ཁེ་ན་ཏའི་གྲོང་ཁྱེར་ཝན་ཁོ་ཝར(Vancouver)རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས24བའི་སྟེང‘སྟག་འབྲུག’ཞེས་པའི་དམིགས་བསལ་བྱ་དགའ་ཐོབ་པ་དང་།  ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་གྱི“དར་ལུགས་གསར་བ”ཞེས་པའི་ཁྱད་དུ་འཕགས་པའི་བྱ་དགའ།  ཀྲུང་གོའི་གློག་བརྙན་སྐབས་25བའི་གསེར་བྱ་རྟགས་ཅན་གྱི་བྱ་དགའ་སྟེ།  ཆེས་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པའི་གློག་བརྙན་ཐོག་མའི་བྱ་དགའ།  ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས30བའི “རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཁན་གྱི་མནའ་འབྲེལ་བྱ་དགའ”།  ཤང་ཀང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་30བའི་“གནམ་བདག་ཆོས་ལུགས་རིག་གནས་ཀྱི་བྱ་དགའ་སྟེ་ཁྱད་དུ་གཟེངས་སུ་བསྟོད་པའི་བྱ་དགའ།”   སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་སྐབས13པའི་ཆེས་མཆོག་ཏུ་གྱུར་བའི་གློག་བརྙན་ཐོག་མའི་བྱ་དགའ།  ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས9བའི་ཨེ་ཤ་ཡའི་མི་སྣ་གསར་བའི་བྱ་དགའ་སྟེ་ཆེས་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པའི་བྱ་དགའ།  ཁྲང་ཁྲུན་གློག་བརྙན་དུས་ཆེན་སྐབས་བརྒྱད་པའི་“དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་བྱ་དགའ”།  སྤྱི་ལོ2006ལོའི་ཀྲུང་གོའི་གློག་བརྙན་སློབ་གླིང་གི་བྱ་དགའ་སྟེ“ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་དེའི་བྱ་དགའ་ཆེན་པོ”སོགས་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ཡོད་ཅིང་།  ཨ་རིའི་སན་ཧྥ་རན་སི་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་།  ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།  ཧྥ་རན་སིའི་གྲོང་ཁྱེར་ཕེ་རིས་སུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན།  ཧོ་ལན་གྱི་རོ་ཐི་ཌམ(Rotterdam)ཞེས་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།  འཇར་པན་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་སུ་འགྲེམ་སྟོན་ཡང་བྱས་པ་རེད།

          2007ལོར་གྲུབ་པའི་གློག་བརྙན། 

          «ཀ་ཐོག་སྨོན་ལམ་ཆེན་མོ»(དངོས་ཞུས་གློག་བརྙན)

         «བསམ་ཡས་དགོན»(ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་ཞུས་གློག་བརྙན)

         2008ལོར་གྲུབ་པའི་གློག་བརྙན།

         «འཚོལ»(གཏམ་རྒྱུད་གློག་བརྙན)«ཁྱི་རྒན»(གཏམ་རྒྱུད་གློག་བརྙན)

         «དོར་མ་དུང་ཆེན་དར་སྲོལ་ཆེ་བའི་1983ལོ»(གཏམ་རྒྱུད་གློག་བརྙན)

         «ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག»(དངོས་ཞུས་གློག་བརྙན)

དཔྱད་མཆན་ཡོད།