ཁའེ་རཱ་ནེ་ཐི་ལེ། Keira Knightley

  • སྐྱེས་སྐར། སྤྱི་ལོ1985ལོའི་ཟླ3པའི་ཚེས26ཉིན།
  • སྐྱེ་ཡུལ། དབྱིན་ཇི།
  • ལས་རིགས། འཁྲབ་སྟོན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

གུ་དྲག 

      ཁའེ་རཱ་ནེ་ཐི་ལེ་ནི་ཨོ་ཟི་ཁཱའི་གསེར་གྱི་རྟགས་མ་དང་འཛམ་གླིང་རྟགས་མའི་འོས་མིང་ཐོབ་མྱོང་བའི་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་མ་སྐད་གྲགས་ཅན་ཞིག་ཡིན། མོ་རང་ལོ་ཆུང་བྱིས་པའི་དུས་ནས་འཁྲབ་སྟོན་གྱི་ལས་ཞུགས་ཤིང་། 2003ལོར«ང་རང་པེ་ཧམ་ལ་དགའ»(Bend It Like Beckham)དང་«མཚོ་ཇག»(Pirates of the Caribbean)གཉིས་སུ་མི་སྣ་གཙོ་བོ་འཁྲབ་པ་ནས་བཟུང་སྙན་གྲགས་རྒྱས། ཕྱིས་སུ་འཕྲོ་རིམ་འཕྲོར་ཧོ་ལེ་བོ་(Hollywood)ཡི་གློག་བརྙན་གང་མང་ཞིག་གི་འཁྲབ་སྟོན་པ་བྱས། 2005ལོར་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་འཇན་ཨོ་སི་ཏིན་གྱི་སྒྲུང་གཏམ«བརྒམ་བརླིང་དང་འཕྱ་སྨོད»ཞེས་པ་འཁྲབ་གཞུང་དུ་བཅོས་པའི་གློག་བརྙན་ཁྲོད་མི་སྣ་གཙོ་བོ་འཁྲབ་ལ། ཨོ་ཟི་ཁཱའི་འཁྲབ་སྟོན་པ་རྩེ་གྲས་ཀྱི་འོས་མིང་ཐོབ།

     ནེ་ལི་ལེ་ནི1985ལོར་སྐྱེས་པ་ཡིན་ལ། ཁོ་མོའི་ཨ་ཕ་ནི་འཁྲབ་སྟོན་པ་ཡིན་ལ་ཨ་མ་ནི་འཁྲབ་གཞུང་རྩོམ་རྩོམ་པ་པོ་ཞིག་ཡིན། མོ་རང་ལོ་ན་དྲུག་ལ་སོན་པའི་ལོ་དེའི་གུང་གསེང་སྐབས་ཕ་མ་ཡོད་སའི་འཁྲབ་གཞུང་རུ་ཁག་དེར་ཞུགས་འདོད་སྐྱེས་པར་ཕ་མ་གཉིས་ཀས་བུ་མོའི་རེ་བ་དང་དུ་བླངས་པས་ཁོ་མོ་སྒྱུ་རྩལ་ལམ་བུ་དེར་སྙེག་པའི་མགོ་ཚུགས། ཁོ་མོས་ལོ་བདུན་གྱི་ཐོག«རྟེན་འབྲེལ་གྱི་ཆོ་ག»ཞེས་པའི་ཟློས་གར་འཁྲབ་སྟོན་ལ་ཞུགས་པ་དེ་ནི་ཁོ་མོ་དངོས་སུ་འཁྲབ་སྟོན་ལ་ཞུགས་ཐེངས་དང་པོར་བརྩིས་ཆོག

     དེ་ནས་བཟུང1999ལོ«སྐར་མའི་དམག་འཁྲུག»(Star Wars)ཅེས་པ་འཁྲབ་པའི་བར་ཟུར་ཞུགས་པ་ཞིག་གམ་སྦྱོང་བརྡར་བ་ཞིག་ལས་འཁྲབ་སྟོན་པ་དངོས་མ་ཞིག་ཏུ་འགྱུར་ཐུབ་མེད། གློག་བརྙན་དེ་རུ་ཁོ་མསོ་ཨཱ་མེ་རྒྱལ་མོའི་ལུས་ཚབ་སོ་ཏ་ཞེས་བ་འཁྲབ་པ་ནས་བཟུང་དངོས་སུ་མིང་ཡོད་དོན་ཡོད་ཀྱི་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཅིང་གློག་བརྙན་མང་པོ་ཞིག་ཏུ་ཀུན་གྱི་མིག་ལམ་དུ་མངོན་པས་རྒྱུས་ཡོད་དུ་གྱུར། དེ་དག་ལས་ཀུན་གྱིས་མོ་རང་ཆེས་ཐོག་མར་ངོ་ཤེས་ས་དེ«ང་རང་པེ་ཧམ་ལ་དགའ»ཞེས་པར་རྐང་རྩེད་སྤོ་ལོ་རྩེད་མཁན་པྲ་ཆལ་ཞིག་འཁྲབ་པ་དེ་ཡིན་ལ། མ་གཞིར་རྐང་རྩེད་སྤོ་ལོས་སྤྲོ་བ་སློང་ཁག་པའི་ཨ་རིའི་རྒྱལ་ཁོངས་སུ་རྐང་རྩེད་སྤོ་ལོ་བརྗོད་བྱར་བྱས་པའི་གློག་བརྙན་བྲིན་ཆེན་པོ་བྱུང་ཞིང་འབྲས་བུ་མངོན་གསལ་བྱུང་བ་དེ་མོའི་ལང་ཚོའི་ནུས་མཐུ་ཡིན་པ་ཁས་ལེན་ཆོག་ཆོག་ཡིན། 2003ལོར«ཁཱ་རི་བྷིན་གྱི་མཚོ་ཇག»ཏུ་མཆོར་སྒོ་ལེགས་ཤིང་སྤྱོད་པ་རྩིང་བའི་བུ་མོ་ཞིག་འཁྲབ་པ་དེས་མོ་རང་གི་སྐར་ཆེན་གྱི་མདངས་ཆེས་ཆེར་འཚེར་ཞིང་འཁྲབ་ཁྲིད་པ་མང་པོ་ཞིག་མིག་གི་སྙེག་སར་གྱུར། 2006ལོར«མཚོ་ཇག 2» དང2007ལོར«མཚོ་ཇག 3»བསྟུད་མར་སྒོར་ཐུན་བྱུང་ལ། མཚམས་དེར་མོས«རྒམ་བརླིང་དང་འཕྱ་སྨོད»དང་«དམག་འཁྲུག་རྗེས་ཀྱི་ཁོ་རང»«འགྱོད་བཤགས»སོགས་ཀྱི་གཙོ་འཁྲབ་པའི་ལས་བྱས་པར་ཀུན་གྱིས་བསྟོད་ཚིག་གི་མེ་ཏོག་བར་མེད་དུ་ཕུལ། འཁྲབ་སྟོན་ཞིག་གི་ངོས་ནས། མོས་ནམ་རྒྱུན་མོ་རང་ལ་ངར་སློང་ཐུབ་པའི་གློག་བརྙན་ མོ་རང་དབྱིན་ཇིའི་རྒྱ་སེའི་མེ་ཏོག་རྐང་གཅིག་ཏུ་ཁ་དོག་རྣམ་པར་བཀྲ་བའི་ངང་བཞད་ཅིང་། རྒྱལ་ཁབ་དེ་ཀའམ་ཧོ་ལེ་ཝུ་ཡི་འཁྲབ་མའི་ཁྲོད་འཁྲབ་སྟོན་ལ་བྲེལ་ཤོས་དང་ཀུན་གྱི་དགའ་མོས་ཆེ་ཤོས་ཤིག་ཏུ་གྱུར།

བྱ་དགའི་རྟགས་མ།

  •     2008ལོར«འགྱོད་བཤགས»ཞེས་པར་སྐབས་རེ་ལྔ་པའི་འཛམ་གླིང་རྟགས་མའི་འཁྲབ་སྟོན་མ་རྩེ་གྲ་དང་སྐབས་རེ་གཅིག་པའི་ཨ་རིའིBAFTAརྟགས་མའི་འཁྲབ་སྟོན་མ་རྩེ་གྲ་གཉིས་ཀྱི་འོས་མིང་ཐོབ་པ་དང་། «ཁཱ་རི་བྷིན་གྱི་མཚོ་འགག་གི་ཇག་པ་ལས་འཛམ་གླིང་གི་དུས་མཐའ»ཞེས་པར་སྐབས་བཅུ་བདུན་པའི་MTVགློག་བརྙན་རྟགས་མའི་འཁྲབ་སྟོན་རྩེ་གྲ་ཡི་འོས་མིང་ཐོབ། 2007ལོར«ཁཱ་རི་བྷིན་གྱི་མཚོ་ཇག་ལས་ཤི་བའི་དུར་སྒམ»ཞེས་པར་སྐབས་བཅུ་དྲུག་པའི་MTVགློག་བརྙན་རྟགས་མའི་འཁྲབ་སྟོན་རྩེ་གྲ་ཡི་འོས་མིང་ཐོབ།

  •     2006ལོར«རྒམ་བརླིང་དང་འཕྱ་སྨོད»ཞེས་པར་སྐབས76པའི་ཨོ་ཟི་ཁཱའི་འཁྲབ་སྟོན་མ་རྩེ་གྲའི་འོས་མིང་ཐོབ། ད་དུང་སྐབས་རེ་གསུམ་པའི་འཛམ་གླིང་རྟགས་མའི་འཁྲབ་སྟོན་མ་རྩེ་གྲ་ཡི་འོས་མིང་ཐོབ།

  •    2011ལོར«ང་གཡུག་ནས་མ་འགྲོ»ཞེས་པར་སྐབས37པའི་སོ་ནམ་དུས་སྟོན་རྟགས་མའི་འཁྲབ་སྟོན་མ་རྩེ་གྲ་ཡི་འོས་མིང་ཐོབ།

  •    2012ལོར«ཉེན་ཁའི་ཐབས་ལམ»ཞེས་པར་སྐབས38པའི་མོ་ནམ་དུས་སྟོན་རྟགས་མའི་འཁྲབ་སྟོན་མ་རྩེ་གྲ་ཡི་འོས་མིང་ཐོབ།

དཔྱད་མཆན་ཡོད།