བརྙན་ཡིག་བསྒྱུར་སྐབས་མཉམ་འཇོག་བྱ་དགོས་པ་འགའ།༢

 

 
<1>  ཞེ་ཚིག་སྤྱོད་དུས་ཀྱི་གནད་དོན།
གློག་བརྙན<གྱེས་བྲལ>དཔེ་བླངས་པ་ཡིན་ན། དེའི་ནང་དུ་འཁོན་འཛིང་སོགས་ཤིན་ཏུ་མང་བས་སྐབས་དེ་དག་ཏུ"ཁྱེད་ཀྱི"དང་"ཁྱེད་ཀྱིས"སོགས་མི་སྤྱོད་པར"ཁྱོའི"དང"ཁྱོས"ལྟར་བསྒྱུར་ན་(རྡུང་རེས་རྒྱག་སྐབས་ད་དུང་ཡང་གུས་ཉམས་དང་བཅས་སྐད་ཆ་བཤད་སྲོལ་གང་ན་ཡོད། ཧ་ཧ་ཧ་ཧ་)ཁ་བརྡའི་ཁོར་ཡུག་དང་འཚམས་ཤིང་ཚིག་གིས་ས་ཟིན་པའང་ཉུང་བའི་དགེ་མཚན་ཡོད།  དེ་མིན་ན་ཚིག་རྐང་རིང་དྲགས་ནས་གློག་བརྙན་ལ་མྱོང་རོལ་བྱེད་མཁན་རྣམས་ལྟ་མི་བདེ་བ་བཟོ་སྲིད།
ཁྱེད་ཀྱིས=ཁྱོད་ཀྱིས=ཁྱོས
ཁྱེད་ཀྱི=ཁྱོད་ཀྱི=ཁྱོའི
གསུངས=བཤད=ལབ
མཆོད=བཞེས=ཟོ
ཕེབས=ཕྱིན=སོང
 
<2>  རྗེས་འཇུག་ག་དང་ཡང་འཇུག་ས་ཡོད་ཚེ། ཊ་དང་ཌ་སྦྱར་ནས་ཟོར་ཇེ་བདེར་བཏང་ན་བལྟ་བདེ་པོ་ཡོང་སྲིད།
 
<3> དོན་མཚུངས་ཐ་སྙད་བརྗེ་ཐབས།
རྒྱུ་མཚན=དོན
དཔེ་བརྗོད།
ཁྱོས་འདི་བསྒྲུབས་པའི་རྒྱུ་མཚན་ཅི་ཡིན།
ཁྱོས་འདི་བསྒྲུབས་དོན་ཅི་ཡིན།
 
<4>  ཁོ་དང་ཁོ་མོ། མོ་སོགས་ཀྱི་ཁྱད་པར་ཡག་པོ་ཕྱེ་དགོས།
ཁོ་ནི་སྤྱིར་ཕོ་དང་། ཁོ་མོ་ནི་མོ། མོ་ཡང་མོ་བཅས་ཡིན་པས་སྦྱོར་དུས་མ་ནོར་བ་བྱེད་དགོས་མ་གཏོགས་ལྟ་མཁན་ལ་ལར་གོ་བ་ལོག་པ་ཐེབས་སྲིད།
 
<5> ཚིག་བསྡུ་ཅི་ཐུབ་བྱེད་རྒྱུ།
-5.1-  ཁྱོས་མི་དབུལ་ཕོངས་འདི་ཚོར་བསམ་བློ་གཏོང་རོགས་བྱེད་དགོས། འདི་ལྟ་བུ།  ཁྱོས་མི་དབུལ་བོ་ཚོར་འདང་རྒྱག་དགོས། ལ་བསྒྱུར་ཆོག
་་་་་་ཡོད་པ་ཨེ་རེད?  ལྟ་བུ།  ་་་་་ཨེ(ཨ)ཡོད?(བརྗེ་མི་ཆོག་པའི་སྐབས་ཀྱང་ཡོད)
-5.2-  ང་འདི་ནས་འགྲོ་ནས་གཟའ་འཁོར་གཅིག་ལས་འགོར་མེད་ཀྱང་ཁྱེད་ཀྱིས་ཁྱིམ་ག་འདྲ་ཞིག་བྱེད་སོང་། ལྟ་བུ། ང་ཕྱིན་ནས་ཉིན་བདུན་ལས་\Nའགོར་མེད་ཀྱང་ཁྱོས་ཁྱིམ་འདི་ག་འདྲ་ཞིག་བྱས་འདུག
-5.3-  ཁྱོས་བཤད་པ་དེ་དོན་དངོས་ཡིན་མིན་ལ་ངས་ཅི་ལྟར་ཤེས་དགོས?  ལྟ་བུ། ཁྱོས་བཤད་པ་བདེན་མིན་སུས་ཤེས། ལྟ་བུ་ཐུང་ངུར་བཏང་ཆོག
 
<6> དུས་གསུམ་གྱི་དབྱེ་བ།
ངས་ལས་ཀ་དེ་བྱ་རྒྱུ་མིན།(མ་འོངས་པ) བྱེད་ཀྱིན་མེད།(ད་ལྟ་བ) བྱས་མེད།(འདས་པ) བྱོས(སྐུལ་ཚིག) གྲངས་ཀ་འདི་ག་འདྲ་བྱས་ནས་བརྩི་དགོས་ཟེར་དུས་ལྟ་བུར། "བྱས"འདི་འབྲིའོ། ། 
 
<7> ཨིན་ཡིག་གིwe དང་རྒྱ་ཡིག我们,他们བསྒྱུར་དུས། ང་ཚོ་ཞེས་བསྒྱུར་རྐྱང་བྱེད་མི་ཉན་ཏེ། weདང我们,他们གཉིས་ཀྱི་ནང་དུ་མི་གཉིས་སམ་གཉིས་ཀྱི་ཡན་ཆད་འདུས་མོད། བོད་སྐད་དུ། མི་གཉིས་ཡིན་དུས“ངེད་གཉིས”“འུ་གཉིས”“ཁོ་གཉིས”ལ་བསྒྱུར་བ་ལས་ང་ཚོ་ཁོ་ཚོར་བསྒྱུར་མི་རུང་། གྲངས་གསུམ་ཡན་ཆད་ཡོད་ན་ད་གཟོད"[ཚོ]"བཀོལ་ཆོག
 
<8>ཚེག་གི་བཀོལ་སྟངས།
དབུ་མེད་ལ་བརྗོད་པ་རྫོགས་རྗེས་མིང་མཐར་གསལ་བྱེད་དབྱེར་མེད་དུ་ཚེག་འབྲི་རུང་ལ། ཤད་ཀྱི་ཚབ་ཏུ་ཚེག་རྐྱང་བྲིས་པས་ཀྱང་ཆོག  ཡིན་ནའང་དབུ་ཅན་ནི་དེ་ལྟ་བུ་མ་ཡིན་པར། ང་མཐར་མ་གཏོགས་ཕྱི་ཚེག་སྤྲང་དགོས་ལ། ཤད་ཀྱང་འབྲི་དགོས། དཔེར་ན། དབུ་ཅན་ལ་སོང་། འགྲོ། རི། ཡིན། ཞེས་འབྲི་བ་ལས། སོང་། འགྲོ་། རི་། ཡིན་། ཞེས་བའམ། སོང་  རི་   ཡིན་  ལྟ་བུར་འབྲི་མི་རུང་ངོ་། །
 
<9> བརྙན་ཡིག་ནང་གི་མིའི་མིང་དང་ས་ཆའི་མིང་སྒྲ་བསྒྱུར་བྱ་མི་དགོས་པར་ཨིན་ཡིག་གི་མ་ཕྱི་བཞག་ན་ཞུ་དག་པས་གཅིག་གྱུར་གྱིས་བསྒྱུར་པས་ཆོག དཔེར་ན།Jim is comingཞེས་པ་ལ་ Jimཡོང་བཞིན་ཡོད། ཅེས་བྲིས་པས་ཆོག
 
<10> ཚིག་རྟགས་འགའི་བཀོལ་སྟངས།
-10.1- ཚིག་རྟགས?འདི་རིགས་བོད་ཡིག་ཏུའང་ཇི་བཞིན་དུ་བཀོལ་ན་སྐད་ཆའི་ཉམས་ཐོན་པར་ཕན་ཆེ་ལ། དཔེར་ན།go?ཞེས་པར། འགྲོ?ཞེས་པ་ལས་འགྲོ། ཞེས་བསྒྱུར་ན་དོན་འགྱུར་ཉེན་ཆེ་བས་དེ་ག་དེ་བཞིན་དུ་ཁོལ།
-10.2- ཚིག་རྟགས་.....འདི་རིགས་ལ་བོད་ཡིག་ཏུ་ཚེག་འགའ་གཤིབ་ནས་བྲིས་པས་ཆོག་ལ། It is ...ཞེས་པ་ལ། དེ་ནི་....  ཞེས་པ་ལས་དེ་ནི་་་་་་་ ཞེས་བྲིས་ཚེ་ཚེག་མགོ་དོ་མཉམ་ལ་བོད་རང་གི་ཁྱད་ཆོས་ཀྱང་ལྡན།
-10.3-ཚིག་རྟགས་«»འདི་རིགས་ཀྱང་ཐད་ཀར་བཀོལ་ན་ལེགས་ལ། དཔེར་ན། «Life»ཞེས་པར༼མི་ཚེ༽ཞེས་པ་ལས། «མི་ཚེ»ཞེས་པར་བསྒྱུར་ན་བརྙན་རིས་སུ་འཆར་དུས་མིག་ལ་མཛེས་ཤིང་ཚད་ལྡན་དུ་མཐོང་།
-10.4- ཚིག་རྟགས་!འདི་རིགས་ཀྱང་བོད་ཡིག་ཏུ་བཀོལ་དགོས་ཏེ། དཔེར་ན། Somayyeh!དང་སོང!ཞེས་པ་ལྟ་བུ་ལ། Somayyeh དང་སོང་། ཞེས་བྲིས་ན་སྐབས་བབ་ཀྱི་ཉམས་ཤོར་འགྲོ།
 
<11>ཁ་བརྡའི་ཚེག་བར་བཅུ་ཡན་དུ་ཡོད་ན། \Nརྟགས་འདི་བྲིས་ནས་བསྟར་ཕྲེང་གཉིས་ལ་བགོ་དགོས། དཔེར་ན། ང་དེ་རིང་ཕ་ཡུལ་ལ་ཕྱིར་ལོག་དོན་མི་སུ་གཅིག་གིས་ཀྱང་མི་ཤེས།ཞེས་པ་ལྟ་བུ་ལ། ང་དེ་རིང་ཕ་ཡུལ་ལ་ཕྱིར་ལོག་དོན་\Nམི་གཅིག་གིས་ཀྱང་མི་ཤེས། ཞེས་པར་བྲིས་ན་བརྙན་རིས་སུ་འཆར་དུས་ཀློག་བདེ།
 
<12>བྱ་བྱེད་ཐ་དད་མིན་ལ་མཉམ་འཇོག་དགོས་ཏེ། དཔེར་ན། Move your legཞེས་པ་ལ་རྐང་བ་སྒུལ་དང་། ཟེར་བ་ལས་རྐང་བ་འགུལ་དང་ཞེས་བསྒྱུར་མི་རུང་བ་ཇི་བཞིན་གཞན་དག་ལའང་རིགས་སྒྲེས་ཤིག །
 
<13>ཐ་སྙད་ཁ་ཤས་ཀྱི་བཀོལ་སྟངས།
ཕར་ཕྱོགས་ཀྱི་མི་ཞེས་པ་ལ་ཕ་གིའི་མི་ཟེར་བ་ལྟར་མར་ཕྱོགས་ལ་མ་གི་དང་། ཡར་ཕྱོགས་ལ་ཡ་གི་ཞེས་སྦྱར་ན་ཚིག་ཉུང་ཞིང་དོན་ཇི་བཞིན་སྟོན་ཐུབ།
 
<14>ཨང་གྲངས་བསྒྱུར་སྟངས།
དངུལ་གྱི་ཁ་གྲངས་སོགས་བརྩི་ལུགས་དེ་སྔར་བོད་རང་གི་འགྲོས་དང་བསྟུན་ལ་ལེགས་ཏེ། 1 millionཞེས་པ་ལ་ཁྲི་བརྒྱ་ཟེར་བ་ལས་ས་ཡ་གཅིག་ཞེས་བྲིས་ན་གོ་བདེ་ལ་ཞིབ་ཆ་གཤམ་ལྟར།
གཅིག       1
བཅུ          10
བརྒྱ          100
སྟོང          1000
ཁྲི             10,000
འབུམ       100,000
ས་ཡ         1,000,000
བྱེ་བ         10,000,000
དུང་ཕྱུར   100,000,000 
ལྟར་བོད་རང་གི་བརྩི་ལུགས་སུ་བྱས་ན་འགྲིག
 
<15>བསྒྱུར་དུས་རྒྱ་ཡིག་གི་འགྱུར་མར་ལྟ་བཞིན(སྤྱིར་རྒྱ་འགྱུར་མས་མ་ཡིག་ལ་གོ་བ་བླངས་པ་ཟབ)ཨིན་ཡིག་གི་བརྙན་ཡིག་ནང་བསྒྱུར་ན། གཅིག་ནས་ཨང་སྒྲིག་གི་གནད་དོན་ཐག་གཅོད་ཐུབ་ཅིང་། གཉིས་ནས་ཨིན་ཡིག་ལོག་བསྒྱུར་མི་བྱེད་པས་ལེགས་པོར་མཐོང་།
 

དཔྱད་མཆན་ཡོད།