ཀྲོའུ་ཞིང་ཁྲི།周星驰

  • སྐྱེས་སྐར། 1962ལོའི་ཟླ་བ6པའི་ཚེས22ཉིན།
  • སྐྱེ་ཡུལ། ཀྲུང་གོ་ཤང་ཀང་།
  • ལས་རིགས། ཏུང་ཧྲི་ཀྲང་། གློག་བརྙན་ཕབ་སྐྲུན་པ། འཁྲབ་ཁྲིད་པ། གློག་བརྙན་འཁྲབ་སྟོན་པ། འཁྲབ་གཞུང་རྩོམ་པ་པོ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

    ཀྲོའུ་ཞིང་ཁྲི་ཡི་ཆེས་ཐོག་མའི་གློག་བརྙན་གྱི་ལམ་བུ་ལ་ཕྱིར་མིག་ཐེངས་གཅིག་འཕངས་ཚེ། ཁོ་ནི་ཤང་ཀང་གི་གློག་བརྙན་ལོ་རྒྱུས་ཐོག་ཏུ་གོ་གནས་གལ་ཆེན་འཛིན་པའི་མི་སྣ་གྲགས་ཅན་དང་། ཤང་ཀང་དུ་དགའ་བསུ་ཆེས་ཐོབ་ཤས་ཀྱི་སྤྲོ་གར་གློག་བརྙན་འཁྲབ་སྟོན་པ་ཞིག་ཏུ་འགྱུར་སྲིད་པའི་གདེང་ཚོད་སུ་ལའང་ཡོད་མི་སྲིད། ཁོང་ནི་ཤང་ཀང་གི་གློག་བརྙན་འཕེལ་རྒྱས་ཀྱི་ཐད་དུ་ལོ་རྒྱས་ཀྱི་དོན་སྙིང་རང་བཞིན་ལྡན་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཁོང་ནི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་པ་ཡིན་ཞིང་། ཆུང་དུས་ནས་གཅེན་གཅུང་བཞི་པོ་དང་མཉམ་དུ་ཨ་མ་གཅིག་པུས་གཉོར་སྐྱོང་བྱས་ཏེ་འཚར་ལོངས་བྱུང་བ་ཡིན། ཁོའི་སྐྱེས་གཟུགས་ཅུང་ཟད་ཡག་པོ་ཡོད་ནའང་ཁོང་ལ་མངོན་གསལ་གྱི་རང་གཤིས་མེད་པ་རེད། སློབ་སྦྱོང་ལ་དེ་འདྲའི་བཟང་རྒྱུ་མེད་ཅིང་། ལས་ཀ་བྱས་ནས་ཡོང་སྒོ་འཚོལ་རྒྱུ་ལ་ཡང་དེ་ཙམ་མི་མཁས།

    གློག་བརྙན་གྱི་ཕྱོགས་ནས་བཤད་ན་ཡང་ཁོ་རང་ལི་ཞའོ་ལུང་ལ་སྨོན་སེམས་རྩེ་གཅིག་ཏུ་འཆོར་མཁན་ཞིག་ཡིན་པ་ཙམ་ལས་གཞན་ཁྱད་འཕགས་ཀྱི་ནུས་པ་ཅི་ཡང་ཡོད་པ་མ་རེད། ཁོང་གིས་ཆུང་དུས་བལྟས་པའི་མི་ཚེ་འདིའི་གློག་བརྙན་ཆེས་ཐོག་མ་ནི་ལི་ཞའོ་ལུང་གིས་འཁྲབ་པ་ཞིག་ཡིན་པ་དང་། གློག་བརྙན་དེས་ཁོ་ལ་མེ་ལྕེ་དྲག་པོ་ཞིག་རང་སེམས་གྱི་གཏིང་རིམ་ནས་འུར་འུར་ཏུ་འབར་བཞིན་པ་ལྟ་བུའི་ཚོར་བ་ཞིག་སྐྱེས་སུ་བཅུག་ཅིང་། བསྟུད་མར་ལི་ཞའོ་ལུང་གིས་གཙོ་འཁྲབ་བྱས་པའི་གློག་བརྙན་འགའ་ལ་བལྟས་མྱོང་བ་རེད། ཁོས་ལེའང་ཁྲའོ་ཝུ་ [梁朝伟] ལ་སྡིག་ཅན་གྱི་ལྡོག་ཕྱོགས་མི་སྣ་ཞིག་འཁྲབ་ཏུ་བཅུག་མྱོང་བ་དང་། དེའི་རྗེས་སུ་ཁོ་ཁྲིད་ནས་སྐུད་མེད་བརྙན་འཕྲིན་ལས་ཁུངས་ཀྱི་སྒྱུ་རྩལ་པའི་སྦྱོང་བརྡར་འཛིན་གྲྭར་རྒྱུགས་སྤྲོད་དུ་ཕྱིན་མོད། མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་སྟེ། ལེའང་ཁྲའོ་ཝེ་ཡིས་བདེ་བླག་ངང་རྒྱུགས་འཕྲོད་པར་གྱུར་བ་དང་། རེ་བ་དང་སྤོབས་སེམས་ཀྱིས་བརྟས་པའི་ཀྲོའུ་ཞིང་ཁྲི་ཡིས་རྒྱུགས་མ་འཕྲོད་པ་རེད།

    འོན་ཀྱང་ཉེ་བའི་ལོ་ཉི་ཤུའི་རིང་འཛིན་ཁེ་བྲིན་ཚད་ཀྱི་གྲལ་མགོར་དུས་རྟག་ཏུ་སྡོད་མཁན་ནི་ཧ་ལམ་ཀྲོའུ་རྣམ་གཉིས་དང་ཁྲིན་[ཀྲོའུ་ཞིང་ཁྲི་དང་ཀྲོའུ་རུན་ཧྥ། ཁྲིན་ལུང་བཅས་གསུམ་ལ་གོ་བ་ཡིན།] བཅས་གསུམ་པོ་ཡིན། འཛིན་ཁེ་བྲིན་ཚད་ཤིན་ཏུ་མཐོ་བའི་མི་སྣ་གྲགས་ཅན་དེ་གསུམ་གྱི་ཁྲོད་ན། འཁྲབ་རྩལ་ལ་ཆེད་ལས་གཟེངས་བསྟོད་ཀྱིས་ཁས་ལེན་མང་ཤོས་ཐོབ་མྱོང་མཁན་ནི་ཀྲོའུ་རུན་ཧྥ་དང་ཀྲོའུ་ཞིང་ཁྲི་གཉིས་ཡིན་པ་དང་། རང་ཉིད་ཀྱི་ནུས་པ་ཁོ་ན་ལ་བརྟེན་ནས་གློག་བརྙན་ཕབ་སྐྲུན་བྱེད་ཐུབ་པ་མ་ཟད། བརྩམས་ཆོས་ལ་རང་མིང་འགོད་ཐུབ་མཁན་ལ་ཁྲིན་ལུང་དང་ཀྲོའུ་ཞིང་ཁྲི་གཉིས་ལས་བགྲང་རྒྱུ་མེད། ཡིན་ནའང་འཁྲབ་སྟོན་བྱས་པའི་གློག་བརྙན་ལ་རང་ཉིད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པ་མ་ཟད། སྤྱི་ཚོགས་ཀྱི་དཔེ་མཚོན་རང་བཞིན་ཆེས་ཆེར་ལྡན་ཞིང་། ཐ་ན་མི་རྣམས་ཀྱིས་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་བརྩིས་ནས་ཡང་ནས་ཡང་དུ་ཞིབ་འགྲེལ་རྒྱག་བཞིན་པ་ནི་ཀྲོའུ་ཞིང་ཁྲི་གཅིག་པུ་ལས་གཞན་སུ་ཡང་མེད་དོ།།

    ཁོང་ནི་ལོ་རྒྱུས་ཐོག་སྔ་ན་མེད་པའི[ཀྲོའུ་ཞིང་ཁྲིའི་སྣང་ཚུལ]གསར་དུ་གཏོད་པ་པོ་དང[སྤྲོ་གར་གྱི་རྒྱལ་པོ]ཞེས་པའི་མཚན་སྙན་འཛིན་མཁན་ཡིན་པ་མ་ཟད། ལུགས་འཆལ[无厘头]ཞེས་པའི་གློག་བརྙན་ལུགས་ཀྱི་མེས་པོ་ལྟ་བུ་བཅས་ཡིན་པས། ཁོང་གི་མཚན་སྙན་དེ་འཛམ་བུ་གླིང་གི་ཕྱོགས་གང་སར་ཁྱབ་ཡོད་ཅིང་ཤུགས་རྐྱེན་ཡང་ཧ་ཅང་ཆེ་བ་ཡིན། ཁོང་ལ«དུས་རབས»ཞེས་པའི་གཟའ་འཁོར་རེའི་དུས་དེབ་ཀྱིས[ཀྲུང་གོའི་ཆཱ་ཕི་ལིན]ཞེས་གདེང་འཇོག་མཛད་མྱོང་ཞིང་། ཐེངས་དྲུག་ལ་ཤང་ཀང་གི་འཛིན་ཁེ་བྲིན་ཚད་ཀྱི་ཟིན་ཐོ་ལས་བརྒལ་མྱོང་བ་དང་། ཤང་ཀང་གི་འཛིན་ཁེ་བྲིན་ཚད་ཨང་དང་པོ་ཐེངས་བརྒྱད་ཙམ་བླངས་ཡོད་ལ། ཤང་ཀང་གློག་བརྙན་གྱི་འཛིན་ཁེ་བྲིན་ཚད་ཀྱི་ཟིན་ཐོ་ལས་བརྒལ་ཐེངས་ཆེས་མང་ཤོས་དེ་དང་། ཤང་ཀང་གློག་བརྙན་གྱི་ལོ་འཁོར་ཨང་དང་པོ་ཐོབ་པ་ཆེས་མང་བའི་ཟིན་ཐོ་རྒྱུན་འཛིན་བྱེད་མཁན་ཡང་ཁོང་ཉིད་ཡིན་ནོ། 

གྲུབ་འབྲས་གཙོ་བོ།                                                                                                                              སྒེར་གྱི་པར་རིས།

1993ལོ། «ཅིས་ཀུང»[济公] འཁྲབ་ཁྲིད།1478318512492057.jpg

1994ལོ། «ནུབ་བསྐྱོད་འུད་སྒྲུང» [大话西游] ཕབ་སྐྲུན།

1994ལོ། «རང་རྒྱལ་གྱི་ལིང་ལིང་ཆི» [国产凌凌漆] འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

1996ལོ། «ཕོ་བྲང་ནང་གི་གསང་ཞིབ་པ007» [大内密探007]འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

1996ལོ། «ཟས་ལྷ» [食神]ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

1999ལོ། «སྤྲོ་གར་གྱི་རྒྱལ་པོ» [喜剧之王]ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

2001ལོ། «ཧྲའོ་ལིན་གྱི་རྐང་རྩེད་སྤོ་ལོ» [少林足球] ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།1478318661585796.jpg

2003ལོ། «1:99 གློག་བརྙན་བྱ་འགུལ» [1:99 电影行动]འཁྲབ་ཁྲིད།

2004ལོ། «དྲག་རྩལ»[功夫]ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

2008ལོ། «འབྲི་ཆུ་ཨང་བདུན་པ» [长江七号]ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

2008ལོ། «ཧྲའོ་ལིན་གྱི་སྨན་ཆུང་མ» [少林少女]ཕབ་སྐྲུན།

2009ལོ། «མུ་ཏིག་བདུན» [七龙珠]ཕབ་སྐྲུན།

2010ལོ། «འབྲི་ཆུ་ཨང་བདུན་པ་སའི་གོ་ལར་དུངས» [长江七号爱地球] ཕབ་སྐྲུན།

2011ལོ། «གཡུ་སྦྲང་དཔའ་རྟུལ»[青蜂侠] ཕབ་སྐྲུན།

2012ལོ། «ནུབ་བསྐྱོད་ལས་བདུད་འདུལ་བའི་ལེའུ»[西游降魔篇]འཁྲབ་ཁྲིད། འཁྲབ་གཞུང་རྩོམ་མཁན།

གཟི་བརྗིད་ཐོབ་ཚུལ་གཙོ་གྲས།

1994ལོར་གློག་བརྙན«དྲག་རྩལ་གྱི་བདམས་རྩེ་སུའུ་ཆི་ཨེར» [武状元苏乞儿]ཞེས་པ་ལ་བརྟེན་ནས། ཤང་ཀང་གི་སྤྱན་གསལ་[红人]ཆེན་པོ་བཅུའི་སྐབས་དང་པོའི་གསེར་འཇའི་སྒྱུ་རྩལ་འཁྲབ་སྟོན་པའི་བྱ་དགའ་ཐོབ།

2002ལོར་གློག་བརྙན«ཧྲའོ་ལིན་གྱི་རྐང་རྩེད་སྤོ་ལོ»ལ་བརྟེན་ནས། སྐབས་ཉེར་གཅིག་པའི་ཤང་ཀང་གློག་བརྙན་གསེར་བརྙན་བྱ་དགའི་གློག་བརྙན་རྩེ་གྲ་དང་གསར་འགྱུར་འགྲེམ་བསྒྲགས་ཀྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ་དང་། ན་གཞོན་འཁྲབ་ཁྲིད་པ་ཕུལ་བྱུང་ཅན་བཅས་ཀྱི་གཟེངས་བསྟོད་ཆེན་པོ་བཞི་ཐོབ།

2005ལོར་སྐབས་དང་པོའི་ཏཱ་མ་གོ་ལ་ཧྲིལ་བོའི་ཀྲུང་གོ་བའི་ཅིན་དབྱི་བྱ་དགའི་[第一届大马全球华人金艺奖]དགའ་བསུ་ཆེས་ཐོབ་ཤོས་ཀྱི་ཅིན་དབྱི་གློག་བརྙན་འཁྲབ་སྟོན་པའི་བྱ་དགའ་ཐོབ།

1992ལོར་ཤང་ཀང་གི་ཆེས་དགའ་བསུ་ཐོབ་པའི་སྒྱུ་རྩལ་པ་ཆེན་པོ་བཅུ་ལས་ཨང་གཉིས་པ་ཐོབ། ཤང་ཀང་གི་དགའ་བསུ་ཆེས་ཐོབ་ཤོས་ཀྱི་སྤྲོ་གར་འཁྲབ་སྟོན་པ། ཤང་ཀང་བརྙན་འཕྲིན་ལས་ཁུངས་ཀྱི“མཚར་སྡུག་གི་འཛུམ་མདངས”ཞེས་པའི་བྱ་དགའ་ཨང་གཉིས་པ། ཨ་རིའི་གཙོ་རྒྱུགས་དུས་དེབ«མི་སྣ»ཞེས་པ་ཡིས་བདམས་པའི་འཛམ་གླིང་ཐོག་ཆེས་སྤྲོ་སྣང་དོད་པའི་སྐྱེས་བུ་ཨང་དང་པོའི་མཚན་སྙན་བཅས་ཐོབ།

1998ལོར་རྒྱལ་སྤྱིའི་ཕུལ་བྱུང་མི་སྣ་ཚོགས་པའི་ཤང་ཀང་ཨའོ་མན་གྱི་ཕུལ་བྱུང་མི་སྣའི་བྱ་དགའ་ཐོབ།

2003ལོར«ཀྲུང་གོའི་སྐར་འཚོལ་འགྲུལ་བཞུད་»[中国寻星之旅]ཞེས་པའི་ཆེས་བློར་འབབ་ཤོས་ཀྱི་མི་སྣ་གྲགས་ཅན་ཨང་དང་པོར་བདམས།

2004ལོར་ཨ་རིའི་གཟའ་འཁོར་རེའི་དུས་དེབ«དུས་རབས»ཞེས་པས་སྤེལ་བའི“ 2003ལོའི་དུས་རབས་ཡ་གླིང་དཔའ་རྒོད”དུ་བདམས་ཐོན་བྱུང་ནས་འཛམ་གླིང་ཡོངས་ནས་ཕུལ་བྱུང་གི་ཀྲུང་གོ་བ29བདམས་ཐོན་བྱུང་ཡོད་པའི་གྲས་སུ་ཚུད་པ་དང་ཡ་གླིང་དཔའ་རྒོད་དུ་བདམས་ཐོན་བྱུང་བའི་ཤང་ཀང་བ་གཅིག་པུར་གྱུར་བས། དུས་དེབ་དེའི་འདོན་ཐེངས་ཕྱི་མའི་མདུན་ཤོག་ཏུ་ཁོང་གི་འདྲ་པར་བཀོད།

2005ལོར་ཨ་རིའི་དབང་གྲགས་རིག་གནས་དུས་དེབ«མི་སྣ»ཞེས་པ་ཡིས་ཁོ་རང“གོ་ལ་ཧྲིལ་བོས་དོ་སྣང་བྱ་ཡུལ་ཀྱི་ཕོ་ཧྲང”ལྔ་ཡི་ཁོངས་སུ་བདམས་པ་རེད།

2006ལོར་ཡ་གླིང་རྩེར་སོན་བྱ་དགའི་ཕུལ་བྱུང་གློག་བརྙན་འཁྲབ་སྟོན་པའི་བྱ་དགའ་ཐོབ།«ནན་ཧྭ་ཞོགས་པའི་ཚགས་པར»[南华早报]དང«Harper's Bazaar» གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི“StyleAwards Award”ཡི་བྱ་དགའ“StyleMaker”ཞེས་པ་ཡང་ཐོབ། “StyleMaker”ཞེས་པ་ནི་རང་གི་ཁྱད་འཕགས་ཀྱི་བློ་གྲོས་ལ་བརྟེན་ནས་ཤང་ཀང་གི་ཁྱད་ཆོས་ཐད་ལ་གསར་བཅོས་དང་བྱས་རྗེས་འཇོག་མཁན་གྱི་མི་སྣར་ཆེད་དུ་གཟེངས་སུ་བསྟོད་པའི་བྱ་དགའ་ཞིག་ཡིན།

【ཞུ་དག བཀྲ་ཤིས་དབང་མོ།】 【རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།

དཔྱད་མཆན་ཡོད།