གྷོར•ཝིར་བྷིན་སི་ཁི། Gore Verbinski

  • སྐྱེས་སྐར། 1964ལོའི་ཟླ3པའི་ཚེས16།
  • སྐྱེ་ཡུལ། ཨ་རིའི་ཐཱན་ན་ཟི་མངའ་སྡེ།
  • ལས་རིགས། འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

གྷོར•ཝིར་བྷིན་སི་ཁི་ནི་སྤྱི་ལོ1964ལོར་ཨ་རིའི་ཐཱན་ན་ཟི་མངའ་སྡེའི་ཤར་རྒྱུད་གྲོང་ཁྱེར་ཨོ་ཁི་རོས་ལྗི(Oak Ridge)རུ་འཁྲུངས་ཤིང་། ཁོང་གི་ཡབ་ཕོ་ལན་གྱི་ཁྲག་རྒྱུད་ཅན་དེ་ནི་“རྡུལ་ཕྲན་གྲོང་ཁྱེར”དུ་གྲགས་པའི་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཆགས་པའི་ཨོ་ཁི་རོས་ལྗི་རྒྱལ་ཁབ་ཚོད་ལྟ་ཁང་གི་ཉིང་རྡུལ་དངོས་ལུགས་བཟོ་བཀོད་པ་ཞིག་ཡིན། རྗེས་སུ་ཁྱིམ་མི་རྣམས་ལྷོ་ཁཱ་ལི་ཧྥོ་ནི་ཡ་ས་ཁུལ་དུ་གནས་སྤར།

     གྷོར་ཝིར་བྷིན་སི་ཁི་ནི་བུ་ཕྲུག་བཞིའི་ནང་གི་གསུམ་པ་ཡིན་པ་དང་། སྔ་རྗེས་སུ་ཐྲོ་རོས་ཕའན་སློབ་ཆུང(Torrey Pines)དང་མིའར་ལཱན་ཌི་དམའ་འབྲིང་། (Muirlands)ལི་ཧོ་ཡཱར་མཐོ་རིམ་སློབ་འབྲིང(La Jolla)བཅས་དང་སྙན་གྲགས་ཀྱི་བ་དན་གཡོ་བའི་ལྷོ་ཁཱ་ལི་ཧྥོ་ནི་ཡ་སློབ་ཆེན་གྱི་གློག་བརྙན་སློབ་གླིང་དུ་སློབ་གཉེར་བྱས། གྷོར་ནི་དེ་སྔོན་མིང་གྲགས་དེ་ཙམ་མེད་པའི་ཕཱང་ཁི་སྐྱོམ་གཞས་རོལ་ཚོགས[朋克摇滚乐队]ཀྱི་པི་ཝང་རྒྱུད་དྲུག་མ་དཀྲོལ་མཁན[吉他手]ཞིག་ཡིན་ལ། ཚོགས་མི་འགའ་དང་ལྷན་དུ་བརྙན་ཐུང་འཕབ་མགོ་བཙུགས། ཟེར་སྒྲོས་ལྟར་ན་ཁོང་གིས་དེ་སྔོན་རང་ཉིད་ཀྱི་པི་ཝང་རྒྱུད་དྲུག་མ་དེ་བཙོངས་པས་གཞི་ནས་ཧའོ་སྨི8ལས་བརྒལ་བའི་བརྙན་ལེན་ཆས་ཐོག་མ་དེ་བརྗེས་ཡོང་བར་བཤད།

     གྷོར་གྱི་འཁྲབ་ཁྲིད་པའི་བྱ་གཞག་ནི་རོལ་མོའི་བརྙན་འབེབས་སྤྱིན་ཤོག[音乐录影带]དང་བརྡ་ཁྱབ་ཐད་ནས་གོམ་པ་དངོས་སུ་སྤོ་འགོ་ཚུགས་པ་རེད། ཁོང་གིས་དེ་སྔBad Religion དང24-7Spyz དེ་བཞིན Monster Magnetརོལ་ཚོགས་སོགས་ལ་རོལ་མོའི་བརྙན་ཕབ་སྤྱིན་ཤོག[MV]ཕབ་ལེན་བྱས་མྱོང་ལ། བརྡ་ཁྱབ་ཐད་ཚོང་རྟགས་ཆེན་པོ་ནའེ་ཁེ་དང་། ཁོ་ཁུ་ཁོ་ལཱ[可口可乐] Canon འཇའ་ཚོན་བྱེ་རིལ།[彩虹糖] བྷེ་དྷི་ཝེ་ཛི་སྦི་རག དེ་བཞིན་ཨ་རིའི་མཉམ་འབྲེལ་མཁའ་བསྐྱོད[美联航]སོགས་དང་མཉམ་ལས་མཛད་མྱོང་། ཁྱད་འཕགས་ཀྱི་ཤེས་ཡོན་ལྡན་པས་ཁོང་ཉིད་ལ་“བརྡ་ཁྱབ་ཁོངས་ཀྱི་ཨོ་ཟི་ཁཱ”ཁེ་ལི་ཨའོ་ཡི་བརྡ་ཁྱབ་བྱ་དགའ[“广告届奥斯卡”克里奥广告奖]ཐེངས་བཞི་ཐོབ་ལ། ཁ་ནཱ་བརྡ་ཁྱབ་དངུལ་སེང་བྱ་དགའ[戛纳广告银狮奖]སོགས་ཐོབ།

     1997ལོའི་བརྩམས་ཆོས«ཙི་གུ་འཛིན་པ»[Mousehunt]མ་ཐོན་གོང་ན། གྷོར་གྱིས་མིང་དུ«གུས་སྲོལ་མཛད་སྒོ»[The Ritual]བྱ་བའི་བརྙན་ཐུང་ཞིག་རང་གིས་བརྩམས་ཤིང་རང་གིས་འཁྲབ་ཁྲིད་བྱས། དགོད་བྲོའི་གློག་བརྙན་ནག་པོ་སྟེ[黑色喜剧片]«ཙི་གུ་འཛིན་པ»ཡིས་གྲགས་ཐེངས་གཅིག་གིས་མི་ཚང་མ་ཧ་ལས་པ་བཟོས་པས་གྷོར་ལ་གྲགས་ཅན་མི་སྣ་གཉིས་དང«ཉེན་ཆེའི་སྙིང་གྲོགས»[危险情人][Mashooka]མཉམ་ལས་བྱེད་པའི་གོ་སྐབས་བྱུང་ལ། བརྙན་འཕྲིན་དེའི་མ་རྩ་ཨ་སྒོར་བྱེ་བ3གསུམ་དང་ས་ཡ8ཀྱིས་འཛིན་ཁེའི་ཡོངས་འབབ་ཨ་སྒོར་བྱེ་བ6དང་ས་ཡ8་བརྒྱད་ལ་བརྗེས་འོང་བ་རེད། དེ་ནི་ལེགས་འགྲུབ་བྱུང་མེད་ཅེས་བཤད་མི་ཐུབ་ཀྱང་། འཁྲབ་སྟོན་པའི་རེའུ་མིག་ནང་གི་བྷོ་རཱ་དྷི་ཕེ་ཐྲི[Brad Pitt]དང་ལྗོ་ལིའར་རོ་བྷའར་ཚི[Julia Roberts]ལྟ་བུའི་མིང་གྲགས་ཅན་དང་བསྡུར་ན། མཐའ་མཇུག་གི་གྲུབ་འབྲས་དེས་མི་རྣམས་ཀྱི་བློ་ཡིད་ཚིམས་དཀའ་བར་གྱུར།

      ཡིན་ཡང2002ལོ་སླེབས་སྐབས་སུ་འཇར་པན་གྱི་འཇིགས་སྐུལ་གློག་བརྙན་གྲགས་ཅན«ནམ་གུང་གི་ཅོང་སྒྲ»[The Ring]བསྐྱབ་ཕབ་བྱས་པ་དེས་འཛམ་གླིང་ཡོངས་ནས་ཨ་སྒོར་དུང་ཕྱུར་གཉིས་ཀྱི་ཡོངས་འབབ་བྱུང་བས། འཁྲབ་ཁྲིད་ཆེན་མོའི་རང་གཤིས་དེ་ཐོག་མར་མངོན་པར་བྱས། དེའི་རྗེས་སུ་གློག་བརྙན«དུས་ཀྱི་འཁོར་ལོ»[BBC Time Machine]ཕབ་ལེན་གྱི་མཇུག་མཐའི་ཉིན་བཅོ་བརྒྱད་རིང་། ཐོག་མའི་འཁྲབ་ཁྲིད་པSimon Wellsངལ་བ་ཆེ་དྲགས་པའི་རྐྱེན་གྱིས་འགན་འཛིན་མ་ཐུབ་པས། གྷོར་གདན་འདྲེན་ཞུས་ནས་གནས་སྐབས་ཀྱི་དཀའ་ལས་བསལ་བ་རེད།

     མི་རིང་བར་གྷོར་གོ་ལ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་དྲུག་གི་ཡོངས་འབབ་ལྡན་པའི་གློག་བརྙན«ཁཱ་རི་བྷིན་གྱི་མཚོ་ཇག མུ་ཏིག་ནག་པོའི་རྟགས་ཀྱི་དམོད་མོ»[The Pirates of the Caribbean]ལ་འཁྲབ་ཁྲིད་བྱས། སྤ་སེ་བྲིན་ཞིང་དཔྱད་གཏམ་པ་ཚོགས་ཀྱང་གློག་བརྙན་དེར་ལྟ་རྒྱུར་ཤིན་ཏུ་དགའ་ལ། གོ་ལའི་གཡུལ་ཆེན་ལ་དུངས་མཁན[星战迷]དང་སྟོབས་ལྡན་ལ་དགའ་མཁན[超人迷]ལས་ཀྱང་རྒྱ་ཆེ་ཞིང་ཚབས་ཆེ་བའི་མཚོ་ཇག་ལ་དགའ་མཁན་གྱི་ཁྱུ་ཚོགས[海盗粉丝群]ཤིག་གྲུབ། ཁོ་ཚོའི་རེ་སྒུག་དང་རྒྱབ་སྐྱོར་འོག་སྤྱི་ལོ2006ལོ་དང2007ལོར་བསྟན་པའི་འཁྲབ་ཚན་མཐུད་མ«ཁཱ་རི་བྷིན་གྱི་མཚོ་ཇག2། གཤིན་པོའི་ནོར་མཛོད»[Pirates of the Caribbean 2 :Dead Man's Chest]དང«ཁཱ་རི་བྷིན་གྱི་མཚོ་ཇག3 འཇིག་རྟེན་གྱི་མཐའ»[Pirates of the Caribbean At World’s End]གཉིས་ཀས་སྤ་སེ་བྲིན་ཚད་ཀྱི་ཟིན་ཐོ་གཅིག་རྗེས་གཉིས་མཐུད་ཀྱིས་གསར་དུ་བཏོད། དེ་གཉིས་ཀྱི་འཛམ་གླིང་ཡོངས་ཀྱི་སྤ་སེ་བྲིན་ཚད་སོ་སོ་ནི་ཨ་སྒོར་དུང་ཕྱུང10དང་དུང་ཕྱུར9.57ལོན།

     དེའི་བར་ལ་གྷོར་གྱིས་ནིས་ཁོ་ལཱ་སེ་ཁེ་ལྗི[Nicolas Cage]དང་མི་ཞེའར་ཁཱའེ་ཨིན[Michael Caine]གཉིས་ཀྱིས་གཙོ་འཁྲབ་བྱས་པའི་རིག་རྩལ་གློག་བརྙན«གནམ་གཤིས་སྔོན་བརྡ་བ»[The Weather Man]ལ་འཁྲབ་ཁྲིད་བྱས། མ་གཞི་དཔྱད་གཏམ་པ་མང་པོའི་ཁས་ལེན་ཐོབ་ཀྱང་། སྤ་སེ་བྲིན་ཚད་ཉུང་དུ་སོང་བ་རེད། གྷོར་ནི་མི་ཉམ་ཆུང་ཞིག་ཡིན་པས། སྨྱན་གཟུགས[媒体]ཀྱིས་ཁོང་གི་མི་སྒེར་གྱི་འཚོ་བར་སུན་པོ་བཟོ་མི་འདོད་པ་རེད། དུས་ད་ཆ་ཁོང་ནི་བཟའ་ཟླ་དང་བུ་ཆུང་གཉིས་ཁྲིད་ནས་ལོ་སཱན་ལྗེ་ལི་སེ [洛杉矶]རུ་བཞུགས་ཡོད།

གྲུབ་འབྲས་གཙོ་བོ།

«ད་བྱིད་རན་གོ»[Rango]2011ལོར།

«ལྕགས་རིགས་ལྗིད་པོ»[Heavy Metal]2010ལོར།

«དཔའ་བོ་ཁེར་འགྲོ»[The Lone Ranger]2013ལོར།

«གནམ་གཤིས་སྔོན་བརྡ་བ»[The Weather Man]2005ལོར།

«ནམ་གུང་གི་ཅོང་སྒྲ»[The Ring]2000ལོར།

«ཉེན་ཆེའི་སྙིང་གྲོགས»[Mashooka]2001ལོར།

«ཙི་གུ་འཛིན་པ»[Mousehunt]1997ལོར།

«ཁཱ་རི་བྷིན་གྱི་མཚོ་ཇག མུ་ཏིག་ནག་པོའི་རྟགས་ཀྱི་དམོད་མོ»[The Pirates of the Caribbean]2003ལོར།

«ཁཱ་རི་བྷིན་གྱི་མཚོ་ཇག2 གཤིན་པོའི་ནོར་མཛོད»[Pirates of the Caribbean 2 :Dead Man's Chest]2006ལོར།

«ཁཱ་རི་བྷིན་གྱི་མཚོ་ཇག3 འཇིག་རྟེན་གྱི་མཐའ»[Pirates of the Caribbean At World’s End]2007ལོར།

【ཞུ་དག བཀྲ་ཤིས་དབང་མོ།】 【རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།】


 

 


དཔྱད་མཆན་ཡོད།