Aegisubབརྙན་ཡིག་སྒྲིག་བཟོ་མཉེན་ཆས།

 

      Aegisubནི་རིན་པ་མི་དགོས་ཤིང་རིམ་པ་མཐོ་བ། བརྙན་ཡིག་ཚོགས་པ་མང་པོས་སྤྱོད་ཀྱིན་པའི་བརྙན་ཡིག་སྒྲིག་བཟོ་མཉེན་ཆས་ཤིག་སྟེ། ASSདངSRTསོགས་བརྙན་ཡིག་གི་རྣམ་གཞག་མང་པོ་བཟོ་ཐུབ་ཅིང་། བརྙན་ཡིག་བཟོ་ཆས་གཞན་དག་དང་བསྡུར་ན་སྟབས་ཤིན་ཏུ་བདེ་པོ་ཡོད། མཉེན་ཆས་འདི་དར་ནས་ཡུན་རིང་པོ་འགོར་མེད་ནའང་བྱེད་ནུས་མང་ཁར། Unicodeརྒྱལ་སྤྱིའི་ཨང་སྒྲིག་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། སྐད་རིགས་སུམ་ཅུ་ལྷག་གི་ཡི་གེའི་ཨང་སྒྲིག་ལའང་རྒྱབ་སྐྱོར་བྱེད་ཐུབ་པ་རེད།

ཁྱེད་ཀྱི་རྩིས་འཕྲུལ་གྱི་པར་གཞི་དང་བསྟུན་ཏེ་གཤམ་གྱི་དྲྭ་གནས་འདིར་ཕབ་ལེན་ནང་འཇུག་བྱས་ཆོག  http://www.aegisub.org/ 

མཉེན་ཆས་འདིའི་བེད་སྤྱོད་དང་བྱེད་ནུས་སྐོར་ཞིབ་ཅིང་རྒྱས་པ་ཤེས་འདོད་ཚེ། འདི་རུ་འཇུག་རོགས། http://docs.aegisub.org/manual/Main_Page


མཉེན་ཆས་འདིའི་བྱེད་ནུས་གཙོ་བོ་ནི། བརྙན་ཡིག་གི་དུས་མདའ་དང་བརྙན་ཡིག་མ་དཔེ་སྒྲིག་བཟོ། ཁཱ་རཱOK(karaoke)ཡི་བརྙན་ཡིག་ཡང་བཟོ་ཆོག་གི་ཡོད།


བོད་བརྙན་གྱིས་ཀྱང་མཉེན་ཆས་འདི་སྤྱད་ནས་བརྙན་ཡིག་སྒྲིག་བཟོ་བྱེད་ཀྱིན་ཡོད་ལ། བརྙན་ཡིག་སྒྲིག་བཟོ་བྱེད་པར་སྤྲོ་མཁན་རྣམས་ལ་འོས་སྦྱོར་ཞུས་པ་ཡིན།

ཐོག་མར་ནང་འཇུག་བྱས་རྗེས་བོད་ཡིག་གཏག་དུས་ཆུང་ཆུང་མ་གཏོགས་མི་འཆར་བས།  གདམ་ཐོའི་ནང་གི(查看)ཞེས་པ་ལས་གདམ་ཀ(选项)ཟེར་ལས་ཡིག་གཟུགས་དང་ཚུགས་ཆེ་ཆུང་བརྗེས་ཆོག དེ་དུས་གོང་གི་དཔེ་རིས་ནང་བཞིན་འཆར་ཐུབ་ཀྱི་ཡོད། གཞན་འདིའི་བེད་སྤྱོད་སྟངས་ཡུན་གྱིས་བསླབ་ན་ཤེས་སླ་ཞིང་། ཧ་མི་གོ་བ་དེ་འདྲ་ཡོད་ན་འདི་རུ་སྐད་བཞག་ཀྱང་ཆོག

དཔྱད་མཆན་ཡོད།