ཚེ་སྲོག

ནང་དོན་མདོར་བསྡུས།

《ཚེ་སྲོག》ནིBBCཡིས་བཟོས་པའི་ལེའུ་བཅུ་ཅན་གྱི་དངོས་ཞུས་བརྙན་འཕྲིན་ཞིག་སྟེ། 2009ལོའི་ཟླ10པའི་ཚེས12ཉིནBBCབརྙན་འཕྲིན་ཁང་ནས་བཏང་བ་རེད། བརྙན་འཕྲིན་འདི་ལོ་བཞིར་བཟོས་ཤིང་ཆ་ཚང་གསལ་ཚད་མཐོ་པོ་ཅན་འབའ་ཞིག་ཡིན། ལེའུ་རེར་སྐར་མ 50 དང་སྐར་མ 10 ཅན་གྱི་བརྙན་བླངས་ཟུར་ཁ་ཞིག་འཕར་མར་བསྣན་པས་ཆ་ཚང་སྐར་མ 60 ཡོད། 《དུས་བབ་གསར་ཤོག》གིས་བསྒྲགས་པ་ལྟར་ན་མུ་འབྲེལ་བརྙན་འཕྲིན་འདིར་ཨིན་སྒོར་ཁྲི་སྟོང་གཅིག་བཏང་བར་བཤད་མོད་བྷི་བྷི་སི་གཞུང་ཕྱོགས་ནས་གྲངས་ཀ་དེར་ར་སྤྲོད་གང་ཡང་བྱས་མེད། 2009ལོ་ནི་སྐྱེ་དངོས་རིག་པ་བ་ཏར་ཝུན་སྐུ་འཁྲུངས་པའི་ལོ་འཁོར་ཉིས་བརྒྱ་ལོན་དུས་ཡིན་ཞིང《སྐྱེ་དངོས་བྱུང་འཕེལ》བརྩམས་པའི་ལོ150པ་ཡིན། དེ་ལ་རྗེས་དྲན་བྱ་ཆེད་བརྙན་འཕྲིན་འདིར་རང་བྱུང་ཁམས་ཀྱི་སྐྱེ་དངོས་རིགས་སྣ་ཚོགས་པ་དང་། དེ་དག་གིས་འཚོ་གནས་ཀྱི་ཆེད་དུ་འཕེལ་འགྱུར་ཅི་རིགས་བྱུང་སྟེ་ནུས་པ་ངོ་མཚར་ཅན་ཡོད་པའི་སྐོར་བསྟན་ཡོད།

དཔྱད་མཆན་ཡོད།