རྟ་ཕོ་བྷོ་ཇེ་ཁུ། ཚིཌ་དང་པོ།

ནང་དོན་མདོར་བསྡུས།

བརྙན་འཕྲིན་འདི་ནི་སྤྱིར་བཏང་གི་མི་དང་མིའི་གཟུགས་སུ་བསྒྱུར་བའི་སྲོག་ཆགས་མཉམ་དུ་འཚོ་བ་ལྟར་བཀོད་ཡོད་ཅིང་། ཕྱིའི་གཟུགས་ཙམ་ཕུད་མི་དང་སྲོག་ཆགས་ལ་ཁྱད་པར་གང་ཡང་མེད་པ་བྱས་ཡོད། རྟ་མི་བྷོ་ཇེ་ཁུ་ནི་དར་མའི་དུས་ལས་ཡོལ་བའི་རྟ་གྲགས་སྐར་ཞིག་ཡིན་པ་དང་། ཁོ་ལོ་གཞོན་དུས་བརྙན་འཕྲིན་ཟློས་གར《ཧོབ་ཚ་པོའི་རྟའུ》ཞེས་པ་འཁྲབ་སྟེ་རེ་ཞིག་སྐད་གྲགས་ཆོད་མྱོང་ཡོད། ཡིན་ནའང་ད་ལྟ་ཁོ་ནི་དུས་ལས་ཡོལ་བའི་སྐར་མ་ཞིག་ཡིན་ལ་མིའི་རིགས་ཐོ་ཌི་དང་མཉམ་དུLAརུ་གཞིས་ཁང་ཞིག་ཏུ་འཚོ་བ་སྐྱེལ་གྱིན་ཡོད། བསྐྱར་དུ་ཡར་ལངས་ཕྱིར་བྷོ་ཇེ་ཁུ་ཡི་གཉེར་པ་དང་དགའ་རོགས་སྔ་མ་ཡིན་པའི་ཁཱ་རོ་ལེན་གྱིས་བསྐུལ་བ་ལྟར་རང་རྣམ་ཞིག་བརྩམས་ཏེ་མི་མང་གི་མཐོང་སར་འགྲོ་རྒྱུའི་རེ་བ་བཅངས།  འོན་ཏེ་བྷོ་ཇེ་ཁུ་གཅིག་བཤོལ་གཉིས་བཤོལ་གྱིས་འབྲི་མ་ཐུབ་པར་ལུས་པའི་སྐབས། དཔེ་སྐྲུན་ཁང་གིས་ཚབ་འབྲི་མཁན་ཌེ་ཨན་ཁོ་རང་ལ་ངོ་སྤྲོད་བྱས།  བྷོ་ཇེ་ཁུས་ཐེངས་མང་དང་ལེན་མ་བྱས་ཤིང་། མཐར་ཉིན་ཞིག་སྤྲོ་ཚོགས་ཤིག་གི་སྟེང་དུ་ཁོ་དང་ཌེ་ཨན་གཉིས་ངོ་འཕྲད་པ་དང་། མོ་མ་གཞི་རང་གི་ངོ་ཡའི་དྭངས་མ་སྐུ་ཞབས་དམ་འདག་གི་དགའ་རོགས་ཡིན་པ་ཤེས།

དཔྱད་མཆན་ཡོད།