ལྗེན་ལོ་ཁི་གྷོ་དྷར (Jean Luc Godard)

  • སྐྱེས་སྐར། 1930
  • སྐྱེ་ཡུལ། ཧྥ་རན་སིའི་ཕེ་རིས།
  • ལས་རིགས། འཁྲབ་སྟོན་པ། འཁྲབ་ཁྲིད་པ། འཁྲབ་གཞུང་མཁན། གློག་བརྙན་དཔྱད་བརྗོད་པ། པར་ལེན་མཁན།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

       ཁོའི་ཕ་མ་གཉིས་ཀྱི་རྒྱལ་ཁོངས་ནི་ཧྥ་རན་སི་དང་སི་ཝེས་ཙེར་ཡིན་པས། ཁོའི་རྒྱལ་ཁོངས་ནི་ཧྥ་རན་སི་དང་སི་ཝེས་ཙེར་གཉིས་ལ་གཏོགས། ཁོ་ནི་ཧྥ་རན་སིའི་གློག་བརྙན་གྱི་རྦ་རླབས་གསར་བ་སྐུལ་འདེད་གཏོང་མཁན་གྱི་གྲས་ ཤིག་ཡིན།

   ཁོས་སི་ཝེས་ཙེར་གྱི་ཉི་ཝིན(尼翁)དུ་སློབ་སྦྱོང་བྱས་མྱོང་པ་དང་།   དེའི་རྗེས་སུ་ཧྥ་རན་སི་རུ་མཐོ་འབྲིང་བཏོན་ལ། ཡང་དེའི་རྗེས་སུ་ཕེ་རིས་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་བྱས། ཁོས་སོ་བྷང་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་བྱེད་སྐབས་གློག་བརྙན་ལ་སྤྲོ་བ་སྐྱེས་བ་སྐྱེས་ཤིང་། མཐར་ཕྱིན་པའི་ལོ་དུ་མས་ནང་དུ་ལོ་ན་གཞོན་པའི་གློག་བརྙན་པ་དང་གློག་བརྙན་བཟོ་སྐྲུན་པ།   གློག་བརྙན་དཔྱད་བརྗོད་མཁན་བཅས་དང་མཉམ་དུ་ཧྥ་རན་སིའི་གློག་བརྙན་གྱི་རྦ་རླབས་གསར་བར་སྐུལ་འདེད་བྱས་སོ།།

    1959ལོར་ལྗེན་ལོ་ཁི་གྷོ་དྷར་གྱིས་འདག་རྫས་ཀྱི་བརྡ་ཁྱབ་ཅིག་གི་ངོས་ནས་ཏེན་མག་གི་བུ་མོ་ཨན་ནཱ་ཁཱ་རོས་ནཱ(Anna Karina)ངོ་ཤེས་པ་དང་། མོ་རང་གློག་བརྙན་<<ཟུངས་ཟད་ཤུགས་རྫོགས>>ཀྱི་ནང་དུ་མི་སྣ་ཆུང་ ཆུང་ཞིག་འཁྲབ་པར་གདན་འདྲེན་ཞུས། འོན་ཀྱང་གློག་བརྙན་ཁྲོད་དུ་ཁོ་མོ་རྗེན་གཅེར་དུ་ཐོན་དགོས་པས་མོས་ལྗེན་ལོ་ཁི་ གྷོ་དྷར་གྱི་དང་ལེན་མ་བྱས།    ཟླ་གསུམ་འགོར་རྗེས་ལྗེན་ལོ་ཁི་གྷོ་དྷར་ཡང་བསྐྱར་ཨན་ནཱ་ཁཱ་རོས་ནཱ་འཚོལ་དུ་སོང་། ཐེངས་དེ་ནི་ཆབ་སྲིད་གློག་བརྙན<<དམག་མི་ཆུང་ཆུང>>གི་ཆེད་དུ་ཡིན། འདི་ནི་ཁོང་གཉིས་ཀྱི་མཉམ་འབྲེལ་ཐོག་མ་རེད། འོན་ཀྱང་གློག་བརྙན་འདི་ནི་ཆབ་སྲིད་ཀྱི་རྐྱེན་གྱིས་ལོ་གསུམ་འགོར་རྗེས་ད་གཟོད་འགྲེམ་སྤེལ་བྱས་ཐུབ་པ་བྱུང་།

   1961ལོར་ཁོང་གཉིས་ཀྱིས་གཉེན་སྒྲིག་བྱས་ལ།   སྐབས་དེར་ཁོང་གཉིས་ལ་ཡང་“རྦ་རླབས་གསར་བའི་བཟའ་ཟླ”ཞེས་པའི་མཚན་སྙན་ལྡན། ལྗེན་ལོ་ཁི་གྷོ་དྷར་གྱིས་ཀྱང་ཁཱ་རོས་ནཱས་གཙོ་འཁྲབ་བྱས་པའི་གློག་བརྙན་རབ་དང་རིམ་པ་སྤེལ། འོན་ཀྱང་བཟའ་ཟླ་ཕུལ་དུ་བྱུང་བ་འདི་གཉིས་1964ལོར་བཟའ་ཐོར་བྱས། ཡིན་ན་ཡང་ཁོང་གཉིས་ཀྱིས་གློག་བརྙན་གྱི་ཐད་ད་དུང་མཉམ་ལས་བྱེད་བཞིན་ཡོད།

   ཁོའི་ཆུང་མ་གཉིས་པ1967ལོར་ལྗེན་ལོ་ཁི་གྷོ་དྷར་དང་གཉེན་སྒྲིག་བྱས་ལ་ 1979ལོར་ཁོང་གཉིས་ཀྱང་བཟའ་ཐོར་བྱུང་། ལྗེན་ལོ་ཁི་གྷོ་དྷར་གྱི་ད་སྐབས་ཀྱི་ཆུང་མ་ནི་མིང་ལ་ཨན་ནས•མར་རིས•མར་ཡེ་བེ་སི་ཟེར་བ་དེ་ཡིན།

སྒྱུ་རྩལ་གྱི་ལམ་ཀ

       ལྗེན་ལོ་ཁི་གྷོ་དྷར་ནི་ཆུང་དུས་ནས་གློག་བརྙན་ལ་སྤྲོ་བ་ཆེན་པོ་ཡོད་པ་རེད། ཁོ་སོ་བྷང་སློབ་གྲྭ་ཆེན་མོ་ན་ཡོད་དུས་རྒྱུན་དུ་ལ་ཏིང་ཁུལ་གྱི་གློག་བརྙན་ཁང་དུ་འགྲོ་འོང་བྱེད་པ་ཡིན། ཁོCine-Club du Quartier Latinནང་དུ་ཞུགས་ལ་ལི་ཝེ་ཐེ(里维特)དང་ལོ་མེའར་(罗麦尔)ངོ་ཤེས་ཤིང་། 1950ལོར་ཁོ་ཚོས་མཉམ་དུ་གློག་བརྙན་དུས་དེབ<< La Gazette du Cinéma >>གསར་དུ་བཏོན། དེ་ནས་བཟུང་ལྗེན་ལོ་ཁི་གྷོ་དྷར་གྱིས་པིར་མིང་Hans Lucasབཀོལ་ནས་གློག་བརྙན་སྐོར་གྱི་དཔྱད་བརྗོད་སྤེལ་བ་རེད། ལོ་དེར་ཁོས་ད་དུང་ལི་ཝེ་ཐེའི་གློག་བརྙན་དུ་འཁྲབ་སྟོན་བྱས་ཡོད་ལ། 1951ལོར་ཡང་ལོ་མེའར་གྱི་གློག་བརྙན་དུའང་འཁྲབ་སྟོན་བྱས།

    1952ལོར།  ལྗེན་ལོ་ཁི་གྷོ་དྷར་གྱིས་བྷ་ཟན་སོགས་ཀྱིས་1951ལོར་གསར་དུ་བཏོན་པའི<<གློག་བརྙན་ལག་དེབ>>ལ་རྩོམ་ཡིག་བྲིས། སྐབས་དེར་ཁོ་རྒྱུན་དུ་ཉིན་ཧྲིལ་བོར་གློག་བརྙན་དཔྱད་གཞིའི་ཡིག་རིགས་ཁང་དུ་བསྡད་ནས་གློག་བརྙན་རྣམ་པ་སྣ་ཚོགས་ལ་བལྟས་པ་དང་དེ་དག་ལ་ཞིབ་འཇུག་བྱས་པས།  གློག་བརྙན་ཐད་ཀྱི་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་པ་བྱུང་།

   1952ལོ་ནས་1965ལོའི་བར་ཁོས་གློག་བརྙན་དཔྱད་བརྗོད་ཀྱི་བྱ་བ་མཚམས་བཞག དུས་མཚམས་སུ་ཁོས་གློག་བརྙན་ཐུང་ངུ་དུ་མ་ཞིག་བསྐྲུན་ཡོད། ལོ་ཁ་ཤས་འགོར་རྗེས་ཡང་སྔ་ལམ་བསྐྱར་བགྲོད་བྱས་ནས། <<གློག་བརྙན་ལག་དེབ>>དང་འབྲེལ་བ་དམ་པོ་སྔར་མུས་སུ་བྱས་ལ། དུས་དེབ<>ཡི་ངོས་ལ་ཡང་གློག་བརྙན་དཔྱད་བརྗོད་སྤེལ།

   1959ལོར་ལོ29ལ་སོན་པའི་ལྗེན་ལོ་ཁི་གྷོ་དྷར་གྱིས་ཐྲོ་ཧྥོ་ཡི་རོགས་རམ་ལ་བརྟེན་ནས་ཁོའི་དོན་བརྗོད་གློག་བརྙན་ཐོག་མ་སྟེ<<ཟུངས་ཟད་ཤུགས་རྫོགས>>འཁྲབ་འཁྲིད་བྱས་པ་ལེགས་པར་གྲུབ་པས་ཧྥ་རན་སའི་ལྗེན•ཝིར་གྷོ(让• 维果)བྱ་དགའ་ཐོབ། གློག་བརྙན་དེ་ལ་འཁྲབ་གཞུང་མེད་ལ་མི་སྣའི་གླེང་མོལ་ཡང་འཁྲབ་ཁྲིད་པས་འཕྲལ་དུ་བསྒྲུགས་པ་ཡིན་ལ། ནང་སྦྱོང་སྐབས་སུ་བཟོ་བཅོས་མང་པོ་བརྒྱབ་པ་རེད།  ཁོའི་ཐོལ་བྱུང་གི་པར་ལེན་བྱེད་པའི་ཐབས་དེར་རང་གི་ཁྱད་ཆོས་ལྡན་པས་རྒྱལ་སྤྱི་རུ་སྐད་གྲགས་ཁྱབ་པ་རེད།

    དེ་ནས་བཟུང་ད་བར་དུ་ལྗེན་ལོ་ཁི་གྷོ་དྷར་གྱིས་གློག་བརྙན་ལེགས་པོ་མང་པོ་སྤེལ་ལ་རྒྱལ་སྤྱི་རིམ་པའི་བྱ་དགའ་ཡང་མང་པོ་ཐོབ། 2013ལོར་ཡང་གློག་བརྙན་གསར་བ<<སྐད་རིགས།>>ཞེས་པ་སྤེལ་ཡོད།

བརྩམས་ཆོས་གྲགས་ཅན།

    1959<<ཟུངས་ཟད་ཤུགས་རྫོགས།>> A BOUT DE SOUFFLE སྐབས་10པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དངུལ་དོམ་བྱ་དགའ། འཁྲབ་འཁྲིད་པ་རྩེ་གྲ་ཡི་བྱ་དགའ།

   1960<<དམག་མི་ཆུང་ཆུང>> LE PETIT SOLDAT

    1961<<བུད་མེད་ངོ་མ་བུད་མེད་རེད>> UNE FEMME EST UNE FEMME སྐབས11པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དངུལ་དོམ་བྱ་དགའ།

   1962<<ཅི་དགའ་གང་འདོད>> ⅥVRE SA ⅥE

    1964<<གཉེན་སྒྲིག་པའི་བུད་མེད>> UNE FEMME MARIEE

    1965<<གྲོང་ཁྱེར་ཨར་ཧྥ>> ALPHAⅥLLE OU UNE ETRANGE AVENTURE DE LEMMY CAUTION སྐབས་15པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་དོམ་བྱ་དགའ།

    1965<<སྨྱོན་པ་ཕི་རོ>> PIERROT LE FOU

    1966<<སྐྱེས་པ་དང་བུད་མེད>> MASCULIN FEMININ

    1967<<ཀྲུང་གོའི་བུ་མོ>> LA CHINOISE

    1969<<བདེན་དོན་ཚགས་པར།>> PRAVDA

    1969<<ཤར་རླུང>> VENT D'EST

   1980<<ཚང་མས་རང་དོན་བསམ>> SAUVE QUI PEUT (LA ⅥE)

   1981<<སྡུག་བསྔལ་མྱོང་བའི་ཟིན་ཐོ>> PASSION

    1983<<མིང་ཡག་ཁཱ་མེན>>PRENOM CARMEN སྐབས་40པའི་ཝེ་ནཱ་སེའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོནགྱི་གསེར་སེང་བྱ་དགའ།

    1983<<མཱ་རོས་ཡཱ་ལ་འདུད་པ>> JE VOUS SALUE MARIEA

    1984-1985<<མྱུལ་ཞིབ་པ>> DETECTⅣE

    1990<<དུས་རླབས་གསར་བ>> NOUVELLE VAGUE

    2000<<བརྩེ་དུང་གི་བསྟོད་གླུ>> ELOGE DE L'AMOUR

   2004<<ང་ཚོའི་རོལ་དབྱངས།>> NOTRE MUSIQUE

    2010<<སྤྱི་ཚོགས་རིང་ལུགས>> Socialisme

   2013 <<སྐད་རིགས།>>

བརྩམས་ཆོས་ཀྱི་ཁྱད་ཆོས།

   <1>ལྗེན་ལོ་ཁི་གྷོ་དྷར་གྱི་གློག་བརྙན་དག་ནི་ཧོ་ལེ་ཝོ་ཡི་གློག་བརྙན་གྱི་པར་ལེན་བྱེད་ཐབས་དང་དོན་བརྗོད་ཁྱད་ཆོས་ལ་འགྲན་ནུས་པར་བརྩི།  ཁོས་ཀྱང་རང་གི་ཆབ་སྲིད་ཀྱི་བསམ་བློ་དང་ཁོང་དུ་ཆུད་པའི་གློག་བརྙན་འཕེལ་རྒྱས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་དག་རང་གི་གློག་བརྙན་ཁྲོད་དུ་དྲངས་ཡོད། ཁོའི་བརྩམས་ཆོས་ཀྱི་ནང་དུ་ང་ཚོས་གནས་ཡོད་རིང་ལུགས་དང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྗེས་ཤུལ་རྙེད་ཐུབ།

  <2>ཆབ་སྲིད་ནི་ལྗེན་ལོ་ཁི་གྷོ་དྷར་གྱི་གློག་བརྙན་དག་གི་བརྗོད་བྱའི་སྙིང་བོ་ཡིན། ཁོས་འཁྲབ་སྟོན་པའི་གླེང་མོལ་བརྒྱུད་ནས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་མཚོན་ཞིང་། ཁོའི་བརྩམས་ཆོས་མང་པོས་དམག་འཁྲུག་ལ་ངོ་རྒོལ་བྱས་ཡོད།

 

དཔྱད་མཆན་ཡོད།