རྒྱུ་སྐར་སའི་གོ་ལ། ཚིཊ་དང་པོ།

ནང་དོན་མདོར་བསྡུས།

  BBCཡིས་དེ་སྔ་དངོས་ཞུས《སྔོ་མདོག་གི་རྒྱུ་སྐར》ཕབ་མྱོང་བའི་བརྙན་ལེན་ཚོགས་པ་བསྐྱར་དུ་བསྡུས་ཏེ་དེ་ལས་འགོངས་པར་མི་ནུས་པའི་དངོས་ཞུས་བརྙན་འཕྲིན་ཕུལ་ཏུ་བྱུང་བ་ཞིག་བསྐྲུན་པ་ནི《རྒྱུ་སྐར་སའི་གོ་ལ》འདི་ཉིད་ཡིན།   ལྷོ་སྣེ་ནས་བྱང་སྣེ་དང་།  ཐིག་དམར་ནས་འཁྱག་ཁུལ་བར། ཧྥེ་གླིང་གི་རྩྭ་ཐང་ནས་ཚ་ཁུལ་ཆར་ནགས་བར་དང་། ཡང་མཐོ་རི་བོའི་སྤོ་ནས་དམའ་རྒྱ་མཚོའི་གཏིང་ལ་ཐུག་གི་བར་གྱི་སྐྱེ་དངོས་བགྲངས་ལས་འདས་པ་ཞིག་གི་རྣམ་པ་ངོ་མཚར་བློ་ཡུལ་ལས་འདས་པ་དག་མི་རྣམས་ཀྱི་མིག་མདུན་དུ་བཤམས་ཡོད།  ང་རང་ཚོསOkavangoཡི་ཤྭ་འོད་ཀྱི་འཕེལ་འགྲིབ་དང་དེའི་ཁོར་ཡུག་ན་གནས་པའི་སྲོག་ཆགས་ཀྱི་འཚོ་གནས་མཐོང་ཡོང་ལ།  མཐོང་དཀོན་པའི་གངས་གཟིག་གིས་ཁ་བའི་ཀློང་དུ་གཟན་ལ་རོལ་བའི་གཟུགས་བརྙན་ཡང་མཐོང་ཐུབ། འཁྱག་རོམ་སྒང་གི་བྱ་ཁྱེའུ་དང་བྱང་སྣེའི་དོམ། མཚོ་གཟིག་སོགས་སྐྱེ་དངོས་སྣ་ཚོགས་ཕན་ཚུན་རྟེན་འབྲེལ་གྱི་རྣམ་པ་ཛ་དྲག་པོ་མཐོང་ཐུབ་ལ།  ཡང་རྒྱ་མཚོའི་གཏིང་གི་མེ་རི་ཁ་ཡི་དྲོད་ཚད་དྲག་པོ་རུ་འཚོ་སྡོད་བྱེད་པའི་སྐྱེ་དངོས་ཁྱད་མཚར་དག་གི་སྣང་བརྙན་ཡང་མཐོང་ཐུབ་པ་རེད། ས་ལྒང་འདིའི་ཡུལ་གྲུ་སོ་སོའི་མཛེས་ལྗོངས་བརྗིད་ལ་ཁྱད་མཚར་བ་དག་གི་རྣམ་པ་མཐོང་ཐུབ་པ་ནི་སྨྲ་མི་དགོས་ཏེ། ཆེས་གཟི་འོད་འབར་བ་དེ་དག་ཕངས་པ་མེད་པར་མིག་མདུན་དུ་བཀྲམས་ཡོད།

      ཚིགས་འདིར་ཁྱོན་ལེའུ ༡༡ ཡོད་ཅིང་དེ་དག་འཕབ་སྐབས་ཨ་རིའི་དམག་ཕྱོགས་ཀྱིས་གསར་གཏོད་བྱས་པའི་མཁའ་དབྱིངས་བརྙན་ལེན་ཆས་སྤྱད་ཡོད་ཅིང་།  སྤྱི་ལེ་གཅིག་གི་ཕ་རོལ་གྱི་དངོས་པོ་ཤིན་ཏུ་གསལ་པོར་འཕབ་ཐུབ་ཀྱི་ཡོད།


དཔྱད་མཆན་ཡོད།