ལིས་མེན།(黎明)

  • སྐྱེས་སྐར། ༡༩༦༦ལོའི་ཟླ་༡༢བའི་ཚེས་༡༡ཉིན།
  • སྐྱེ་ཡུལ། ཀྲུང་གོའི་པེ་ཅིན།
  • ལས་རིགས། གླུ་བ། འཁྲབ་སྟོན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།


   ལིས་མེན། ཤང་ཀང་གི་སྒྱུ་རྩལ་པ། ཚོང་བ། ༡༩༦༦ལོར་པེ་ཅིན་ནས་སྐྱེས་ཤིང་།   ལོ་བཞིའི་སྟེང་ཕ་མ་དང་མཉམ་དུ་ཤང་ཀང་ལ་སོང་ནས་གནས་བཅས། ལོ་བཅུ་བཞིའི་སྟེང་དབྱིན་ཇིར་སློབ་གཉེར་ལ་སོང་། གྱ་དྲུག་ལོ་ནས་གློག་བརྙན་གྱི་ལམ་ཀར་ཞུགས་ནས་དགའ་རྟགས་མང་བོ་བླངས་ཏེ་ལོ་སོ་ལྔའི་སྟེང་གསེར་རྟའི་བརྙན་རྗེ་གྱི་མིང་རྟགས་འཐོབ།  གླུ་ཚིག་གསར་རྩོམ་དང་འཁྲབ་ཁྲིད་པ། ལྟ་སྐུལ་བ་སོགས་ཡོལ་ཕྱིའི་ལས་ཀ་ལ་དགའ་བོ་ཡོད། ཕྱོགས་སོ་སོའི་ཡོན་ཏན་གྱིས་ཁོང་གི་རྒྱ་རིགས་ནང་གི་སྐར་རྒྱན་མེ་ཏོག་གི་གོ་ས་ལ་བརྟན་གཡོ་མེད་པར་བཞུགས།  ཁོ་ཡང་གནམ་རྒྱལ་བཞིའི་གྲས་ཀྱི་ལོ་ན་ཆེས་ཆུང་བ་ཡིན། ༡༩༩༢ལོར་པེས་ཧྲི་ཧོ་རྩེད་རིགས་ལས་ཀའི་ཀུང་སི་བཙུགས།༢༠༠༤ལོར a musicཨེ་ཤར་གླུ་དབྱངས་སྒྲིག་བཟོའི་ཚད་ཡོད་ཀུང་ཟི་བཙུགས། ཐོག་མར་རྒྱལ་ཡོངས་གི་བར་ཆོད་མེད་པའི་རྩེད་རིགས་མཉམ་སྤྱོད་མཉེན་ཆས་ཐོག་མloopགསར་དུ་བཟོས།     ༡༩༩༢ལོར་ལིས་མེན་གྱིས་གཙོ་འཁྲབ་བྱས་པའི<<ལྷའི་ཆོ་འཕྲུལ>><神算>ལ་ཤང་ཀང་གི་དངུལ་ཁྲི་སྟོང་གསུམ་དྲུག་བརྒྱའི་འཛིན་ཁེ་འཐོབ་པས་གློག་བརྙན་ཕྱོགས་ནས་འཛིན་ཁེའི་འདྲེན་ཤུགས་ཆེས་ཆེ་བའི<<ཁྲི་སྒོར་སྟོང་གསུམ་གྱི་གསར་བུ>>ཞེས་འབོད།    ཟླ་བ་བཞི་བའི་ནང་། གཞན་དང་མི་མཚུངས་པའི་གསར་ཉམས་ལ་བརྟེན་ནས། འཛམ་གླིང་བསྐོར་ནས་གླུ་དབྱངས་ལེན་པའི་འགྲུལ་ལམ་དུ་ཞུགས།  ཐེངས་དང་བོརTVBབརྙན་འཕྲིན་ཟློས་གར<<ཅེན་བུན་ཀོང་གི་གཏམ་རྒྱུད>>ཟེར་བ་བརྙན་ཕབ་པའི་སྐབས་སུ། ཕྱི་རྒྱལ་ལ་སོང་ནས་ལོ་མང་བོར་བསྡད་རྐྱེན།  ཕྱིར་རྒྱལ་ནང་དུ་ལོག་ནས་ཡུན་རིང་བོར་ལུས་པོ་བདེ་བོ་མ་བྱུང་བ་མ་ཟད་ལས་ཀའི་འགན་ལྕི་བས་ནམ་རྒྱུན་ནད་ཀྱིས་མནར། ཐེངས་ཤིག་ལ་ལས་ཀར་ཞུགས་སྐབས་ཡང་རྗེས་སུ་ལུས་པས་སྒེར་གྱི་རླངས་འཁོར་བསྐོར་ནས་འཁྲབ་རར་ཐོན་པས་འཁྲབ་སྟོན་པ་གཞན་དག་དང་འཁྲབ་ཁྲིད་པའི་ལྟ་ཚུལ་ལོག་པ་བྱུང་ཞིང་། བརྙན་ཕབ་ཚར་རྗེསTVBཡི་ཕྱོགས་རིས་ཀྱི་ལྟ་ཚུལ་བཟུང་ནས་ལོགས་སུ་བཀར། ཁོ་རང་འུ་ཐུག་སྟེ་ཐའེ་ཝན་ལ་སོང་། དེ་རུ<<རླུང་སྤྲིན་དུས་རབས>>གྱི་འཁྲབ་སྟོན་ལ་ཞུགས།ལོ་དེའི་རྗེས་ནས་ཝང་ཞན་ཙོའི་ཁྱིམ་གང་བོའི་བདག་སྐྱོང་ཚད་མེད་ཐོབ་ཞིང་ཁོ་ཚོའི་བར་གྱི་བརྩེ་འདང་ཡང་ཤིན་ཏུ་ཟབ་མོར་གྱུར།<<རླུང>>ཕྱིར་བཏང་རྗེས་ཐའེ་ཝན་གྱི་ལྟ་འབྱོར་ཚད་ཧ་ཅང་མཐོ།  <<རླུང>>གིས་ཀྲོའོ་ཡ་ཀྲིས་གཙོ་འཁྲབ་བྱས་པའི་ཟློས་གར་ལས་བརྒལ་བའི་གྲུབ་འབྲས་ལོན་པ་དང་།བཅོས་མིན་གྱི་བརྩེ་གདུང་ཟབ་མོས་བླངས་པའི་བརྙན་མཇུག་གླུ་དབྱངས<<རླུང་སྤྲིན་གྱི་རྡུལ་འཚུབ>>ཀྱིས་ཀྱང་ལྟད་མོ་བའི་སྤྲོ་སེམས་ཧུར་གྱིས་བསླངས། ལིས་མེན་གྱིས་སྔོན་མར་ཤང་ཀང་ནས་འཁྲབ་པའི་གློག་བརྙན་ལ་ཡ་གླིང་ཤར་ལྷོ་ནས་བརྗོད་རླབས་ཆེན་མོ་ཞིག་ལངས་ཤིང་།ཤང་ཀངTVBཡིས་ཀྱང་རྣམ་པ་འདི་མཐོང་ནས་ཆ་རྐྱེན་ལེགས་པོའི་འགྲོ་སོང་བཏང་སྟེ་ཁོ་རང་མགྱོགས་པོར་ཕྱིར་གདན་དྲངས། 

   ༡༩༩༠ལོར།བརྙན་འཕྲིན་ཟློས་གར<<ས་མཐའི་བུ>>ཟེར་བ་འཁྲབ་སྟོན་བྱས་ཤིང་། གྱ་གྱུའི་གཏམ་རྒྱུད་དང་ཁྱད་དུ་འཕགས་པའི་འཁྲབ་སྟོན་གྱིས་ཕྱུག་ཅིང་། ཁོའི་མི་ཚུགས་པའི་འཁྱམ་པོའི་སྣང་བརྙན་དེ་མི་སེམས་ཀྱི་གཏིང་ལ་ཟུག་ཐུབ་པའི་ཁྱད་ཆོས་ལྡན།  ཟློས་གར་འདི་ལོ་རྒྱུས་སྟེང་ལྟ་འབྱོར་ཚད་ཆེས་མཐོ་བའི་བརྙན་འཕྲིན་ཟློས་གར་བཅུའི་གྲས་སུ་ཚུད་ལ། ལོ་དེར་ཁོའི་གླུ་དབྱངས་ཀྱི་ཆེད་སྒྲིག<>ཞེས་པ་འགྲེམ་ཞིང་དེས་ཕལ་ཆེར་ཤང་ཀང་གི་གླུ་གཞས་ཀྱི་དགའ་རྟགས་མ་བླངས་པ་མེད། ལིས་མེན་ལ་ཡང<<བྱམས་ལྡན་རྒྱལ་སྲས>>ཞེས་པའི་མིང་བཏགས་འཐོབ་ཏེ། ཐོག་མར་འཁྲབ་སྟོན་ཁྱབ་ཁོངས་ནས་ད་ལྟའི་བར་སྤྱི་ཕན་གྱི་ལས་ཀར་སྤྲོ་བས་འཇུག་ཅིང་ལོ་རེ་རེར་བྱམས་བསྐྱེད་བྱ་འགུལ་སྣ་ཚོགས་ལ་ཞལ་འདེབས་འབུལ་གྱིན་ཡོད།  གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཤང་ཀང་གི་བྱམས་བསྐྱེད་ལས་དོན་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་བགྲང་གིས་མི་ལང་བ་ཕུལ།  ༡༩༩༤ལོར<<མཉམ་འབྲེལ་རྒྱལ་ཚོགས་ལོ་ཆུང་མ་དངུལ་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་བྱམས་ཁུར་ཕོ་ཉའི>>མིང་རྟགས་འཐོབ།  ལིས་མེན་དེ་གང་ལ་གང་འཇུག་གིས་ནམ་ཡང་ལས་གང་ལ་ཞུགས་ཀྱང་གྲུབ་འབྲས་ཆེན་པོ་འཐོབ་མཁན་ཞིག་ཡིན།ལིས་མེན་གྱིས་སྨྱན་གཟུགས་གསར་བའི་ཁྲོམ་རར་ཞུགས་ནས།ཁོའི་ཀུང་སིས་ལག་ཁྱེར་ཁ་པར་གྱི་མ་ལག་ལ་འཚམས་པའི་མཉམ་སྤྱོད་མཉེན་ཆསLOOPཞེས་པ་གསར་དུ་བཟོས་ཤིང་།LOOPརྒྱལ་ཡོངས་ཀྱི་བར་ཆོད་མེད་པའི་མཉམ་སྤྱོད་རོལ་རྩེད་སྟེགས་བུའི་ཆེས་མགོ་མར་གྱུར།ཐུང་ཐུང་གི་ཆུ་ཚོད་ཉེར་བཞིའི་ནང་།མཉེན་ཆས་འདིapp storeགྱི་རང་མོས་ཕབ་ལེན་སྟེགས་བུའི་གྲལ་མགོར་ཚུད་དོ། 

དགའ་རྟགས་འཐོབ་པའི་ལོ་རྒྱུས།


  •    ༢༠༠༢ལོར།ཐའེ་ཝན་གྱི་སྐབས༣༩བའི་གསེར་རྟའི་བྱ་དགའ།:ཆེས་ཕུལ་དུ་བྱུང་བའི་སྐྱེས་པའི་གཙོ་འཁྲབ་པ།<<ཡུལ་ལ་ལོག་པ>>

  •   ༢༠༠༤ལོར།ཁྲང་ཁྲུན་གྱི་གློག་བརྙན་དུས་ཆེན་སྐབས་བདུན་པ།:ཆེས་ཕུལ་དུ་བྱུང་བའི་སྐྱེས་པའི་གཙོ་འཁྲབ་པ།<<གྲོང་ཆེན་དོན་ཆུང>>

  •   ༢༠༠༨ལོའི་ཀང་ཐེའི་ཐིན་ཞོན་ཞེན་ཀོང་ཏ་དོའི་ལོ་ཚིགས་ཀྱི་སྐྱེས་པའི་གཙོ་འཁྲབ་པ།    <<མའེ་ལན་ཧྥང>>

  •   ༢༠༡༠ལོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་བརྙན་གཟུགས་དུས་ཆེན་གྱི<<སློབ་ཆེན་སློབ་མས་ཆེས་དགའ་བསུ་འཐོབ་པའི་རྒྱ་མིའི་སྐྱེས་པ་འཁྲབ་སྟོན་པ>>

  •   ༢༠༠༣ལོའི་རྒྱ་སྐད་ཀྱི་གློག་བརྙན་གྱི་སྨྱན་གཟུགས་དགའ་རྟགས་ཆེན་མོ་སྐབས་གསུམ་པའི་ཆེས་དགའ་བསུ་འཐོབ་པའི་སྐྱེས་པ་འཁྲབ་སྟོན་པའི་ཟངས་ཀྱི་རྟགས་མའི་དགའ་རྟགས། <<ཡུལ་ལ་ལོག་པ།>>

  •   ༢༠༡༡ལོའི་ནེའུ་ཡོག་གི་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་གཉིས་པའི་ཡ་གླིང་གི་འཁྲབ་སྟོན་པའི་སྒྱུ་རྩལ་མི་སྣ་ཆེས་ཕུལ་དུ་བྱུང་བ།

  •   ༡༩༩༧ལོའི་ཐའེ་ཝན་གྱི་སྐབས་༣༤བའི་གློག་བརྙན་གྱི་གསེར་རྟའི་བྱ་དགའ།:གློག་བརྙན་གྱི་ཆེས་ཕུལ་དུ་བྱུང་བའི་རོལ་དབྱངས་ཀྱི་དགའ་རྟགས། <<ལས་དབང་ཕྱེད་མ>>  གླུ་དབྱངས<<ལས་དབང་ཕྱེད་མ>>

  •   ༡༩༩༨ལོའི་ཤང་ཀང་གི་སྐབས་༡༨པའིགློག་བརྙན་གྱི་གསེར་སྐུའི་བྱ་དགའ།:གློག་བརྙན་གྱི་ཆེས་ཕུལ་དུ་བྱུང་བའི་རོལ་དབྱངས་ཀྱི་དགའ་རྟགས། <<ཤེལ་གྱི་མཁར་གྲོང>> གླུ་དབྱངས<<སྐྱེ་བ་འདི་ལ་མི་དགོས>>

རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།

དཔྱད་མཆན་ཡོད།