ལྗོ་དྷི་ལོ། Jude Law

  • སྐྱེས་སྐར། 1972
  • སྐྱེ་ཡུལ། དབྱིན་ཇི།
  • ལས་རིགས། འཁྲབ་སྟོན་པ། བརྙན་སྐྲུན་པ།འཁྲབ་ཁྲིད་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

     རྩོམ་པ་པོ་མི་གསལ།

   ལྗོ་དྷི་ལོ་ནི1972ལོའི་ཟླ12པའི་ཚེས29ཉིན་དབྱིན་ཇིའི་ལུན་ཌོན་ལོ་ཝེ་སེ་ཧན་དུ་སྐྱེས། ཁོ་སྐྱེས་དུས་ཕ་མ་གཉིས་ནི་དགེ་རྒན་ཡིན་པ་དང་།   དེང་སང་ལས་རིགས་བསྒྱུར་ནས་ཧྥ་རན་སི་རུ་ཟློས་གར་འཁྲབ་སྟོན་ཀུང་ཟུ་ཞིག་གཉེར་ཡོད།   ཁོའི་ལ་ཕྲ་ཞིང་རིང་བའི་གཟིགས་གཞི་དང་ཅུང་འཁྱིལ་ཞིང་ཁམ་མདོག་གི་སྐྲ་ལོ། མཚོ་མོ་ལྟ་བུའི་སྔོ་ལྗང་གི་མིག་ཟུང་། ཞི་དུལ་བབ་ཆགས་ཀྱི་གཤིས་རྒྱུད།   ཕུལ་དུ་བྱུང་བའི་འཁྲབ་རྩལ་བཅས་ནི་མི་རྣམས་ཀྱིས་རྒྱུན་དུ་བསྔགས་བརྗོད་ས་ཞིག་རེད།   ཁོའི་ཆུང་མའི་མིང་ལ་སེ་དྷེ་ཧྥོ་རོ་སེ་ཐེ་ཟེར། ཁོང་གཉིས་ལ་བྱིས་པ་གསུམ་ཡོད།   འོན་ཀྱང་ཁོ་གཉིས2005ལོར་བཟའ་ཚང་ཐོར། ཁོ་ལ་ཡང་བུ་མོ་ཞིག་ཡོད་པ་ལ་དེ་ནི་ནལ་ཕྲུག་ཅིག་ཡིན།

སྒྱུ་རྩལ་གྱི་ལམ་ཀ
    ཁོ་ལོ་བཅུ་གཉིས་ཡིན་དུས་གར་སྟེགས་སུ་བུད་ནས་འཁྲབ་སྟོན་བྱེད་འགོ་བརྩམས། ལོ་བཅུ་དྲུག་གི་སྐབས་སློབ་མཚམས་བཞག་སྟེ་ཆེད་གཉེར་འཁྲབ་སྟོན་པ་བྱས་ཤིང་། དབྱིན་ཇིའི་བརྙན་འཕྲིན་ཟློས་གར《ཁྱིམ་གཞི》ཡི་ནང་གི་མི་སྣ་ཞིག་འཁྲབ། ལོ་དུ་མའི་རྗེས་སུ་ལྗོ་དྷི་ལོས་ཡོ་རོབ་ཀྱི་གར་སྟེགས་སུ་འབྲས་བུ་མི་་དམན་པ་བླངས་པ་རེད། 1993ལོར་གློག་བརྙན《ཁ་ཐལ་བ》(言行失检) ལ་བརྟེན་ནས་ཨོ་ལེ་བིར་བྱ་དགའི“གཞོན་སྐྱེས་ཕུལ་བྱུང་ཅན”གྱི་འོས་མིང་ཐོབ། དེས་མ་ཟད་ཟློས་གར་དེས་ཁོ་རང་ཨ་རིའི་བྷི་རོ་ཌི་ཝེ(Broadway) ཡི་གར་སྟེགས་ལ་འཛེགས་སུ་བཅུག ཁོ་གློག་བརྙན་གྱི་ལས་ལ་ཞུགས་པ་ནས་བཟུང་། རྒྱལ་སྤྱིའི་འཁྲབ་འཁྲིད་པ་གྲགས་ཅན་དག་གིས་ཡང་ཡང་དུ་ཁོ་འཁྲབ་སྟོན་གྱི་གདན་འདྲེན་ཞུས། ཁོའི་འཁྲབ་སྟོན་གྱི་ལམ་བུ་ནི་བདེ་བླག་ངང་འགྲུབ་ཡོད་ཅེས་བརྗོད་ན་མི་ཆོག་རྒྱུ་མེད།

   2011ལོར«ང་གཡུག་ནས་མ་འགྲོ»ཞེས་པར་སྐབས37པའི་སོ་ནམ་དུས་སྟོན་རྟགས་མའི་འཁྲབ་སྟོན་མ་རྩེ་གྲ་ཡི་འོས་མིང་ཐོབ།

   1995ལོར་ཁོས<<ཧོལ་རྒྱུག>>འཁྲབ་པ་ལ་བརྟེན་ནས་ཐོ་ཉི་བྱ་དགའི་འཁྲབ་རོགས་རྩེ་གྲའི་འོས་མིང་(托尼奖最佳男配角提名)ཐོབ།

   ལྗོ་དྷི་ལོས་1997ལོར་ཁྱོན་བསྡོམས་གློག་བརྙན་བཞི་འཁྲབ་ཡོད་དེ།《ཝེའོ་ཏིའི་བྱམས་པ》(王尔德的情人) དང《ཉེན་འགག》(千钧一发) 《དགེ་སྡིག་ར་བའི་མཚན་གུང》 (善恶园的午夜)སོགས་སོ།། དེ་བཞི་བོའི་ནང་དུ་གསུམ་ནི་མཚན་མཐུན་སྐོར་གྱི་གློག་བརྙན་ཡིན།

   1999ལོར་ལྗོ་དྷི་ལོ་ཡི་བྱ་གཞག་ཡང་རྩེ་ལ་བསྙེགས་པ་དང་། ལོ་དེར་ཁོས་འཁྲབ་འཁྲིད་པ་ཨན་ཐར་ནིའུ•མིན་གྷེ་ལར(Anthony Minghella)གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《སྐྱེས་ཐོབ་ཤེས་རབ་ཅན་རོས་ཕེ་ལེ》ཁྲོད་དུ་འཁྲབ་སྟོན་བྱས་ཡོད་ལ།འཁྲབ་སྟོན་པ་གྲགས་ཅན་མཱ་ཐེ•དྷེ་མན(Matt Damon)། གྷེ་ཝེ་ནེ་སི་•ཕེ་ཐྲེ་རོ་(Gwyneth Paltrow) སོགས་དང་མཉམ་དུ་གློག་བརྙན་འདི་འཁྲབ། ཁོས་གློག་བརྙན་ཁྲོད་ཀྱི་དྷེ་ཁེ་ཟེར་བའི་མི་སྣ་དེའི་ཡ་ང་སྙིང་རྗེ་མེད་པ་དང་བག་མེད་རྣམ་གཡེང་གི་རྣམ་པ་དེ་དམར་དམར་རྗེན་རྗེན་གྱིས་དོད་ཡོད་པས། ཚང་མའི་གདེང་འཇོག་ཡག་པོ་བཞིན་ཐོབ། གློག་བརྙན་དེར་སྐབས་དེའི་གསེར་གོ་ལ་བྱ་དགའི་འོས་མིང་ལྔ་ཐོབ། ལྗོ་དྷི་ལོས་ཀྱང་དེ་ལ་བརྟེན་ནས་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའི་འཁྲབ་རོགས་པ་རྩེ་གྲ་ཡི་འོས་མིང་དང་དབྱིན་ཇི་སློབ་གླིང་བྱ་དགའི་འཁྲབ་རོགས་པ་རྩེ་གྲ་ཡི་བྱ་དགའ་བླངས།

   2000ལོར་ཁོ་ཨ་རི་དུས་དེབ<<མི་སྣ>>ཡིས་བདམས་པའི“འཛམ་གླིང་གི་ཆེས་མཛེས་པའི་མི་ལྔ་བཅུ”ཡི་ནང་གི་གཅིག་ཏུ་གྱུར།

   2001ལོར་ཁོས་སྔ་རྗེས་སུ་ཧྥ་རན་སིའི་འཁྲབ་འཁྲིད་པ་ལྗེན་ལྗེ་ཁེ་སི་ཨ་ནོ་ཏི(Jean Jacques Annaud)ཡི་དམག་འཁྲུག་སྐོར་གྱི་གློག་བརྙན་ཆེན་མོ<<དམག་གིས་མཁར་རྩར་གཏུག>>(兵临城下)དང་འཁྲབ་ཁྲིད་པ་ཆེན་མོ་སི་ཐེ་ཝིན• སི་ཕིའར་བྷོ་གྷིའི(Steven Spielberg) ཚན་འཕྲུལ་གློག་བརྙན་ཆེན་མོ<<མིས་བཟོས་རིག་ནུས>>(人工智能)གཉིས་གཙོ་འཁྲབ་བྱས་ཤིང་། ལྟད་མོ་བའི་དགའ་བསུ་ཡ་མེད་ཅིག་ཐོབ།

   དེའི་རྗེས་སུ་ཡང་བརྩམས་ཆོས་ལེགས་པོ་མང་པོ་འཁྲབ་ཡོད་དེ། དཔེར་ན། 2003ལོའི<<གྲང་རི>>དང་2007ལོའི<<རྐང་རྗེས>>2010ལོའི<<བསྐྱར་གསོན་པའི་སྐྱེས་བུ>>2011ལོའི<<ཧུ་གོ་ཁཱ་བྷོ་རོས་ཐེ>> 2011ལོའི<<མྱུལ་ཞིབ་པ་ཆེན་མོ་ཞཱ་ལོ་ཁེ་ཧོམ་སི>>2012ལོའི<<ཨན་ནཱ•ཁཱ་ལི་ཉི་ནཱ>>སོགས།

བརྩམས་ཆོས་གྲགས་ཅན།
    1994ལོ།<<ར་མདའི་བཀའ་རྒྱ >>疯狂追缉令 ( 1994 )

    1997ལོ། <<ཝེའོ་ཏིའི་བྱམས་པ>>王尔德的情人 (1997)   <<ཉེན་འགག>>千钧一发(1997)  <<དགེ་སྡིག་ར་བའི་མཚན་གུང>>善恶园的午夜 (1997)

    1999ལོ། <<སྐྱེས་ཐོབ་ཤེས་རབ་ཅན་གྱི་རོས་ཕེ་ལེ>>天才雷普利 (1999) 2000ལོའི་སྐབས72པའི་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའི་འཁྲབ་རོགས་པ་རྩེ་གྲའི་འོས་མིང་ཐོབ།

    2001ལོར།<<དམག་གིས་མཁར་རྩར་གཏུག>>兵临城下   <<མིས་བཟོས་རིག་ནུས>>人工智能

   2002ལོ།<<རྩ་བཅོམ་གྱི་ལམ>> 毁灭之路 ( 2002)

    2003ལོ།<<གྲང་རི>> 冷山 2004ལོའི་སྐབས་76པའི་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའི་གཙོ་འཁྲབ་པ་རྩེ་གྲའི་འོས་མིང་ཐོབ།

    2007ལོ།<<རྐང་རྗེས>>足迹 ( 2007)

    2010ལོ།<<བསྐྱར་གསོན་པའི་སྐྱེས་བུ>>重生男人 ( 2010)

    2011ལོ།<<ཧུ་གོ་ཁཱ་ཕེ་རོས་ཐེ>> 雨果的秘密 ( 2011)

    2011ལོ།<<མྱུལ་ཞིབ་པ་ཆེན་མོ་ཞཱ་ལོ་ཁེ་ཧོམ་སི>>大侦探福尔摩斯2 ( 2011)

    2012ལོ།<<ཨན་ནཱ་ཁཱ་ལི་ཉི་ནཱ>>安娜•卡列尼娜(2012)

བརྩམས་ཆོས་ཀྱི་ཁྱད་ཆོས།

    སྤྱིའི་ཆ་ནས་བཤད་ན། ལྗོ་དྷི་ལོ་ཡིས་འཁྲབ་བྱའི་གློག་བརྙན་བདམས་དུས་བསམ་བློ་ཡག་པོ་བཏང་ཡོད་དེ། ཁོས་སྤྲོ་བ་དང་སྙིང་པོ་མེད་པའི་གློག་བརྙན་དེ་དག་འཁྲབ་ཀྱིན་མེད་ལ། ཁོང་གིས་འཁྲབ་པའི་ཉུང་ཚོགས་ཀྱི་སྒེར་ཚུགས་གློག་བརྙན་(小众的独立制片)དེ་དག་ཀྱང་གསར་གཏོད་རང་བཞིན་ལྡན་པའི་གློག་བརྙན་ཏག་ཏག་རེད།

 

དཔྱད་མཆན་ཡོད།