ཆལ་ཟི•ཆཱ་ཕི་ལིན། Charles Chaplin

  • སྐྱེས་སྐར། 1889ལོའི་ཟླ་བ4པའི་ཚེས16།
  • སྐྱེ་ཡུལ། དབྱིན་ཇིའི་ལོན་ཏོན།
  • ལས་རིགས། འཁྲབ་སྟོན་པ། འཁྲབ་ཁྲིད་པ། འཁྲབ་གཞུང་མཁན། བརྙན་སྐྲུན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

ལོ་རྒྱུས་མདོར་བསྡུས།

ཁོང་གི་བྱིས་པའི་དུས་སྐབས།
     ཆཱ་ཕི་ལིན་ནི་སྤྱི་ལོ1889ལོར་ལོན་ཏོན་ལྷོ་ཕྱོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཕ་མ་གཉིས་ཀ་སྒྱུ་རྩལ་པ་ཡིན། ཁོང་ཆུང་བྱིས་པའི་དུས་སུ་ཕ་མ་གཉིས་ཁ་བཀར་བས། ཆཱ་ཕི་ལིན་དང་མ་གཅིག་ཕ་གཉིས་ཀྱི་གཅེན་པོ་ཞོས་ཉི•ཆཱ་ཕི་ལིན[雪尼•卓别林]གཉིས་ཀྱིས་ཨ་མ་དང་མཉམ་དུ་འཚོ་བ་བསྐྱལ། སྤྱི་ལོ1896ལོར་ཁོང་གི་ཨ་མའི་ལས་ཀ་ཤོར་བ་དང་གཅེན་གཅུང་གཉིས་ལོན་ཏོན་ལན་པའེ་སི[伦敦兰贝斯]ཁུལ་གྱི་གཅུན་འདོམས་ཁང[少年感化院]དུ་བསྐྱལ། དེ་ནས་ཡང་གཟའ་འཁོར་འགའི་རྗེས་སུ་དྭ་ཕྲུག་གསོ་ཉར་བྱེད་པའི་སློབ་གྲྭ་ཞིག་ཏུ་བསྐྱལ་བ་རེད།
 
     ཆཱ་ཕི་ལིན་ལོ་བཅུ་གཉིས་དང་ཕྱེད་ཙམ་ལ་སོན་སྐབས་ཨ་ཕས་ཨ་རག་འཐུང་དྲགས་ནས་ཚེ་ལས་འདས་ཤིང་། ཨ་མར་སྨྱོ་ནད་བྱུང་ནས་སྨྱོ་ནད་སྨན་ཁང་ཞིག་ཏུ་བསྐྱལ་བ་རེད། སྐབས་དེ་དུས་ཆཱ་ཕི་ལིན་གཅེན་གཅུང་གཉིས་པོས་ཁོ་གཉིས་ལ་ད་དུང་ཨ་ཕས་གཉོར་སྐྱོང་བྱས་པའི་མ་གཅིག་ཕ་གཉིས་ཀྱི་སྤུན་ཟླ་ཞིག་ཡོད་པ་ཤེས་མེད། རྗེས་སུ་སྤུན་དེས་ཀྱང་ཆཱ་ཕི་ལིན་གྱིས་ལས་ཀ་བྱེད་སའི་ཧོ་ལེ་ཝོའི[好莱坞]གློག་བརྙན་བཟོ་གྲྭའི་ནང་དུ་ལས་ཀ་བྱེད་བཞིན་ཡོད།
 
     སྤྱི་ལོ1920ལོར་ཆཱ་ཕི་ལིན་གྱིས་རང་གི་ཨ་མ་ཨ་རིར་བསུས་འོང་པ་དང་། ཨ་མ་སྤྱི་ལོ1928ལོར་ཧོ་ལེ་ཝུ་རུ་གྲོངས། ཨ་ཕ་ནི་དགུང་ལོ37ཐོག་གྲོངས་པ་དང་ཨ་མར་ཡང་སྨྱོ་ནད་ཕོག་རྐྱེན་ལོ་ན་ཕྲ་བའི་ཆཱ་ཕི་ལིན་དྭ་ཕྲུག་སློབ་གྲྭར་བསྐྱལ། ལོ་བདུན་གྱི་རྗེས་སུ་ཁོ་དྭ་ཕྲུག་སློབ་གྲྭར་ཁ་བྲལ་ཏེ་མི་ཆུང་འཁྱམ་པོ་ཞིག་ཏུ་གྱུར། ཁོ་ཚགས་པར་འཚོང་མཁན་དང་ཚོང་ཟོག་འཚོང་སའི་ཚོང་གཡོག་ཆུང་ཆུང་། རྩེད་ཆས་འཚོང་མཁན། སྨན་པའི་གཡོག་ཆུང་། ཤེལ་བཟོ་བ་ཆུང་ཆུང[吹玻璃的小工人]སོགས་བྱས་མྱོང་བ་དང་། ད་དུང་རོལ་རྩེད་དོ་རར་གད་སྙིགས་ཕྱགས་མཁན་ཡང་བྱས་མྱོང་། གཞོན་དུས་ཀྱི་དབུལ་པོའི་འཚོ་བས་ཁོའི་རྗེས་ཕྱོགས་ཀྱི་འཁྱམ་པོའི་སྣང་བརྙན་གསར་དུ་བཏོད་པར་བློ་སྒོ་ཕྱེས།
 
     སྨ་ར་ཆུང་ཆུང་དང་འཁར་བ་ཕྲ་མོ། དོར་མ་ཆེན་པོ། ཀོ་ལྷམ། དེ་བཞིན་ཕར་གུག་ཚུར་གུག་གི་གཟབ་གོས་སོགས་ཀྱིས་ཟོལ་མེད་ཀྱི་བྱིས་པའི་སྣང་ངོའི་མི་རྒན་གྱི་རྫིག་ཉམས་དེ་ཤུགས་སུ་བསྟན་ཡོད། དེ་ནི་ལྷག་བསམ་ཟོལ་མེད་ཀྱི་སྣང་བརྙན་ཞིག་བརྒྱུད་ནས་གྲལ་རིམ་འོག་མའི་འཐུས་ཚབ་ཅིག་གསར་དུ་བསྐྲུན་རྒྱུ་དེ་རེད། ཆཱ་ཕི་ལིན་ལོ་ན་བཅུ་བདུན་ལ་སོན་སྐབས་དུས་དེར་སྐད་གྲགས་ཤིན་ཏུ་ཆེ་བའི་ཁཱར་ཐེན[卡尔诺(Carnot) ['kɑːrtn]剧团]ཟློས་གར་ཚོགས་པར་ཞུགས་པ་དང་། ཚོགས་པ་དེ་རུ་ཁོང་གི་ཚེ་གང་བོར་ཕན་པ་དཔག་མེད་འདོགས་མཁན་ཏེ། དགེ་རྒན་བཟང་པོ་ཁཱར་ཐེན་དང་འཕྲད། ཁར་ཐེན་གྱིས་ཆཱ་ཕི་ལིན་སྤྲོ་གར་གྱི་རྩེ་མོར་གཏད།
 
ལས་རིགས་ཀྱི་བཞུད་ལམ།
      སྤྱི་ལོ1919ནས་བཟུང་ཆཱ་ཕི་ལིན་གྱིས་རང་གཅིག་པུས་གློག་བརྙན་བསྐྲུན་འགོ་བཙུགས་ཤིང་། ཁོང་གིས་མི་ཚེ་གང་བོར་སྤྲོ་གར80ལྷག་ཙམ་འཁྲབ། དེ་དག་གི་ནང་གློག་བརྙན་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་གློག་བརྙན་ནི《གསེར་བཀྲུ་རྒྱག་པ》[The Gold Rush]དང《གྲོང་ཁྱེར་གྱི་འོད་སྣང》[City Lights] 《དེང་གི་དུས་རབས》[Modern Times]《སྒེར་གཅོད་པ་ཆེན་མོ》[The Great Dictator]《སྐུ་ཞབས་བད་དྷུ》[Monsieur Verdoux(法语)][凡尔杜先生] 《གར་སྟེགས་ཀྱི་འཚོ་བ》[Limelight][舞台生涯]སོགས་ཡོད། གློག་བརྙན་དེ་དག་གིས་ཆཱ་ཕི་ལིན་ནི་མི་ཆོས་རིང་ལུགས་པ་ཕལ་པ་ཞིག་ནས་དངོས་ཡོད་སུན་འབྱིན་རིང་ལུགས་པའི་སྒྱུ་རྩལ་གྱི་སློབ་དཔོན་ཞིག་ཏུ་གྱུར་བའི་བརྒྱུད་རིམ་མངོན་པར་བྱས་ཡོད།
 
     ཆཱ་ཕི་ལིན་གྱི་རྩེར་སོན་པའི་འཁྲབ་སྟོན་སྒྱུ་རྩལ་གྱིས་དམའ་རིམ་ངལ་རྩོལ་པར་གདུང་སེམས་མཉམ་སྐྱེད་དང་། མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་ཞན་ཆ་གང་མང་ལ་ཟུར་ཟ་དྲག་པོ་བྱས་ཡོད་ཅིང་། ཧྥ་ཤི་སིའི་འགོ་པ་ཧི་ཐི་ལེ[希特勒]ལ་སྙིང་རྗེ་མེད་པར་ལྕག་ཚན་བསྣུན་ཡོད།
 
     སྤྱི་ལོ1952ལོར་ཁོང་ལ་མཱད་ཁར་སི་རིང་ལུགས[麦卡锡主义]ཀྱི་གནོད་འཚེ་ཕོག་ནས་ཨ་རི་དང་ཁ་མི་འབྲལ་ཀ་མེད་བྱུང་ཞིང་། སི་ཝེས་ཙེར་དུ་གནས་སྡོད་བྱས། སི་ཝེས་ཙེར་དུ་སྡོད་དུས་ཁོང་གིས་མཱད་ཁར་སི་རིང་ལུགས་ལ་ཟུར་ཟ་བྱེད་པའི་གློག་བརྙན《རྒྱལ་བོ་ཞིག་ནིའུ་ཡོག་ན་འདུག》[一个国王在纽约]ཅེས་པ་དེ་ཕབ། སྤྱི་ལོ1972ལོར་ཨ་རིས་ཆཱ་ཕི་ལིན་ཧོ་ལེ་ཝུ་རུ་གདན་འདྲེན་ཞུས་ཤིང་། ཁོང་ལ་ཨོ་ཟི་ཁཱ་ཡི་ཚེ་གང་གྲུབ་འབྲས་བྱ་དགའ་གནང་ཞིང་།“དུས་རབས་འདིའི་གློག་བརྙན་སྒྱུ་རྩལ་ལ་བྱས་རྗེས་དཔག་ཏུ་མེད་པ་བཞག་ཡོད”ཅེས་ཁོང་ལ་གདེང་འཇོག་གནང་།
 
     ཆཱ་ཕི་ལིན་གྱི་ཆེས་ཕུལ་དུ་བྱུང་བའི་སྣང་བརྙན་ནི། འཁྱམ་པོའི་ཕྱི་ཚུལ་དང་མི་དྲག་གི་ཁོག་རྒྱ། ཆུང་དྲགས་པའི་གཟབ་གོས་ཤིག་དང་ཆེ་དྲགས་པའི་དོར་མ། ཀོ་ལྷམ། རྩེ་མོ་སྒོར་དབྱིབས་ཅན་གྱི་གུས་ཞྭ་གྱོན་པ་དང་། ལག་ལ་སྨྱུག་མའི་འཁར་བ་ཐོགས་ཤིང་སྨ་ར་ཆུང་ཆུང་ཞིག་བཞག་ཡོད་པ་དེ་རེད། སྒྲ་མེད་གློག་བརྙན་གྱི་དུས་སྐབས་སུ་ཆཱ་ཕི་ལིན་ནི་འཇོན་ཐང་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན། ཁོང་རང་གིས་གློག་བརྙན་ལ་འཁྲབ་གཞུང་བརྩམས་ཤིང་། འཁྲབ་ཁྲིད་དང་འཁྲབ་སྟོན་སོགས་བྱས་ཏེ་རང་ཉིད་ཀྱི་གློག་བརྙན་འགྲེམ་སྤེལ་བྱས།
 
     དབྱིན་ཇིའི་ཟློས་གར་ཁང་དུ་བྱིས་པའི་འཁྲབ་སྟོན་པ་ཞིག་བྱས་ཏེ་གར་སྟེགས་ཐོག་འཛེགས་པ་ནས་བཟུང་དགུང་ལོ88ཐོག་ཚེ་ལས་འདས་པའི་བར་གྱི་ལོ་ངོ70ལྷག་ལ་འཁྲབ་སྟོན་གྱི་ལས་ལ་གཞོལ་བ་རེད། ཆཱ་ཕི་ལིན་ནི་དྷི་ཁིན་སིའི་ལུགས་ཀྱི[狄更斯式]ལོན་ཏོན་གྱི་བྱིས་པ་ཞིག་ནས་གློག་བརྙན་བཟོ་ལས་ཀྱི་ཡང་རྩེར་སོན་པའི་མི་སྣ་ཞིག་ཏུ་གྱུར་ཅིང་། ཁོང་ནི་དུས་རབས20པར་ཀུན་གྱི་མིག་དབང་འགུག་མཁན་གྱི་མི་སྣ་ཞིག་ཡིན་པས་ཁོང་རང་ཉིད་ཀྱང་རིག་གནས་ཀྱི་དང་རྟེན [文化偶像]ཞིག་ཏུ་གྱུར་ཡོད། ཁོང་གི་མི་ཚེའི་སྤྱི་སྒེར་འཚོ་བའི་ཐད་ལ་མི་ལ་ལས་བསྟོད་བསྔགས་ཆེན་པོ་བྱས་ཡོད་ཀྱང་། ལ་ལས་སྐྱོན་བརྗོད་བྱས་པའང་ཡོད།
 
གྲུབ་འབྲས་གཙོ་བོ།                                                            
ཚབ་མཚོན་བརྩམས་ཆོས།
《འཚོ་ཐབས་འཚོལ་བ》[Making a Living]1914ལོར།
《ཐོལ་ཆར་གྱི་ཁྲོད》[Between Showers]1914ལོར།
《གསེར་བཀྲུ་རྒྱག་པ》[The Gold Rush]1925ལོར།
《རོལ་རྩེད་ཚོགས་པ》[The Circus]1928ལོར། བརྩམས་ཆོས་དེར་ཨོ་ཟི་ཁཱའི་གཙོ་འཁྲབ་པ་རྩེ་གྲ་ཡི་བྱ་དགའི་འོས་མིང་ཐོབ་པ་དང་སྤྲོ་གར་འཁྲབ་ཁྲིད་པ་རྩེ་གྲ་ཡི་བྱ་དགའི་འོས་མིང་ཐོབ་པ་མ་ཟད། གཟི་ལྡན་བྱ་དགའ་ཐོབ།
《གྲོང་ཁྱེར་གྱི་འོད་སྣང》[City Lights]1931ལོར།
《དེང་གི་དུས་རབས》[Modern Times]1936ལོར།
《སྒེར་གཅོད་པ་ཆེན་མོ》[The Great Dictator]1940ལོར། བརྩམས་ཆོས་དེར་ཨོ་ཟི་ཁཱའི་གཙོ་འཁྲབ་པ་རྩེ་གྲ་ཡི་བྱ་དགའི་འོས་མིང་དང་། གློག་བརྙན་རྩེ་གྲ་ཡི་བྱ་དགའི་འོས་མིང་། འཁྲབ་གཞུང་རྩོམ་པ་པོ་རྩེ་གྲ་ཡི་བྱ་དགའི་འོས་མིང་བཅས་ཐོབ། དེ་ནི་ཆཱ་ཕི་ལིན་གྱི་སྒྲ་ལྡན་གློག་བརྙན་དང་པོ་དེ་ཡིན་ཞིང་། དེ་ནི་ཆེད་དུ་ཨེ་དྷོ་ཧྥོ་ཧི་ཐེ་ལེ་དང་ནཱ་ཙི་རིང་ལུགས[纳粹主义]པར་དམིགས་ནས་བཟོས། དེ་ནི་ཨ་རིས་ཁེར་རྐྱང་རིང་ལུགས་ཀྱི་སྲིད་ཇུས་དོར་ནས་དམག་འཁྲུག་ལ་ཞུགས་པའི་ལོ་སྔོན་མ་དེར་སྤེལ་བ་རེད། དེ་ལྟ་བུའི་ཆབ་སྲིད་ཀྱི་གནས་སྟངས་འོག་གློག་བརྙན་འདིའི་རེ་འདོད་ནི་ཧ་ཅང་བློ་སྤོབས་ཆེ་བར་མཐོང་། དེས་ནཱ་ཙི་རིང་ལུགས་པའི་སྐྱུག་བྲོ་བའི་བྱ་སྤྱོད་དམར་རྗེན་དུ་བཀོད་ཡོད་པར་མ་ཟད་། ཡ་ཧུ་དཱ་པ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ་དེར་གནོད་འཚེ་ཐེབས་ཚུལ་བཀོད་ཡོད། གློག་བརྙན་དེའི་ནང་ཆཱ་ཕི་ལིན་གྱིས་དུས་གཅིག་ཏུ་ཧི་ཐེ་ལེ་དང་འདྲ་བའི་ནཱ་ཙིའི་སྲིད་དབང་སྒེར་གཅོད་པ་ཞིག་དང་ནཱ་ཙི་ཡི་ཡ་ང་བའི་གནོད་འཚེ་ཕོག་པའི་ཡ་ཧུ་དཱ་པ་ཡི་སྐྲ་བཞར་མཁན་གྱི་མི་སྣ་གཉིས་འཁྲབ་ཡོད།
《སྐུ་ཞབས་བད་དྷུ》[Monsieur Verdoux]1947ལོར། ཨོ་ཟི་ཁཱའི་རྩེ་གྲའི་བྱ་དགའ་ཡི་འོས་མིང་ཐོབ།
《གར་སྟེགས་ཀྱི་འཚོ་བ》[Limelight]1952ལོར།
《རྒྱལ་པོ་ཞིག་ནིའུ་ཡོག་ཏུ་འདུག》[A King in New York]1957ལོར།
 
 
གཟི་བརྗིད་ཀྱི་ཆ་འཕྲིན།
1962ལོར་ཆཱ་ཕི་ལིན་གྱིས་དབྱིན་ཇིའི་ཨོ་ཁི་སི་ཧྥོ་ཏི་སློབ་ཆེན་གྱིས་གནང་བའི་གཟི་ལྡན་མིང་བཏགས (荣誉学位)དང་དུ་བླངས།
1972ལོར་ཨ་རིའི་ཨོ་ཟི་ཁཱ་བྱ་དགའ་འཛུགས་མཁན་གྱི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གིས་ཆཱ་ཕི་ལིན་ལ“སྒྱུ་རྩལ་གྲུབ་འབྲས་བྱ་དགའ་”གནང་ནས་ཁོང་གིས“དུས་རབས་འདིའི་གློག་བརྙན་སྒྱུ་རྩལ་ལ་བྱས་རྗེས་དཔག་ཏུ་མེད་པ་བཞག”པར་སྐུལ་ལྕག་གནང་བ་རེད། ཆཱ་ཕི་ལིན་ཨ་རིར་བྱ་དགའ་ལེན་པར་བསྐྱོད་ཅིང་། གར་སོང་ས་རུ་མི་རྣམས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།
1975ལོའི་ཟླ3པའི་ཚེས9ཉིན་རྒྱལ་མོ་ཨེ་ལི་ཙེ་པེ་སི་གདུང་རབས་གཉིས་པས[Her Majesty Queen Elizabeth II]ཆཱ་ཕི་ལིན་ལ་དབྱིན་ཇི་རྒྱལ་ཁབ་ཀྱི་གཟེངས་རྟགས་གནང་བས[British Empire Medal]ཁོ་རྗེ་སི[爵士]ཡི་གོ་གནས་ལ་འཕར།
1931ལོ་དང་1956ལོར་མི་ལ་ལས་ཆཱ་ཕི་ལིན་ལ་རྗེ་སི་ཡི་གོ་ཐོབ་གནང་རྒྱའི་རེ་འདོད་ཞུས་མོད། དེའི་སྐབས་ཀྱི་བག་འཁུམ་པའི་སྲིད་གཞུང་གིས་དོན་དེ་དང་དུ་མ་བླངས། རྒྱུ་མཚན་ནི་འཇམ་འཐབ་དུས་སྐབས་ཀྱི་ཁོ་ཚོ་དང་ཨ་རིའི་བར་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པར་དོགས་པ་རེད་ལ། དེ་ཕུད་སྐབས་དེ་དུས་དབྱིན་ཇིས་སུའུ་ཨེ་ཙིར་(苏伊士)བཙན་འཛུལ་བྱ་རྒྱུར་གྲ་སྒྲིག་བྱེད་པའི་སྒང་ཡིན་ནོ། །[ཞུ་དག བཀྲ་ཤིས་དབང་མོ།]

དཔྱད་མཆན་ཡོད།