ཏ་ལྦེ་ལི་ཨན། David Lean

  • སྐྱེས་སྐར། སྤྱི་ལོ ༡༩༠༨
  • སྐྱེ་ཡུལ། དབྱིན་ཀ་ལན།
  • ལས་རིགས། འཁྲབ་འཁྲིད་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

ཤེས་རབ་དབང་མོ། 

     ཏ་ལྦེ་ལི་ཨན David Leanནི་ལུན་ཏུན་གྲོང་ཁྱེར་ཉེ་འཁོར་གྱི་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཞིང་།   ཁོང་གི་ཡབ་ཆེན་ནི་རྩིས་པ་ཞིག་ཡིན་ལ།   ལི་ཨནLeanཆུང་ངུའི་དུས་སུ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་མེད་པ་དང་འབྲི་ཀློག་གི་ནུས་པ་ཡང་ཧ་ཅང་ཞན་པའི་ཕྲུ་གུ་ཞིག་ཡིན།། ༡༩༢༢ལོར། དགུང་ལོ་བཅུ་བཞིར་སོན་པའི་ལི་ཨནLean སློབ་གྲྭ་དཀྱུས་མ་ཞིག་ལའང་ཡིག་རྒྱུགས་མ་འཕྲོད་པའི་རྐྱེན་གྱིས་ཕ་མའི་འབྲེལ་བ་བརྒྱུད་ནས་ཆོས་ཚོགས་སློབ་གྲྭ་ཞིག་ལ་མི་འགྲོ་ག་མེད་བྱུང་།  ། དུས་ཡུན་འདིའི་རིང་། ལི་ཨནLean་རང་བྱུང་དང་པར་ལེན་གྱི་ཐད་ལ་གཞན་དང་མི་འདྲ་བའི་དགའ་ཕྱོགས་ཤིག་སྐྱེས་པ་མ་ཟད།དེའི་ཚད་གཞི་ཉིན་རེ་བཞིན་ཇེ་མཐོ་རུ་འགྲོ་དང་འགྲོ་བཞིན་མཆིས།   དེ་ལས་ཀྱང་དགའ་འོས་པ་ཞིག་ལ། སློབ་གྲྭས་ལི་ཨནLeanལ་གློག་བརྙན་ཁང་དུ་གློག་བརྙན་ལ་བལྟ་ཆོག་པའི་མོས་མཐུན་གནང་། སྤྲོ་སྐྱིད་ཀྱི་རང་དབང་དང་ཁྱིམ་ཚང་གི་དོ་དམ་སློབ་གཅུན་ནན་མོ་གཉིས་བསྡུར་བ་བྱས་ཚེ། ལི་ཨནLeanལ་མཚོན་ན་སློབ་སྦྱོང་བྱེད་པའི་གོ་སྐབས་ཕུལ་དུ་བྱུང་བ་ཞིག་རྙེད་ཡོད།  ༡༩༢༣ལོར། ལི་ཨནLeanགྱི་ཕ་མ་གཉིས་བཟའ་ཚང་ཁ་བྲལ་དུ་སོང་། ལོ་གསུམ་གྱི་རྗེས་སུ། ལི་ཨནLeanསློབ་གྲྭ་ནས་ཁ་བྲལ།  ཡབ་ཡུམ་གཉིས་ཐུགས་ཁྲེལ་མི་ཡོང་བའི་ཆེད་དུ་ཁོང་གིས་རང་འགུལ་ངང་རྩིས་གཉེར་རིག་པ་ལ་སྦྱངས་པ་མཛད།  འོན་ཀྱང་ལི་ཨནLeanགྱི་ཨ་ནིས་འབེན་ཡོད་སར་མདའ་འཕེན་པ་ལྟར་ཁོང་གི་གནས་ཚུལ་གསལ་སྟོན་གནང་ཆེད་“ལི་ཨནLeanལ་རྩིས་པ་བྱེད་པའི་ནུས་པ་མེད།  དེ་ལས་ལྡོག་སྟེ་གློག་བརྙན་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། གློག་བརྙན་གྱི་ལས་རིགས་ནང་རྐང་པ་བརྟན་པོ་ཞིག་འཛུགས་པ་ཡང་དོན་དག་སྟབས་བདེ་པོ་ཞིག་མིན། སུན་འབྱིན་དང་བྱམས་སེམས་དག་ཟུང་དུ་སྦྲེལ་བར་ཤིན་ཏུ་མཁས་ཤིང་། ཁོང་ཉིད་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་དོན་ཡང་དེ་ཡིན།”ཞེས་བཤད།   ཡིན་ནའང་གལ་སྲིད་ལི་ཨནLeanགྱིས་རང་ངོས་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་ཉམས་ལེན་ཐེངས་ཤིག་བྱས་ན་ཡང་གདམ་ཀ་མི་དམན་པ་ཞིག་ཡིན”ཞེས་བཤད།  དེ་ལྟར་ཁོང་གི་འཚོ་བའི་ཁྲོད་ཨ་ནིའི་རྒྱབ་སྐྱོར་གང་མང་ཐོབ་པའི་དབང་གིས་ཁོང་ཉིད་གློག་བརྙན་གྱི་ལམ་བུའི་ཐོག་བསྐྱོད་མགོ་བཙུགས། 

     རླབས་ཆེན་གྱི་གང་ཟག་སུ་འདྲ་ཞིག་ཡིན་ཡང་དེའི་འབྲས་བཟང་མི་མངོན་པའི་ས་ན།   བརྩེ་བ་དང་རྒྱུ་ནོར་སོགས་མང་པོ་ཞིག་མ་འདོད་བཞིན་ཏུ་བློས་གཏོང་བ་མ་ཟད། “དཀའ་ཚེགས་ཆེ་བའི་ཁོར་ཡུག་གིས་ཕུལ་བྱུང་གི་མི་སྣ་གསོ་སྐྱོང་བྱེད་”ཟེར་བ་ལྟར།   ཏ་ལྦེ་ལི་ཨན་” David Lean”ཡང་གལ་སྲིད་རང་ཉིད་ཀྱི་ཡབ་ཡུམ་གཉིས་ཀྱི་འདོད་པ་དེ་སྐོང་མ་ཐུབ་ནའང་བློ་ཐག་རྦད་ཆོད་ཀྱི་ངང་བློས་བཏང་མེད་ཚེ།  ད་ལྟའི་གློག་བརྙན་གྱི་སྒྱུ་རྩལ་ལམ་བུའི་ཐོག་བསྐྱོད་ག་ལ་ཐུབ། དེ་ན་ཨ་ནིའི་ལྷག་བསམ་རྣམ་དག་གི་སྐུལ་ལྕག་འོག   དགུང་ལོ་བཅུ་དགུར་ཏ་ལྦེ་ལི་ཨན་ “David Lean”སློབ་སྦྱོང་གི་དུས་རབས་དང་ཁ་གྱེས་ནས་”ཀའོ་མང་གློག་བརྙན་ཀུང་སིར་”ཞུགས། དང་ཐོག་ཇ་ལྡུག་ཆུ་སྐྱེལ་གྱི་ལས་ཀ་ཙག་ཙིག་བྱས་པ་དང་།   རིམ་བཞིན་གང་ལ་གང་མཚམས་ཀྱིས་ཡར་རྒྱས་བྱུང་བས༡༩༣༠ནས༡༩༣༡བར་གྱི་ལོ་གཅིག་གི་ནང་ཁོང་གིསGaumontSoundNewsདངBritishMovietoneNewགསར་འགྱུར་གློག་བརྙན་གྱི་དྲས་སྒྲིག་པ་དང་ཆབས་ཅིག   གློག་བརྙན་འཁྲབ་མཁན་ཞིག་བྱེད་ཐུབ་མིན་ལ་ཡང་ཚོད་ལྟ་བྱས། དེ་མིན་ཁོང་གིས་འཁྲབ་སར་འབྲི་འགོད་བྱེད་མཁན་དང་འཁྲབ་འཁྲིད་པའི་ལག་རོགས་སོགས་བྱས།   སྔོན་ཆད་བཀླགས་མྱོང་བའི་གནའ་རབས་རྩོམ་རིག་མང་ཆེ་བ་སེམས་ལ་ཉར་བ་ཙམ་མིན་པར། གློག་བརྙན་ལག་རྩལ་གྱི་ཤེས་བྱ་ཐམས་ཅད་ཁོང་གི་དངོས་ཡོད་འཚོ་བའི་ཉམས་མྱོང་ལས་བྱུང་བ་ཡིན། རྗེས་སུ་དྲག་སྒྲིག་གི་གར་སྟེགས་ཐོག ལི་ཨནLeanགྱིས་དཔའ་རྩལ་འདོན་ཡུལ་ཞིག་རྙེད་པས་བསམ་དོན་ལྷུན་འགྲུབ་བྱུང་། དེར་བརྟེན་རིམ་བཞིན་མི་རྣམས་ཀྱིས་སྣང་འཇོག་བྱེད་ཡུལ་དུ་འགྱུར། ༡༩༣༡ལོ་ནས་བཟུང་ཁོང་གིས་ཐེངས་དང་པོར་དྲས་སྒྲིག་བྱས་པའི 《ཡིད་དབང་འཕྲོག་པའི་མི་འདི་དག》 《这些迷人的人》 ཞེས་པ་ནས༡༩༨༤ལོའི《 རྒྱ་གར་དུ་བསྐྱོད་པའི་ལམ་ཡིག》《印度之行》 དེའི་ནང་ལི་ཨནLeanགྱིས་འཛིན་པའི་གློག་བརྙན་པར་གཞིའི་དྲས་སྒྲིག་གི་རིགས་ཁྱོན་བསྡོམས་ཉི་ཤུ་རྩ་བཞི་ཡོད།  ༡༩༣༨ལོར 《སྤོ་ཀའ་མ་ལི་ཝུན》《皮格马里翁》ཡང་ལེགས་འགྲུབ་བྱུང་། དེའི་ཕྱིར་ཁོང་ལ་ “དབྱིན་ཇིའི་དྲས་སྒྲིག་མཁན་ཨང་དང་པོ”ཞེས་པའི་མཚན་སྙན་ཐོབ།  ཡདུས་ཚོད་ཀྱི་རྒྱུན་དང་བསྟུན་ནས་འབད་བརྩོན་ལ་བརྟེན་ཏེ། ཁོང་ཉིད་གློག་བརྙན་སྒྱུ་རྩལ་གྱི་ལམ་བུ་ཀྱག་ཀྱོག་གི་ཐོག་ཉིན་རེ་བཞིན་ཡག་ཐོག་ཡག་བརྩེགས་ངང་འཕེལ་རྒྱས་སུ་ཕྱིན། 

     ལི་ཨནLeanགྱིས་རྒྱལ་ཁོངས་བརྒལ་ནས་བཟོས་པའི་ལོ་རྒྱུས་གློག་བརྙན་ཆེ་གྲས་དེ་དག་ལེགས་འགྲུབ་ཡག་པོ་བྱུང་དོན་ནི་ཕལ་ཆེ་བ་རྒྱབ་ཕྱོགས་ཀྱི་གློག་བརྙན་བཟོ་བཀོད་པ་ཙྰ་མོའོ་•ཧྲི་ཕེ་ཀེ་ཨར་萨姆•施皮格尔གྱིས་མཛད་རྗེས་ལ་རག་ལས་ཡོད།   ཁོང་དང་ལི་ཨནLeanམཉམ་ལས་ལོ་མང་བྱ།   ཁོང་དང་ལི་ཨནLeanམཉམ་ལས་ལོ་མང་བྱས།   ༡༩༤༥ལོར། དབྱིན་ཇིའི་གློག་བརྙན་མི་སྣ་དང་ཨ་རིའི་བརྩམས་ཆོས་འདོན་ཐེངས་གསུམ་པ་《སྣང་བ་སྐྱིད་པའི་རྣམ་ཤེས》ཞེས་པ་དེས“ཨའོ་སི་ཁྰ་ཡི་བྱ་དགའ“རག་ལ། ཁྱད་ཆོས་ལྡན་པའི་ལག་རྩལ་པར་ལེན་བཟང་ཤོས་ཡིན་ཡང་ཟེར།  དེ་ནི་ཁུངས་ལུང་མེད་པའི་རྣམ་པ་ཞིག་གི་ཐོག་ནས་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་འཚོ་བའི་སྤྲོ་གར་དང་མ་འོངས་རྩོམ་རིགས་ཀྱི་སྐྱོ་གདུང་གི་ཚོར་བ་དང་རྩ་བ་ནས་མི་འདྲ།  ཡིན་ནའང་དེས་ལི་ཨནLeanགྱི་གློག་བརྙན་ནང་དོན་སྙིང་པོ་ནི་འབྱོར་འབྲིང་གྲལ་རིམ་གྱི་འདོད་ཕྱོགས་ཡིན་པར་རྨང་གཞི་ཟབ་མོ་བཏིང་ཡོད།  ༡༩༥༧ལོར། སིང་ལེ་ལེན་ཁའི་斯里兰卡ནགས་གསེབ་ཏུ་ 《ཀུའེ་ཧྰ་ཆུ་ཟམ》 ཞེས་པའི་གློག་བརྙན་དེ་ལོ་དེར་བྱང་བུ་བཙོང་ཚད་མཐོ་ཤོས་ཀྱི་གྲས་སུ་སླེབས།  དེར་ལི་ཨནLeanགསར་གཏོད་ཀྱི་དབྱེ་མཚམས་ཞིག་ཏུ་འབྱོར།   དང་ཐོག བཟོ་སྟངས་ཀྱི་ཐད་ལ། རྒྱལ་ཁོངས་བརྒལ་བའི་བཟོ་སྟངས་གཞི་རྒྱ་ཆེ་བའི་ལོ་རྒྱུས་གློག་བརྙན་ཆེ་གྲས་ཀྱི་རྣམ་པ་ནང་འདྲེན་བྱས་པ་དང་།  དེ་མིན། རྩོམ་རིགས་ཀྱི་བསམ་བློའི་ནང་དོན་ནི་དབྱིན་ཇིའི་མི་སེར་སྤེལ་བའི་ལོ་རྒྱུས་ལ་དྲན་གསོ་དང་ཤར་ནུབ་རིག་གནས་འགལ་ཟླའི་རྣམ་པ་ལ་བརྟག་དཔྱད་བྱེད་པའི་ཕྱོགས་སུ་ཁ་ལོ་བསྒྱུར།  ལི་ཨན་Leanགྱི་མིག་རྒྱང་དི་ཀན་ཙི་ཡི་མཚོན་བྱེད་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་ལས་འབྱོར་འབྲིང་གྲལ་རིམ་གྱི་གནམ་ས་ཆུང་ཆུང་ཞིག་མངོན་པར་བྱས།  འཛམ་གླིང་དམག་ཆེན་གཉིས་པ་བརྒྱུད་ནས་《ཉི་མ་མ་བཞུ་བའི་བཙན་རྒྱལ》ཉམས་ཉེས་སུ་ཕྱིན། ཨ་རི་དང་སུའུ་ལིན་དམག་ཤོག་གཉིས་《འཇམ་ཐབས》ལ་ཞུགས་པ་དང་ཨ་རི་དང་སུའུ་ལིན་བཙན་རྒྱལ་གསར་བ་གཉིས་སུ་ལངས་པའི་དོན་དངོས་དེར། ལི་ཨནLean་ལོ་རྒྱུས་དང་ཆབ་སྲིད་ཀྱི་འབྱུང་རྐྱེན་ལ་སྤྲོ་བ་སྐྱེས།   དརྒྱ་གར། འབར་མ།缅甸 ཨ་རབ། ཧྲ་ཧོང་གོང་མ་དང་ལི་ཉིན་列宁 སི་ཏའ་ལིང་གི་ཨུ་རུ་སུ། རིམ་བཞིན་ཁོང་གིས་མིག་འོག་ཏུ་འཛུལ་ཞིང་། 《ཀུའེ་ཧྰ་ཆུ་ཟམ》་གྱི་རྗེས་ལ་མུ་མཐུད་ དུ་《ཨ་རབ་ཀྱི་ལའོ་ལོན་ཙི》དང་《 སྨན་པ་རེ་ཝ་ཀྰེ 》བཅས་ལི་ཨནLeanགྱི་ལོ་རྒྱུས་མཚོན་པའི་སྙན་ངག་རིགས་གསུམ་ཞེས་པ་དེ་དག་གྲུབ།   སྔོན་ཆད་མི་འགའ་ཤས་ཀྱིས་ལི་ཨནLeanགྱི་སྐད་གྲགས་ཆེ་ཤོས་ཀྱི་གློག་བརྙན་རིགས་གསུམ་ལ་ཚིག་དུམ་རེས་ཕྱོགས་བསྡོམས་བྱས་པར་གཞིགས་ན།   ༡ བྱ་ཁྱུ་དང་བྲལ་བའི་རྨི་ལམ། --------《ཀུའེ་ཧྰ་ཆུ་ཟམ》  ༢ ཁོ་རང་དཔྱིད་དཔལ་ལྡན་པའི་མཛེས་ལྗོངས་ལས་ཀྱང་ཁུ་སིམ། -------- རང་དབང་དང་ཁེར་རྐྱང་གི་རྣམ་ཤེས། ------- 《ཨ་རབ་ཀྱི་ལའོ་ལོན་ཙི》  ༣ ཞི་བོའོ་ལེ་ཡེའི་རྩྭ་ཐང་ཐོག་གཡེང་བའི་གནའ་རབས་ཀྱི་སྒྲ་སྙན། ------ 《སྨན་པ་རེ་ཝ་ཀྰེ》


ཚབ་བྱེད་བརྩམས་ཆོས།

གཅིག གློག་བརྙན་སྒྱུ་རྩལ་ལ་ཐོག་མར་འཇུག་པའི་བརྩམས་ཆོས།

  •   ༡༩༣༡ལོར། 《ཡིད་དབང་འཕྲོག་པའི་མི་འདི་དག》 《这些迷人的人》

  •   ༡༩༣༨ལོར། 《སྤོ་ཀའ་མ་ལི་ཝུན》 《皮格马里翁》

གཉིས། དམག་འཁྲུག་སྐབས་ཀྱི་བརྩམས་ཆོས།

  •   ༡༩༤༢ལོར།《ང་ཚོས་དམག་ཞབས་ཞུ་སའི་རྒྱ་མཚོ》 《我们服役的海洋》 ལི་ཨནLeanདང་ནོར་ཧའེ་ཧར་ ཁའོ་•ཧྰོ་ད诺埃尔•考华德 མཉམ་ལས་གནང་། །

གསུམ། ལོ་རྒྱུས་གློག་བརྙན་གྱི་བརྩམས་ཆོས།

  •   ༡༩༤༥ལོར། 《སྣང་བ་སྐྱིད་པའི་རྣམ་ཤེས》 《快活的幽灵》 BlitheSpirit

  •   ༡༩༤༦ལོར། 《ཐུག་འཕྲད་འཕྱི་དྲགས་པའི་འགྱོད་པ》《相见恨晚》 BriefEncounter

  •    ༡༩༦༥ལོར། 《སྨན་པ་ཀྲེ་ཝ་ཀོའོ》 《日瓦戈医生》 DoctorZhivago

  •   ༡༩༦༢ལོར། 《ཨ་རབ་ཀྱི་ལའོ་ལོན་ཙི》 《阿拉伯的劳伦斯》 LawrenceofArabia

  •    ༡༩༥༧ལོར། 《ཀུའེ་ཧྰ་ཆུ་ཟམ》 《桂河桥》 TheBridgeontheRiverKwai

བཞི། དི་ཀན་ཙི་བརྩམས་སྒྲུང་ཐོག་ནས་ཕབ་པའི་གློག་བརྙན་གྱི་བརྩམས་ཆོས།

  •   ༡༩༥༤ལོར། 《ཧོ་སྤུ་སིན་གྱི་གདམ་ཀ》 《霍布森的选择》 Hobson'sChoice

  •   ༡༩༤༨ལོར། 《སྨུག་པའི་རྒྱལ་སའི་དྭ་ཕྲུག》 《雾都孤儿》 OliverTwist

  •   ༡༩༤༦ལོར། 《ཁེར་སྐར་གྱི་ཁྲག་མཆུ》 《孤星血泪》 GreatExpectations

  •   ༡༩༨༤ལོར། དེ་མིན་《རྒྱ་གར་དུ་བསྐྱོད་པའི་ལམ་ཡིག》 《印度之行》 APassagetoIndia

  1957ལོར། 《ཁཱ་པི་རེའུ་ཡ》 (Nights of Cabiria)ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྩེ་གྲའི་འཁྲབ་སྟོན་པ་དང་། ཨོ་ཟི་ཁཱ་རྩེ་གྲའི་ཕྱི་སྐད་གློག་བརྙན་གྱི་བྱ་དགའ་བླངས།

  1960ལོར། 《སྤྲོ་སྐྱིད་ལྡན་པའི་འཚོ་བ》(La Dolce Vita)ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྩེ་གྲའི་འཁྲབ་སྟོན་མ་དང་། ཨོ་ཟི་ཁཱ་རྩེ་གྲའི་ཕྱི་སྐད་གློག་བརྙན་གྱི་བྱ་དགའ་བླངས། ཨོ་ཟི་ཁཱ་རྩེ་གྲའི་གྱོན་ཆས་ཇུས་འགོད་དང་།(ཚོན་མེད་བརྙན་འཕྲིན)ཨོ་ཟི་ཁཱ་རྩེ་གྲའི་འཁྲབ་ཁྲིད་པའི་མིང་འདོན་ཡོད། རྩེ་གྲའི་འཁྲབ་གཞུང་། རྩེ་གྲའི་སྒྱུ་རྩལ་མཛུབ་སྟོན་སོགས་ཀྱི་བྱ་དགའ་བླངས་ཡོད།

  1963ལོར། 《བརྒྱད་དང་ཕྱེད》(8½)འདིར་རྒྱལ་མཚམས་མེད་ནས་བྱ་དགའ་འདྲ་མིན་སྣ་ཚོགས་ཐོབ་ཡོད།

  1965ལོར། 《ལྗོང་ལི་ཨེད་ཐུ་དང་གདོན་འདྲེ》(Juliet of the Spirits)ནེའུ་ཡོག་བརྙན་དཔྱོད་པ་མཐུན་ཚོགས་ཀྱི་རྩེ་གྲའི་ཕྱི་སྐད་གློག་བརྙན་དང་། འཛམ་གླིང་རྟགས་ཅན་གྱི་རྩེ་གྲའི་ཕྱི་སྐད་གློག་བརྙན་གྱི་བྱ་དགའ་བླངས་ཡོད།

  1969ལོར། 《བརྩེ་བའི་ལྷ་སྒྲུང》(Satyricon)ཨོ་ཟི་ཁཱ་རྩེ་གྲའི་འཁྲབ་ཁྲིད་པའི་མིང་འདོན།


དཔྱད་མཆན་ཡོད།