རོ་བྷིར་ཐི•ཛི་མེ་ཁི་སི། Robert Zemeckis

  • སྐྱེས་སྐར། 1952ལོའི་ཟླ5པའི་ཚེས་14།
  • སྐྱེ་ཡུལ། ཨ་རི།
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་གཞུང་མཁན། འཁྲབ་སྟོན་པ། གློག་བརྙན་ཕབ་སྐྲུན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

ལོ་རྒྱུས་མདོར་བསྡུས།

     རོ་བྷིར་ཐི•ཛི་མེ་ཁི་སི་ནི་སྤྱི་ལོ1952ལོའི་ཟླ5པའི་ཚེས14ཉིན་ཨ་རིའི་གྲོང་ཁྱེར་ཧྲི་ཁ་གྷོ་རུ་སྐྱེས་ཤིང། ཁོང་དེར་ལོ་ངོ18ཙམ་དུ་འཚོ་བ་བསྐྱལ་རྗེས་རང་ཉིད་ཀྱི་གློག་བརྙན་གྱི་ལམ་དུ་ཆས་འགོ་བརྩམས། ཁོང་ནི་འཇོན་ཐང་ཆེ་ལ་རླུང་རྟ་ཡང་ཤིན་ཏུ་དར། ཐེངས་དང་པོའི་རེ་འདུན་གྱིས་ལྷོ་ཁཱ་ལེ་ཧྥོ་ནི་ཡ་གློག་བརྙན་སློབ་གླིང་དུ་རྒྱུགས་འཕྲོད་བྱུང་། དེ་ནི་རོ་བྷིར་ཐི་ཛི་མེ་ཁི་སི་ཡི་གཞོན་དུས་ཀྱི་རྨི་ལམ་དུའང་ཐོབ་འདོད་ཀྱི་རེ་བ་བྱེད་སའི་གནས་ཤིག་ཡིན། འོན་ཀྱང་ཁོང་གིས་རེ་ཞུ་ཐེངས་གཉིས་ཕུལ་ཀྱང་ཆོག་མཆན་མ་ཐོབ་པས་མཐར་ལྷོ་ཁཱ་ནི་ཧྥོ་ནི་ཡའི་ཡན་ལག་སློབ་གླིང་དུ་བསྐྱོད་དགོས་བྱུང་བ་མ་ཟད་སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་མ་བྱས་པར་འཁྲབ་ཁྲིད་པ་བྱ་བར་བསྐྱོད།

     རོ་བྷིར་ཐི་ཛི་མེ་ཁི་སི་ཡི་གོམ་འགྲོས་ནི་ཟི་ཕིའར་བྷིར་ཀི་[Steven Allan Spielberg]ལས་དམིགས་བསལ་གྱིས་བརྟན་པ་ཡོད། ཁོང་སློབ་ཆེན་སྐབས་ནས་ནུས་པ་ཐོག་མར་མངོན་ཡོང་ཞིང་བརྙན་ཐུང་མང་པོར་རྒན་ལགས་ཀྱི་ཁས་ལེན་ཐོབ་ལ། ཁོང་གི་སློབ་ཐོན་བརྩམས་ཆོས《གཡུལ་ས》[战场]ལ་སློབ་གྲྭ་དེའི་སློབ་གླིང་བྱ་དགའ་ཐོབ། བརྩམས་ཆོས་ལེགས་པོ་འདིས་ཁོང་ལ་སློབ་མཆེད་ཟི་ཕིའར་བྷིར་ཀིའི་བརྩི་མཐོང་ཐོབ་པ་མ་ཟད་མཐའ་མཇུག་བཤེས་གཉེན་དང་གྲོགས་པོ་གཉིས་ཀར་ནུས་པའི་རྒན་ལགས་དང་རྒྱུན་རིང་གི་མཉམ་ལས་འབྲེལ་བ་ཚུགས་པ་བྱུང་།

     རླབས་ཆེན་གྱི་མཉམ་ལས་དང་བྱ་གཞག་རྩེ་མོར་འཕེལ་བ། 2000ལོ་ནས་2004ལོའི་བར་གྱི་ལོ་བཞིའི་རིང་རོ་བྷིར་ཐི་ཛི་མེ་ཁི་སིས་བརྩམས་ཆོས་གཅིག་ཀྱང་བཀྲམ་མེད་ཅིང་། ཁོང་གིས་སེམས་ཤུགས་ཡོད་རྒུས་ཁོང་ཉིད་སེམས་དབུས་ཀྱི《ལྷོ་སྣེའི་མྱུར་འཁོར》[The Polar Express]གསར་བཟོ་བྱ་བཞིན་ཡོད་འདུག བརྩམས་ཆོས་དེ་ནི་བུ་ཆུང་ཞིག་གིས་ཡེ་ཤུའི་རྒད་པོ་དང་འབྲེལ་བའི་རྨི་ལམ་རྨིས་པའི་སྒྲུང་ཞིག་ཡིན། ཁོང་གིས་སླར་ཐོམ་ཧན་ཁེ་སེ་[Tom Hanks]འཁྲབ་ཚན་རུ་ཁག་ཏུ་གདན་ཞུས་ཤིང་ཆེས་སྔོན་ཐོན་གྱི་བྱ་འགུལ་འཛིན་བཟུང་ལག་རྩལ[Motion Capture]དང་མིག་འགུལ་གློག་པར་ཤུལ་བཤུ་རུ་[EOG]བེད་སྤྱད་ཤིང་3Dབརྙན་འཕྲིན་དེ་བས་ཞིབ་ཚགས་ལ་མངོན་སུམ་བཞིན་གྱི་ནུས་སྟོབས་ཐོན་རྒྱུར་བརྩོན་ལེན་བྱས། བརྙན་འཕྲིན་ཁྲོད་འཁྲབ་ཁྲིད་པས་ཧན་ཁེ་སེའི་[Tom Hanks]ཕྱི་ཚུལ་ལ་གཞིག་ནས་འཁྲབ་བྱའི་མི་སྣ་ལྔ་ཙམ་འཆར་འགོད་བྱས་ལ། ཐང་མོ་ཧན་ཁེ་སེས་ཡོལ་རྒྱབ་ཀྱི་འཁྲབ་སྟོན་བརྒྱུད་མི་སྣའི་གདོང་ངོས་ཀྱི་རྣམ་འགྱུར་ཆ་ཚང་བར་བྱས་རྗེས། གློག་ཀླད་གྱིས་བསྲེས་སྦྱོར་བྱས་པས་གསོན་ཤུགས་ཆེས་ཆེར་ལྡན་པའི་ཕན་ནུས་ཐོན།

     《ལྷོ་སྣེའི་མྱུར་འཁོར》ཐོན་པ་དེས་ཀྱང་བྱ་འགུལ་འཛིན་བཟུང་ལག་རྩལ་གྱི་འགུལ་རིས་གློག་བརྙན་ཉིན་བཞིན་འཚར་ལོངས་ཤིང་ཆ་ཚང་བར་བྱས། རྟག་པར་ལག་རྩལ་གྱི་མདུན་གྲས་སུ་བསྐྱོད་པའི་ཛི་མེ་ཁི་སིས2007ལོའི་ལོ་མཇུག་ཏུ་བརྩམས་ཆོས་གསར་བ《པི་འོ་ཧྥོ》[Beowulf]བསྟན་པ་རེད། དེ་ཡང་བྱ་འགུལ་འཛིན་བཟུང་ལག་རྩལ་[Motion Capture]དང་མིག་འགུལ་གློག་པར་ཤུལ་བཤུ་[EOG]ཡི་ལག་རྩལ་རྨང་དུ་བྱས་ནས་བཟོས་པ་ཞིག་རེད། ལག་རྩལ་ཐད《ལྷོ་སྣེའི་མྱུར་འཁོར》ལས་གོམ་གང་མདུན་དུ་སྤོས་ཡོད་ལ་ཨཱན་ལྗི་ལི་ནཱ་ལྗོ་ལེ་[Angelina Jolie]དང་ཨཱན་སིར་ནི་ཧོབ་ཁིན་སི[Anthony Hopkins]སོགས་གྲགས་ཅན་མི་སྣ་ཞུགས་ཡོད་པ་དེས་ཀྱང་གློག་བརྙན་པར་གཞི་དེའི་དཔུང་ཤུགས་འོད་ཟེར་སྟོང་ལྡན་འཕྲོས།

     ཨ་རིར《པི་འོ་ཧྥོ》[Beowulf]ཐོག་མར་བསྟན་ནས་གཟའ་འཁོར་གཅིག་ནང་པ་སེ་བཙོང་སའི་ཨང་དང་པོའི་གསེར་ཁྲི་བླངས་སོ།། འོན་ཏེ་དོགས་འདྲིའི་སྐད་སྒྲ་ཡང་རྣ་ལམ་དུ་འཛད་མཐའ་མེད། < མི་ཚོས་དབང་མེད་དུ་རོ་བྷིར་ཐི་ཛི་མེ་ཁི་སིས་འགུལ་རིས་ལག་རྩལ་ཐད་ཀྱི་ཞིབ་དཔྱད་དེ་སྨྱོ་ཚད་དུ་སླེབས་མེད་དམ་ཞེས་དང་ཁོང་གིས་མི་ངོ་མའི་གློག་བརྙན་གྱི་ཁོངས་སུ་ལོག་དགོས་མིན་ལ་བསམ་གཞིག་བྱེད་དགོས་སམ་ཞེས་འདྲི། ཡིན་ཡང་ཙན་མེ་སྲེ་ཅིའི་ངོས་ན་ལག་རྩལ་ཐད་ཀྱི་ཞིབ་དཔྱད་དེ་གཅིག་བྱས་ན་གློག་བརྙན་སྒྲུང་གཏམ་ལས་ཡིད་འཕྲོག་གི་ནུས་པ་ཆེ་བ་ཡོད།>

གྲུབ་འབྲས་གཙོ་བོ།                                                            

བརྩམས་ཆོས་གྲགས་ཅན།

     1995ལོའི་སྐབས་བཅུ་བདུན་པའི་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའི་གློག་བརྙན་རྩེ་གྲའི་འགྲན་རྩོད་ཁྲོད། གློག་བརྙན《སྒམ་པོའི་གཏམ་རྒྱུད》[Forrest Gump]ལ་གློག་བརྙན་རྩེ་གྲ་དང་གཙོ་འཁྲབ་ཕོ་རྩེ་གྲ། འཁྲབ་ཁྲིད་པ་རྩེ་གྲ། འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ། དྲས་སྒྲིག་རྩེ་གྲ། མཐོང་ཚོར་ཕན་ནུས་རྩེ་གྲ་བཅས་བྱ་དགའ་ཆེན་པོ་དྲུག་ཙམ་ཐོབ། གློག་བརྙན་དེར་རིག་པ་སྐྱོན་ཅན་ཞིག་གི་འཚོ་བ་ཞིབ་འབྲི་བརྒྱུད་ཨ་རིའི་འཚོ་བའི་ཕྱོགས་སོ་སོ་ཤུགས་སུ་བསྟན་ཡོད་ལ། ལྟ་ཕྱོགས་དམིགས་བསལ་ཞིག་ནས་ཨ་རིའི་ལོ་བཅུའི་རིང་གི་སྤྱི་ཚོགས་དང་ཆབ་སྲིད། འཚོ་བ་སོགས་ཀྱི་གནད་དོན་འགངས་ཆེན་གསལ་བར་བྱས་ཡོད། གློག་བརྙན་དེ་ནི་ཝིན་སི་ཐུན་གྷི་རོམ་[Winston Groom]གྱི་མིང་གཅིག་པའི་སྒྲུང་གཏམ་ལས་བཅོས་སྒྲིག་བྱས་ཤིང་། དེ་ཙམ་ལས་མ་རྩོམ་ནི་འཕྱ་སྨོད་ཤུགས་ཆེར་ལྡན་པའི་སྒྲུང་གཏམ་ཚུལ་མིན་ཞིག་ཡིན་ཡང་། གློག་བརྙན་འདིར་སྒྲུང་གཏམ་ལ་མཛེས་བཟོ་དང་རྒྱན་མཆོར་སྤྲས་ཡོད་ལ། མ་རྩོམ་གྱི་ཁུངས་མེད་དང་འཕྱ་སྨོད་དོར་ནས་གློག་བརྙན་ལ་བྱམས་བརྩེ་ཟབ་མོ་ཞིག་ལྡན་དུ་བཅུག། དེ་ནི་གཟིགས་མོ་བ་དང་དཔྱད་གཏམ་མཁན་གྱི་དང་ག་དང་དེ་བས་འཚམ་པ་ནི་ཐེ་ཚོམ་མེད། འོན་ཏེ་མ་རྩོམ་གྱི་རྒྱབ་གཏོད་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱུར་ནས་ གློག་བརྙན་གང་དེ་ཕུགས་རེའི་ཀུན་སྤྱོད་ཀྱི་མཚོན་རྟགས་སུ་གྱུར་རོ།།

 

ཞུགས་མྱོང་བའི་བརྩམས་ཆོས།

《པི་འོ་ཧྥོ》[Beowulf]2007ལོ། 《ལྷོ་སྣེའི་མྱུར་འཁོར》[The Polar Express]2004ལོ།

《ཉམས་ཉེན་ཕྱོགས་བཞིར་ཁྱབ་པ》[What Lies Beneath]2000ལོ།

《ཆག་སྒོ་བསྐྱར་དུ་ཡོང་བ》[Cast Away]2000ལོ།

《དུས་དང་བར་སྟོང་གྲོལ་བའི་འབྲེལ་གཏུག》[Contact]1997ལོ་དང་1994ལོ།

《མ་འོངས་པར་ལོག་པ 3》[Back To The Future Part3]1990ལོ།

《མ་འོངས་པར་ལོག་པ 2》[Back To The Future Part3]1989ལོ།

《མ་འོངས་པར་ལོག་པ》[Back To The Future]1985ལོ།

《སུས་རི་བོང་རོ་ལྗར་ལ་འཚེ་སོང》[With Who Framed Roger Rabbit]1988ལོ།

《ནོར་བུ་འཚོལ་བ》[Romancing the Stone]1984ལོ།

 

ལེགས་སྐྱེས་ཀྱི་ཤུགས་རྐྱེན།

     《སུས་རི་བོང་རོ་ལྗར་ལ་འཚེ་སོང》[With Who Framed Roger Rabbit]ནི་ཛི་མེ་ཁི་སིའི་གློག་བརྙན་ལོ་རྒྱུས་ཐོག་གི་འགུལ་རིས་དང་མི་ངོ་མ་ཟུང་འབྲེལ་དུ་ཡོད་པའི་བརྩམས་ཆོས་ཀྱི་སྣེ་མ་དེ་ཡིན་ལ་ཨོ་ཟི་ཁཱའི་གཟེངས་བསྟོད་ཆེན་མོ་ཁག་མང་པོ་ཐོབ། དེ་རྗེས་ཀྱི《མ་འོངས་པར་ལོག་པ》ལེའུ་མཐུད་མ་གཉིས་པོར་ཡང་ལྟད་མོ་བ་ཤིན་ཏུ་མང་ཞིང་གློག་བརྙན་ལོ་རྒྱུས་ཐོག་ཆེས་དགའ་བསུ་ཐོབ་པའི་གློག་བརྙན་ཕྲེང་བརྒྱུད་ཀྱི་གྲས་སུ་ཚུད། ཛི་མེ་ཁི་སིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཕལ་ཆེ་བ་ཁོང་རང་གིས་བཟོས་པ་དཔེར་ན《བམ་རོ་གསོན་པོའི་གཏམ་རྒྱུད》[Tales From the Crypt Presents]དང《ཞེད་དྲག་གི་རྣམ་ཤེས》[The Frighteners] 《གང་འདོད་དུ་འཛུལ་བ》[(Trespass] 《ཕྱི་མའི་བཤད་རྒྱུན་ཁྱད་མཚར 2》[Crypt Presents: Bordello of Blood]སོགས་ཡོད།

     1994ལོར་ཛི་མེ་ཁི་སིས་དེ་སྔོན་གྱི་ཉེན་མཆོང་དང་འཁྲབ་ཚན་གྱི་ལམ་ཕྱོགས་རྩ་སྒྱུར་བཏང་ནས་མི་དཀྱུས་མའི་སྒྲུང་གཏམ་ 《སྒམ་པོའི་གཏམ་རྒྱུད》[Forrest Gump]ཕབ་པས་མང་ཚོགས་ཀྱི་གདེང་འཇོག་ལེགས་པོ་ཐོབ་པ་མ་ཟད་གསེར་གོ་ལའི་བྱ་དགའ་དང་། ཨ་རིའི་འཁྲབ་ཁྲིད་ལྷན་ཚོགས། དེ་བཞིན་ཨོ་ཟི་ཁཱའི་འཁྲབ་ཁྲིད་རྩེ་གྲའི་གཟེངས་བསྟོད་ཐོབ། ད་དུང་ཡང་གློག་བརྙན་དེར་ཨོ་ཟི་ཁཱའི་གློག་བརྙན་རྩེ་གྲའི་གཟེངས་བསྟོད་ཐོབ་ལ་གཙོ་འཁྲབ་པ་ཐམ་ཧན་ཁེ་སེ་ལ་ཡང་དེ་ལས་བརྙན་རྗེའི་གཟི་བརྗིད་ཀྱི་མཚན་སྙན་དང་དགེ་མཚན་མི་ཉུང་ཐོབ།

     དེ་རྗེས་ཛི་མེ་ཁི་སིའི་བརྩམས་ཆོས་གཙོ་གྲས་ལ《དུས་དང་བར་སྟོང་གྲོལ་བའི་འབྲེལ་གཏུག》[Contact]དང་སླར་ཁྱད་ནུས་ཅན་གྱི་སྣེ་ཁྲིད་དུ་གྱུར་བའི《ལྷོ་སྣེའི་མྱུར་འཁོར》[The Polar Express]སོགས་མང་ངོ་།།[ཞུ་དག བཀྲིས་དབང་མོ།]

དཔྱད་མཆན་ཡོད།