ཁུ་ལོ་ས་ལྦ•ཨ་ཁི་ལ། くろさわ あきら

  • སྐྱེས་སྐར། 1910ལོའི་ཟླ3པའི་ཚེས23།
  • སྐྱེ་ཡུལ། ཉི་ཧོང་།
  • ལས་རིགས། འཁྲབ་གཞུང་བཅོས་སྒྲིག་པ། འཁྲབ་ཁྲིད་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

ཨ་ཁི་ལ(黑泽明,1910—1998)ཁོང་ནི་དུས་རབས་ཉི་ཤུ་པའི་ཉི་ཧོང་གི་འཁྲབ་ཁྲིད་པ་གྲགས་ཅན་དང་འཁྲབ་གཞུང་མཁན་ཡིན་ལ། མི་རྣམས་ཀྱིས་ཁོང་ལ་གློག་བརྙན་གྱི་གནམ་བསྐོས་གོང་མ་ཞེས་འབོད། དང་ཐོག་འདིར་སུན་འབྱིན་གྱི་དོན་ཡོད་དེ། ཁོང་གིས་འཁྲབ་སྟོན་ལ་མཛུབ་སྟོན་བྱེད་དུས་ནན་ཏན་ཆེ་དྲགས་པ་དང་བཙན་དབང་སྒེར་གཅོད་ལ་གོ་བ་ཡིན་མོད། ཕྱིས་སུ་འདི་ནི་ཡང་དག་པའི་བསྟོད་ཚིག་ཅིག་ཏུ་གྱུར་བ་ཡིན།

 

     ཁོང་ཉིད་དགུང་གྲངས26ཐོག་གློག་བརྙན་ལས་རིགས་སུ་ཞུགས་ཤིང་། སྐུ་ཚེ་གཅིག་གི་ རིང་འཁྲབ་ཁྲིད་བྱས་པའི་གློག་བརྙན31དང་། བཅོས་སྒྲིག་བྱས་པའི་འཁྲབ་གཞུང་རྣམས་གློག་བརྙན་དུ་ཕབ་པ68ཡོད། ཁོང་ནི་ནན་ཏན་དང་སྒེར་གཅོད་ཀྱི་གློག་བརྙན་ཀྱི་གནམ་བསྐོས་གོང་མ་རེད་ཟེར་ལ། ཀྲང་ཡི་མོའོ(张艺谋) ཝུའུ་ཡུའེ་སིན།(吴宇森) ཏུའུ་ཆི་ཧྥུ( 杜琪峰)ལ་སོགས་པའི་ཀྲུང་གོའི་འཁྲབ་ཁྲིད་པ་རྣམས་ལ་ཁོང་གི་ཤན་ཤུགས་ཟབ་མོ་ཐེབས་ཡོད་ལ། ཨ་རིའི་གྲགས་ཅན་གྱི་འཁྲབ་ ཁྲིད་པ་སི་ཕེལ་བྷིར་གྷི(Steven Spielberg)ཡིས་ཁོང་ནི“གློག་བརྙན་ཁྲོད་ཀྱི་ཤེག་སི་ཕེར(影界的莎士比亚)”རེད་ཅེས་སྨྲའོ། །

 

     ཁོང་ གི་གློག་བརྙན་དག་གིས་ལོ20ཡི་རིང་ལའང་འཛིན་ཁེ་བཙོང་རྒྱུ་ཡོད་པའི་ལོ་རྒྱུས་བསྐྲུན་པ་རེད། ཁོང་ནི་ཨ་ཁི་ལ་རེད། ལོ་ངོ50ཡི་གློག་བརྙན་ལས་རིགས་ཁྲོད། ཁོང་གིས་འཛམ་གླིང་ན་སྐད་གྲགས་ཆེ་བའི་བྱ་དགའ30ལྷག་བླངས་པ་རེད། ཁོས་ཐུན་མིན་གྱི་གློག་བརྙན་འགྲེམ་སྟོན་ཐབས་ཤེས་དེ་དང་། མིའི་རིགས་ཀྱི་སེམས་ཚོར་སྒུལ་བའི་གློག་བརྙན་གྱི་བརྗོད་གཞི་དེས་འཛམ་གླིང་གི་སྒྱུ་རྩལ་མི་སྣའི་ཡིད་དབང་ཕྲོགས་ཅིང་། མི་རབས་ནས་མི་རབས་བར་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད།

 

     ཨ་ཁི་ལ(黑泽明)ནི1910ལོར་ཉི་ཧོང་ཐོ་ཁི་ཡོའི(日本东京)དམག་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ནས་ཁྱིམ་སྲོལ་དམ་པོ་ ཡོད་ལ། ཨ་ཕས་ཁོང་ལ་གྲི་རྩལ་སྦྱངས་བཅུག་ཅིང་། ཕུ་བོས་ཀྱང་ཁོང་གི་མི་ཚེར་ཤན་ཤུགས་ཆེན་པོ་ཐེབས། ཁོང་རང་ཉིད་ནི་ཡིག་གཟུགས་དང་རི་མོར་སྤྲོ་སྣང་ཆེ་ཞིང་རི་མོ་བ་བྱེད་འདོད་ཡོད་ཀྱང་། སྐབས་དེར་རི་མོ་བའི་ལས་རིགས་འདི་ལ་ཡོང་སྒོ་ཤིན་ཏུ་ཉུང་། ཁོང་གི་མི་ཚེའི་ནང་ཉི་ཧོང་ལོ་རྒྱུས་ལ་རླབས་ཆེའི་འགྱུར་བ་བྱུང་ཡོད་དེ། ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཤིག་ནས་འཛམ་གླིང་གི་བཟོ་ལས་རྒྱལ་ཁབ་ཆེན་པོ་ཞིག་ཏུ་ཆགས།  ཨ་ཁི་ལ་ཁོང་ཉིད་དགུང་ལོ26ལ་སླེབས་ཚེ། སྟབས་ལེགས་པའི་གོ་སྐབས་ཤིག་གིས་ཁོང་ཉིད་བརྙན་སྟེགས་སུ་ཕེབས་ནས་རང་ཉིད་ཀྱི་གློག་བརྙན་མི་ཚེའི་འགོ་བཙུགས།

 

     1934ལོར་ཨ་ཁི་ལ་ཡིསPCLགློག་བརྙན་ལས་ཁུངས་ནས་འཁྲབ་ཁྲིད་ལས་རོགས་པའི་འཛིན་ཡིག་བླངས། "山本嘉次郎"བྱ་བ་ སློབ་དཔོན་དུ་བསྟེན་ནས་འཁྲབ་ཁྲིད་དང་འཁྲབ་གཞུང་བཅོས་སྒྲིག་ལ་སློབ་གཉེར་གནང་། ཁོང་ནི་ངའི་མི་ཚེ་ནང་གི་ཆེས་བཟང་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་རྒན་དེ་ཡིན་ཞེས་ཨ་ཁི་ལ་ཡིས་ཟེར་མྱོང་ཡོད། དགེ་རྒན་དམ་པའི་མཛུབ་སྟོན་འོག ཁོང་ནི་ རིམ་པ་གསུམ་པའི་འཁྲབ་ཁྲིད་པ་གཞོན་པ་ནས་རིམ་པ་དང་པོའི་འཁྲབ་ཁྲིད་པ་གཞོན་པར་གྱུར། ཕྱིས་སུ་ཁོང་ཉིད་འཁྲབ་གཞུང་རྩོམ་མཁན་ཞིག་བྱས་ནས《དྷརྨ་དགོན་པའི་ནང་གི་འཇར་མན་པ》དང་། 《ཁུ་སིམ》 《ཁ་བ》བཅས་སྤེལ་ཡོད་པ་རྣམས་ལ་ལྟ་མཁན་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ།

 

     1943ལོར། ཁོང་གིས་རང་མི་སྒེར་གྱི་གློག་བརྙན་དང་པོ《སྦེ་གའི་གཏམ་རྒྱུད》(姿三四郎)འཁྲབ་ཁྲིད་གནང་བ་རེད། དེ་ནི་ན་གཞོན་སྦེ་ག་བ་ཞིག་གི་སྒྲུང་ཐུང་ལ་གཞིགས་ནས་འཁྲབ་པ་ཡིན། འདི་ནི་ཨ་ཁི་ལ་ཡིས་ཐེངས་དང་པོར་གློག་བརྙན་འཁྲབ་ཁྲིད་གནང་བ་ ཡིན་ཡང་། ཁོང་གི་མིང་ནི་གློ་བུར་དུ་ཉི་ཧོང་ཡོངས་ལ་གྲགས། གློག་བརྙན《རྭ་ཤྲི་མིན》(罗生门)ནི་ཉི་ཧོང་དུ་ཐེངས་དང་པོར་སྤེལ་དུས་དེ་འདྲ་དགའ་བསུ་ཐོབ་མེད། ཡིན་ཡང་ཧང་སངས་དགོས་པ་ཞིག་ནི་ནུབ་ཕྱོགས་རྒྱལ་ཁབ་དང་ཁྱད་པར་དུ་ཧྥ་རན་སི་ནས་དགའ་བསུ་ཆེན་པོ་ཐོབ་པ་རེད།

 

     1948ལོར།ཨ་ཁི་ལ་གྱིས་འཁྲབ་ཁྲིད་ཀྱི་འགན་བཞེས་པའི《ར་བཟི་བའི་ཕོ་ཉ》(酩酊天使) ནང"TOSHIRO MIFUNE"ཀྱིས་གཙོ་འཁྲབ་པ་བྱས་པ་ཡིན། དུས་དེ་ནས་བཟུང་། “ཨ་ཁི་ལ་ཡི་རྫོགས་ལྡན་དུས་རབས”སུ་སླེབས་པ་དང་། ཁོང་གཉིས་ཀྱང་ཉི་ཧོང་གི་རྩེ་གྲའི་གློག་བརྙན་གྱི་ལས་རོགས་སུ་ཆགས། དེ་ནས《སྨ་ར་དམར་པོ》བར་གྱི་ལོ17གྱི་རིང་ལ།  ཨ་ཁི་ལ་གྱིས་འཁྲབ་ཁྲིད་དངTOSHIRO MIFUNEཀྱིས་གཙོ་འཁྲབ་བྱས་པའི་བརྩམས་ཆོས་ལ《རྭ་ཤྲི་མིན》དང་། 《གཟའ་རོ》 《སཱ་མུ་རྱེ་བདུན》 《སྡོམ་རྒྱའི་ མཁར》 《སྐུ་སྲུང་བ》 《ཞིང་ཁམས་དང་དམྱལ་བ》སོགས་ཡོད།

 

     1950ལོར་པར་བླངས་པའི《རྭ་ཤྲི་མིན》དེ་ཕྱི་ལོར་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་གསེར་གྱི་རྟགས་མ་བླངས་ཡོད། འདི་ ནི་ནུབ་ཕྱོགས་ཀྱི་གློག་བརྙན་དུས་སྟོན་ཁྲོད་ཐེངས་དང་པོར་ཡ་གླིང(ཨེ་ཤེ་ཡ)གི་འཁྲབ་ཁྲིད་པ་ཞིག་ལ་རྩེ་གྲའི་བྱ་དགའ་གནང་བ་ཡིན། ང་ཚོས་འདི་ནི་ལམ་ཚད་རྡོ་རིང་ཞིག་ལ་ངོས་འཛིན་ཆོག རྒྱུ་མཚན་ནི་དེ་ནས་བཟུང་ནུབ་ཕྱོགས་པ་ཡིས་ཨ་ཁི་ལ་ཙམ་ངོ་ཤེས་པ་མ་ཟད། ཁོང་གི་གློག་བརྙན་བརྒྱུད་ནས་ཡང་དག་པའི་ཡ་གླིང་གི་གློག་བརྙན་ལ་རྒྱུས་ལོན་པ་རེད། ཕྱིས་སུ་ཨོ་ཟི་ཁཱ་ཕྱི་སྐད་གློག་བརྙན་རྩེ་གྲའི་གསེར་གྱི་རྟགས་མའི་བྱ་དགའ་ཡང་བླངས་ཡོད། དེ་ནས་བཟུང་། ཨ་ཁི་ལ་ནི་འཛམ་གླིང་གི་བརྙན་འཕྲིན་ལས་རིགས་སུ་གྲགས་ཡོད་ལ། TOSHIRO MIFUNEཀྱིས་ཀྱང《སྐུ་སྲུང་བ》དང《སྨ་ར་དམར་པོ》སོགས་འཁྲབ་པར་བརྟེན་ནས་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཙོ་འཁྲབ་པ་རྩེ་གྲའི་དགའ་རྟགས་བླངས་ཡོད། ཉི་ཧོང་ནས་ཁོང་གཉིས་ལ“རྒྱལ་སྤྱིའི་ཨ་ཁི་ལ་དང་། འཛམ་གླིང་གིTOSHIRO MIFUNE”ཞེས་པའི་མཚན་སྙན་ཐོབ།

 

     1998ལོར། དུས་སྐབས་གཅིག་གི་སྐྱེས་ཆེན་ཨ་ཁི་ལ་ཚེ་ལས་འདས་པ་དེས། གློག་བརྙན་བཟོ་སྐྲུན་ཁང་ཆེན་མོའི་སྲོལ་རྒྱུན་གློག་བརྙན་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་ཐོན་ནས། དེང་རབས་གློག་བརྙན་གྱི་ལྟ་བ་དང་བསྟུན་ནས་སྤེལ་ཡོད་པ་མཚོན་ལ། ཉི་ཧོང་གློག་བརྙན་གྱི་དུས་རབས་གསར་པ་ཞིག་སླེབས།  ཨ་ཁི་ལ་ནི་དགུང་ལོ80ལ་ལོན་དུས་ད་དུང་གློག་བརྙན་པར་ལེན་གནང་བཞིན་ཡོད་གྲགས། དགུང་གྲངས88བཞུགས་ཤིང་། 1998 ལོའི་ཟླ9པར། ཁོང་ཉིད་སྐུ་ཚེ་ལས་འདས། མྱ་ངན་གྱི་ཚོགས་འདུ་རུ་མི35000ཞུགས་ཡོད།

 

     1999ལོར། ཨ་ཁི་ལ་ནི་ཨ་རིའི《དུས་རབས》ཀྱི་བདུན་དེབ་ཀྱིས“དུས་རབས་ཉི་ཤུ་པའི་ནང་ཡ་གླིང་དུ་ཆེས་སྐུལ་ནུས་ཆེ་བའི་མི་སྣ་ཞིག’ཏུ་བདམས་ཡོད། ཀྲང་ཡི་མོའོ་ཡིས་ཨ་རིའི《དུས་རབས》དུས་དེབ་ཏུ་འདི་འདྲ་ཞིག་འདེང་འཇོག་གནང་མྱོང་ཡོད་དེ།ཨ་ཁི་ལ་ནས་ངས་འདི་འདྲ་ཞིག་ཤེས་བྱུང་། ཕྱི་ཕྱོགས་ཀྱི་སྤྱི་ཚོགས་སུ་སྐྱོད་དུས། ཀྲུང་གོའི་མིས་རང་གི་མི་གཤིས་དང་ཁྱད་ཆོས་རྒྱུད་འཛིན་གནང་དགོས། འདི་ ནི་ཁོང་གིས་ཡ་གླིང་མི་ལ་ཁྲིད་པའི་གལ་ཆེའི་སློབ་ཐུན་ཞིག་ཡིན། 《ཆོས་ཡབ》ཀྱི་འཁྲབ་ཁྲིད་པ་ཧྥོ་རན་སེ་སི•ཧྥོ་ཏི•ཁོ་ཕུ་ལཱ(Francis Ford Coppola)ན་རེ། གལ་སྲིད་འཁྲབ་ཁྲིད་པ་དེ་དང་མཉམ་དུ་ གློག་བརྙན་ཕབ་ཆོག་ན། ང་རང་འཁྲབ་ཁྲིད་པ་ལས། ལས་རོགས་པ་ཞིག་བྱས་ན་དགའ། འཁྲབ་ཁྲིད་པ་དེ་ནི་ཨ་ཁི་ལ་ཡིན།

གྲུབ་འབྲས་གཙོ་བོ།                                                            

ཨོ་ཟི་ཁཱ།

1990ལོར། སྐབས62པའི་སྐུ་ཚེ་གང་བོའི་གྲུབ་འབྲས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

1986ལོར། སྐབས58པའི་རྩེ་གྲའི་འཁྲབ་ཁྲིད་པའི་འོས་མིང་།《གྱེན་ལོག》(乱)

1981ལོར། སྐབས་53པའི་རྩེ་གྲའི་ཕྱི་སྐད་བརྙན་འཕྲིན་གྱི་འོས་མིང་།《གྲིབ་མའི་འཐབ་འཛིང་བ》

1976ལོར། སྐབས་48པའི་རྩེ་གྲའི་ཕྱི་སྐད་བརྙན་འཕྲིན་གྱི་བྱ་དགའ་ཐོབ།

1972ལོར། སྐབས་44པའི་རྩེ་གྲའི་ཕྱི་སྐད་བརྙན་འཕྲིན་གྱི་འོས་མིང་།《དུས་ཚིགས་མེད་པའི་གྲོང་ཤུལ》

 

ཁཱ་ནའི་གློག་བརྙན་དུས་སྟོན།

1980ལོར། སྐབས33པའི་གསེར་དོམ་བྱ་དགའ། 《གྲིབ་མའི་འཐབ་འཛིང་བ》

1956ལོར། སྐབས9པའི་གསེར་གྱི་ཏ་ལའི་བྱ་དགའི་འོས་མིང་། 《གསོན་པོའི་ཟིན་ཐོ》

ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

1982ལོར། སྐབས39པའི་སྐུ་ཚེ་གང་བོའི་གྲུབ་འབྲས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

1965ལོར། སྐབས30པའི་གསེར་སེང་རྟགས་མའི་འོས་མིང་།《སྨ་ར་དམར་པོ》

1965ལོར། སྐབས30པའི་རྒྱལ་སྤྱིའི་གནམ་བདག་ཆོས་ལུགས་ཀྱི་མཐོང་ཐོས་མཐུན་ཚོགས་ཀྱི་བྱ་དགའ་ཐོབ།

1963ལོར། སྐབས28པའི་གསེར་སེང་རྟགས་མའི་འོས་མིང་། 《ཞིང་ཁམས་དང་དམྱལ་བ》

1961ལོར། སྐབས26པའི་གསེར་སེང་རྟགས་མའི་འོས་མིང་། 《སྐུ་སྲུང་བ》

1957ལོར། སྐབས22པའི་གསེར་སེང་རྟགས་མའི་འོས་མིང་། 《སྡོམ་རྒྱའི་མཁར》

1954ལོར། སྐབས19པའི་གསེར་སེང་རྟགས་མའི་འོས་མིང་། 《སཱ་མུ་རྱེ་བདུན》

1951ལོར། སྐབས16པའི་ཨི་ཐ་ལིའི་བརྙན་དཔྱད་པའི་བྱ་དགའ་ཐོབ། 《རྭ་ཤྲི་མིན》

1951ལོར། སྐབས16པའི་གསེར་སེང་རྟགས་མའི་བྱ་དགའ་ཐོབ། 《རྭ་ཤྲི་མིན》

 

པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

ཛ1961ལོར། སྐབས11པའི་གསེར་དོམ་བྱ་དགའ་ཐོབ། 《གཡོ་ཅན་སྣང་བ་སྐྱིད》

1959ལོར། སྐབས9པའི་གསེར་དོམ་རྟགས་མའི་འོས་མིང་། 《མཐའ་མའི་སྲས་མོ》

1959ལོར། སྐབས9པའི་དངུལ་དོམ་རྟགས་མའི་རྩེ་གྲའི་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།)

 

ཉི་ཧོང་གློག་བརྙན་སློབ་གླིང་ནས་བྱ་དགའ་གང་མང་ཐོབ་མྱོང་ཡོད་མོད། འདིར་རེ་རེ་བཞིན་དྲངས་རྒྱུ་མིན། 1990ལོར། དགུང་ལོ་བརྒྱད་ཅུ་ཟིན་པའི་ཁོང་གི་མི་ཚེ་གཅིག་གི་གཟེངས་བསྟོད་མཐོ་ཤོས་དེ་ནི་ཨོ་ཟི་ཁཱའི་སྐུ་ཚེ་གང་བོའི་གྲུབ་འབྲས་གསེར་གྱི་རྟགས་མའི་དགའ་རྟགས་ཐོབ་པ་དེ་ག་སྟེ། སྟེགས་བུ་ཁོང་ན་རེ། “གློག་བརྙན་གྱི་སྐོར་བཤད་ན། ང་ནི་དེར་རྒྱུས་མངའ་མེད་མཁན་ཞིག་ཡིན”[ཞུ་དག ཡོན་ཏན]

དཔྱད་མཆན་ཡོད།