གསེར་ལྡན་མིང་མཛོད་བེད་སྤྱོད་སྟངས་ཀྱི་དཔེ་རིས།

 གཅིག ངོ་སྤྲོད།
1.1 མཉེན་ཆས་ངོ་སྤྲོད་མདོར་བསྡུས།
གསེར་ལྡན་མིང་མཛོད་[GoldendDict]ནི་མིང་མཛོད་ཡིག་ཆར་ལྟ་བྱེད་ཀྱི་མཉེན་ཆས་ཤིག་ཡིན་ལ། སྤྱོད་མཁན་གྱིས་མཉེན་ཆས་དེ་རྩིས་འཁོར་དུ་སྒྲིག་འཇུག་བྱས་རྗེས། དྲ་ཐོག་ནས་རང་ལ་མཁོ་བའི་མིང་མཛོད་ཡིག་ཆ་ཕབ་ལེན་བྱས་ཏེ་མཉེན་ཆས་དེའི་དཀར་ཆག་ནང་བཞག་ཏེ་སྤྱད་ཆོག དེར་བརྟེན་མཉེན་ཆས་འདིར་སྐད་རིགས་སྣ་ཚོགས་ཀྱི་མིང་མཛོད་གང་མང་མཉམ་སྤྱོད་བྱེད་ཐུབ། གནད་འདིར་དམིགས་ནས་བོད་བརྙན་ཚོགས་པས་མཉེན་ཆས་བོད་འགྱུར་ལས་གཞི་ལས་ཐོག་མར་“གསེར་ལྡན་མིང་མཛོད”བོད་ཡིག་ཏུ་བསྒྱུར་བའི་ལས་གཞི་བརྩམས་ཏེ། མིང་མཛོད་མཉེན་ཆས་ཀྱི་འཆར་ངོས་བོད་ཡིག་ཏུ་བསྒྱུར་གྲུབ་པ་མ་ཟད། མིག་སྔར་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀུན་འདུས་ཀྱི་ཚིག་མཛོད་ཆེ་ཤོས་《དུང་དཀར་ཚིག་མཛོད་ཆེན་མོ》ཆ་ཚང་གཞི་བྱས། ཚིག་མཛོད་གཞན་དག་ཀྱང་བོད་འགྱུར་མིང་མཛོད་འདིར་བཅུག་ཡོད། རྗེས་ཕྱོགས་བོད་ཡིག་དང་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དམ་མིང་མཛོད། གནས་ཡིག་སོགས་གསེར་ལྡན་མིང་མཛོད་འདིའི་རྒྱུ་ཆར་རུང་བ་གང་ཞིག་ལ་Wordཡིག་ཆ་ཅན་ཡོད་ན། ངེད་ཅག་ལ་སྐུར་དང་མིང་མཛོད་འདིར་གསར་སྣོན་གྱིས་སྤྱི་ཚོགས་སྟེང་རིན་མེད་དུ་འགྲེམ་སྤེལ་ཞུ་རྒྱུ་ཡིན།
 
1.2 བེད་སྤྱོད་ཁྱབ་ཁོངས།
མིང་མཛོད་འདི་རྩིས་འཁོར་དུ་སྤྱད་ཆོག་པ་མ་ཟད། ཨན་དྲོར་མ་ལག་Androidཅན་གྱི་ཁ་པར་དང་། ཀུ་ཤུ་ཁ་པར་དང་སྙོམས་ངོས་རྩིས་འཁོར་iPadསོགས་སུའང་སྤྱད་ཆོག་པ་བཟོས་ཡོད། ཞིབ་ཕྲ་གཤམ་གྱི་མཐོ་རིམ་བེད་སྤྱོད་བྱེད་སྟངས་ནང་བཀོད་ཡོད། 
 
1.3 གསེར་ལྡན་གྱིས་ཁ་ཕྱེ་ཐུབ་པའི་ཡིག་ཆའི་་རྣམ་གཞག
1 སྐར་ཁུང་མིང་མཛོད་རྣམ་གཞག StarDict
རྣམ་གཞག་འདིའི་མིང་མཛོད་རེ་ལ་ཡིག་ཆ་གསུམ་ངེས་པར་དུ་ཚང་དགོས། .ifo/.dict./.idx
 
2 པ་པེ་ལོན་རྣམ་གཞག Babylon .
རྣམ་གཞག་འདིའི་མིང་མཛོད་རེ་ལ་ཡིག་ཆ་གཅིག་རེ་ལས་མེད། BGL
 
3 གཞན་པ།
Dictd .index/.dict(.dz) dictionary files
ABBYY Lingvo .dsl
 
གཉིས། མཉེན་ཆས་སྒྲིག་འཇུག་བྱེད་སྟངས།
2.1 མཉེན་ཆས་ཕབ་ལེན།
མཉེན་ཆས་འདི་བེད་སྤྱད་ན། ཐོག་མར་དྲ་ཐོག་ནས་ཕབ་ལེན་བྱེད་དགོས། འདིར་མནན་ནས་ཕབ་ལེན་བྱོས།
 
2.2 མཉེན་ཆས་སྒྲིག་འཇུག
ཕབ་ལེན་གྲུབ་རྗེས་ཡིག་ཆ་སྡུད་སྒྲིལ་ལས་དགྲོལ་དགོས་པ།[unzip the file]
 
2.3སྡུད་སྒྲིལ་ལས་གྲོལ་བའི་ཡིག་སྒམ་ཁ་ཕྱེ་རྗེས་goldendictཞེས་པར་ཉིས་རྡེབ་ཀྱིས་ཁ་ཕྱེ་བ། གཤམ་གྱི་དཔེ་རིས་ལྟར།
1.jpg
2.3 འཆར་ངོས་བོད་འགྱུར།
ཁ་ཕྱེས་རྗེས་གསེར་ལྡན་མིང་མཛོད་ཀྱི་འཆར་ངོས་མངོན་ལ། དེ་ལས་འཆར་ངོས་བོད་ཡིག་ཏུ་སྒྲིག་བཀོད་བྱེད་དགོས། དེའི་གོ་རིམ་ནི་གཤམ་གསལ་ལྟར།
2.jpg
1 གདམ་བྱང་“རྩོམ་སྒྲིག”ལས་“གདམ་ག”ཞེས་པར་ཆིག་རྡེབ་བྱེད་པ།  གཤམ་གྱི་དཔེ་རིས་ལྟར།
ཆིག་རྡེབ་བྱས་པ་ལས་ཐོན་པའི་གླེང་སྒྲོམ་ཁྲོད་ཀྱི་“འཆར་ངོས་སྐད་ཡིག”ལས་“བོད་ཡིག”བདམས་རྗེས། མཐེབ་གནོན་“གཏན་འཁེལ”ལ་ཆིག་རྡེབ་བྱེད་པ།གཤམ་གྱི་དཔེ་རིས་ལྟར།
3.jpg
2.4 མིང་མཛོད་ཁ་སྣོན།
དེ་ནས་མིང་མཛོད་ཀྱི་འཆར་ངོས་སྒོ་རྒྱབ་སྟེ་ཡང་བསྐྱར་ཁ་ཕྱེ་ན་བོད་ཡིག་གི་འཆར་ངོས་མངོན་པ། གཤམ་གྱི་དཔེ་རིས་ལྟར།
4.jpg
གདམ་བྱང་“རྩོམ་སྒྲིག”ཅེས་པ་ལས་“མིང་མཛོད”སྟེང་ཆིག་རྡེབ་ཀྱིས་མིང་མཛོད་དོ་དམ་གླེང་སྒྲོམ་ཁ་ཕྱེ་སྟེ། 
གདམ་བྱང་“མིང་མཛོད་ཡོང་ཁུངས”ཁྲོད་ཀྱི། མཐེབ་གནོན་“སྣོན”ལ་ཆིག་རྡེབ་བྱེད་ན་མིང་མཛོད་ཀྱི་“དཀར་ཆག་འཚོལ”སའི་གླེང་སྒྲོམ་ཞིག་ཐོན་པ། གཤམ་གྱི་དཔེ་རིས་ལྟར།
5.jpg
མཐའ་མར་“བརྒྱུད་ལམ”ཞེས་པའི་འོག་གི་མིང་མཛོད་ཀྱི་དཀར་ཆག་ལ་འགྲིག་རྟགས་བཀོད་ཏེ་འོག་གི་མཐེབ་གནོན་“གཏན་འཁེལ”OKལ་ཆིག་རྡེབ་བྱས་རྗེས། མིང་མཛོད་སྒྲིག་བཀོད་ལེགས་པར་གྲུབ་པ་ཡིན་པས་ཐད་ཀར་བེད་སྤྱོད་ཆོག
6.jpg
དེ་ལས་GoldenDict-Tibetanསྟེང་ཆིག་རྡེབ་ཀྱིས་དེ་ལས་ཐོན་པའི་དཀར་ཆག་contentབདམས་སྟེ་མཐེབ་གནོན་“གཏན་འཁེལ”ལ་ཆིག་རྡེབ་བྱེད་པ། གཤམ་གྱི་དཔེ་རིས་ལྟར། རྗེས་ཕྱོགས་མིང་མཛོད་དུ་ཡིག་ཆ་གསར་སྣོན་བྱེད་ནའང་འདིས་རིགས་སྒྲེའོ། །
7.jpg

དཔྱད་མཆན་ཡོད།